Jump to content

པ་ཚབ་ཉི་མ་གྲགས་

ཡོང་ཁུངས་Wikipedia

རབ་ཆུང་དང་པོའི་ཤིང་ལུག་(༡༠༥༥)ལོར་འཕན་ཡུལ་པ་ཚབ་སྟོད་དུ་འཁྲུངས། གཞོན་ནུའི་དུས་ཁ་ཆེར་བྱོན་ཏེ་སཛྫཱི་ ནའི་སྲས་གཉིས་ལ་སོགས་པའི་པནྜི་ད་མང་པོ་ལས་ཆོས་ལོ་ཉི་ཤུ་རྩ་གསུམ་གསན་སྦྱོང་མཛད། བོད་དུ་ཕེབས་རྗེས་སྤུ་ཧྲེངས་པའི་དགེ་འདུན་སྤྱིས་གྱིས་མཛད་པའི་མཛད་པའི་་མཛོད་ཀྱི་འགྲེལ་པ་བསྒྱུར་བར་ཞུས་པ་བཞིན་བསྒྱུར། འཕན་ཡུལ་དུ་དབུ་མའི་འཆད་ཉན་ལེགས་པར་ཚུགས་ཏེ་སློབ་མ་མང་དུ་བསྐྱངས། སློབ་དཔོན་ཟླ་བས་མཛད་པའི་རྩ་འཇུག་གཞི་གསུམ། རིག་པ་དྲུག་ཅུ་པ་རྣམས་ཀྱི་འགྲེལ་པ་ལེགས་པར་བསྒྱུར། ཕྱིས་ར་མ་ཆེར་པནྜི་ཏ་ན་ཀ་ཝརྨ་དང་ལྷན་ཅིག་ཏུ་ཡུལ་དབུས་ཀྱི་དཔེ་དང་མཐུན་པར་བཅོས། ཡང་སློབ་དཔོན་ཟླ་བས་མཛད་པའི་སྟོང་ཉིད་བདུན་ཅུ་པའི་འགྲེལ་ཆེན་སྔར་ཨ་བྷ་ཡ་དང་། སྣུར་ངྷརྨ་གྲགས་ཀྱིས་བསྒྱུར་བཅོས་པ་དང་། གསང་འདུས་འགྲེལ་པ་སྒྲོན་གསལ་གྱི་བསྒྱུར་བཅོས་ཀྱང་ཡང་དག་པ་མཛད། སདུས་པའི་སྐོར་མང་པོ་བསྒྱུར་བཅོས་ཡང་དག་པ་མཛད། སློབ་མ་རྣམས་ཀྱི་ནང་ནས་གཙང་པར་སྤོས། རྨ་བྱ་བྱང་ཆུབ་ཡེ་ཤེས་། དར་ཡོན་ཏན་གྲགས་ ཞང་ཐང་སག་པ་ཡེ་ཤེས་འབྱུང་གནས་བཅས་ལ་པ་ཚབ་ཀྱི་བུ་བཞིར་གྲགས། དེ་བཞིན་བཙན་ཐང་པ་རྒྱལ་དཔལ་ལ་སོགས་པའི་སློབ་མང་པོ་བྱུ་ཞིང་དབུ་མ་ཤིན་ཏུ་དར་བར་མཛད་པ་བཅས་སོ། །