པདྨ་དབང་ཆེན་
མཐོང་རིས་
གསང་སྔགས་ཀྱི་གཞུང་ནས་བཤད་པའི་སྤྱན་རས་གཟིགས་ཁྲོ་བོའི་རྣམ་པར་བསྟན་པ་རྟ་མགྲིན་གྱི་མཚན་གཞན་ཞིག་སྟེ། འདི་ལ་ཡང་རྟ་མགྲིན་དམར་ཆུང་དང་། གསང་སྒྲུབ། ཡང་གསང། ལྕགས་རལ་ཅན་སོགས་མི་འདྲ་བ་མང་དུ་ཡོད་པ་དེ་དག་གི་སྐུ་མདོག་དང་། ཕྱག་མཚན། བཞུགས་སྟངས་སོགས་ཞིབ་པར《རིན་འབྱུང་བརྒྱ་རྩ》དང《ཟུར་བཀལ་བརྒྱ་རྩ》སོགས་ཀྱི་ནང་དུ་གསལ།