Jump to content

པཎྜི་ཏ་སངས་རྒྱས་གསང་བ་

ཡོང་ཁུངས་Wikipedia

རྒྱ་གར་གྱི་པན་ཏ་ཞིག་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ཚེའི་སྟོད་ཀྱི་སློབ་མ། བྱ་རྒྱུད་དང། སྤྱོད་རྒྱུད་། རྣལ་འབྱོར་རྒྱུད་གསུམ་ལ་མཁས་པའི་སློབ་དཔོན་ཞིག་ཡིན། རྗེས་སུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ལུང་བསྟན་པ་ལྟར་གངས་ཏི་སེར་ཕེབས་ནས་སྒོམ་སྒྲུབ་མཛད་ཅིང་བཞུགས་སྐབས་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བྲན་ཀ་མུ་ལེ་ཀོ་ཥ་དང་། གཉགས་ཛྙ་ཎ་ཀུ་མ་ར་གཉིས་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་འཚོལ་དུ་བཏང་བ་རྒྱ་གར་དུ་མ་སླེབས་གོང་སློབ་དཔོན་ཁོང་དང་མཇལ་ཏེ་གསང་སྔགས་ཀྱི་ཆོས་དགའ་ཞིག་ཞུས་ནས་བོད་དུ་ལོག་དགོས་བྱུང་། སློབ་དཔོན་འདིའི་ལོ་རྒྱུས་ཞིབ་པར་ཇོ་ནང་ཏ་ར་ནྰ་ཐས་མཛད་པའི<<རྒྱ་གར་ཆོས་འབྱུང་>>ལེའུ་སུམ་ཅུ་པའི་ནང་དུ་གསལ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།