པད་དཀར་དམིག
མཐོང་རིས་
པད་དཀར་མིག་ནི་ཁྱབ་འཇུག་གི་མིང་ཡིན། དེ་ཡང་སྔོན་ཁྱབ་འཇུག་གིས་སྦྱིན་བསྲེགས་ཀྱི་ཆེད་དུ་མེ་ཏོག་པད་དཀར་བཙལ་བ་ན་ལྷ་དབང་ཕྱུག་གིས་མེ་ཏོག་མི་མངོན་པར་བྱས་པས་ན་ཁྱབ་འཇུག་གིས་རང་གི་མིག་འབྲས་པད་དཀར་གྱི་ཚབ་ཏུ་སྦྱིན་བསྲེགས་མཛད་པས་ན་པད་དཀར་མིག་ཅེས་གྲགས་སོ།