ཡོང་ཁུངས་Wikipedia

པ 1.བོད་ཡིག་གསལ་བྱེད་བཅུ་གསུམ་པ། འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་མཆུ་དང༌། བྱེད་པ་མཆུ། ནང་གི་རྩོལ་བ་མཆུ་གཉིས་ཕྲད་པ་དང༌། ཕྱིའི་རྩོལ་བ་སྲོག་ཆུང་སྒྲ་མེད། 2.མིང་གཞིའི་ཕོ་ཡིག་ཅིག 3.ཕོ་མཚོན་པར་བྱེད་པའི་བདག་པོའི་སྒྲ་ཞིག་སྟེ།

                   (དཔེར་ན།) རྟ་པ། བོད་པ་ཞེས་པ་ལྟ་བུ།  

4.མིང་མཐའ་ཞིག

                   (དཔེར་ན།)  ཕྱིན་པ། ཤེས་པ། རྐང་པ། སྐྱོབ་པ། རྒྱག་པ། གནོད་པ། དམ་པ་ཞེས་པ་ལྟ་བུ།  

5.གྲངས་ཀྱི་རིམ་པ་སྟོན་བྱེད་ཀྱི་མིང་གི་ཆ་ཤས།

                   (དཔེར་ན།) གསུམ་པ། བཅུ་བདུན་པ། སུམ་ཅུ་པ། ལྔ་བཅུ་པ་ཞེས་པ་ལྟ་བུ།
"https://bo.wikipedia.org/w/index.php?title=པ&oldid=70263"ལས་སླར་རྙེད་སོང།