Jump to content

པ་ཊ་ན་

ཡོང་ཁུངས་Wikipedia

རྒྱ་གར་གྱི་གནས་ཞིག་གི་མིང་སྟེ་སྔོན་གྲོང་ཁྱེར་པ་ཊ་ལི་པུ་ཏྲ་ཞེས་ཟེར་ཞིང་བོད་སྐད་དུ་སྐྱ་ནོར་བུའི་གྲོང་ཁྱེར་བྱ་བ་དེ་ཡིན་ཅིང་། མཁས་དབང་དགེ་ཆོས་རིན་པོ་ཆེའི་གསུང་ལས་ ཤི་ལི་གུ་རི་ནས་རྡོ་རྗེ་གདན་དུ་འོངས་པའི་ལམ་དུ་ཐག་པ་ཌ་ན་ལ་སླེབས། དེ་ནི་ཆོས་རྒྱལ་(ཨ་ཤྭ་ཀ)མྱ་ངན་མེས་ཅེས་བྱ་བ་འཛམ་བུ་གླིང་དུ་མཆོད་རྟེན་བྱེ་བ་བཞེངས་མཁན་དེའི་རྒྱལ་ས་ཡིན། རྒྱལ་པོ་མྱ་ངན་མེད་ཀྱི་ཕོ་གྲང་གི་ཤུལ་དང་གཞན་ཡང་གྲོང་ཁྱེར་གྱི་མུ་ཟིམ་ཁང་གི་ནང་དུ་སྔོན་གྱི་སྐུ་བརྙན་ངོ་མཚར་ཅན་མང་པོ་དང། མྱ་ངན་མེད་ཀྱི་ཕོ་བྲང་གི་ཤུལ་དང་གཞན་ཡང་གྲོང་ཁྱེར་གྱི་མུ་ཟིམ་ཁང་གི་ནང་དུ་སྔོན་གྱི་སྐུ་བརྙན་ངོ་མཚར་ཅན་མང་པོ་དང་། མྱ་ངན་མེད་ཀྱི་བཙུན་མོའི་འདྲ་བརྙན་ཡིན་ནམ་ཟེར་བའི་རྡོ་སྐུ་ཤེལ་ལྟར་འཚེར་བ་ཞིག་ཀྱང་ཡོད།

"https://bo.wikipedia.org/w/index.php?title=པ་ཊ་ན་&oldid=88873"ལས་སླར་རྙེད་སོང།