Jump to content

ནོག་དང་ལྐོག་ཤལ་

ཡོང་ཁུངས་Wikipedia

《འདུལ་བའི་གླེང་འབུམ་》ལས། ནོག་དང་ལྐོག་ཤལ་ནི་རྒྱལ་ཚབ་ཐམས་ཅད་མཁྱེན་པས་བ་ལང་གི་མཚན་ཉིད་ནོག་སོགས་འདུས་པའི་དོན་ལྟག་པར་ཤ་སྤུངས་པ་དང་མགྲིན་པར་པགས་པ་འཕྱང་བ་ཞེས་གསུངས་པར་ལྟར་ནོག་ནི་གཉའ་བའམ་སྐེ་ཚིགས་སྟེང་གི་ཤ་འཐུག་པ་དང། ལྐོག་ཤལ་ནི་མགྲིན་པའི་འོག་གི་པགས་པ་ཐུར་དུ་འཕྱང་བའི་མིང་ཡིན་ནོ་ཞེས་གསུངས་པ་ལྟར་དང། 《ས་སྐྱ་ལེགས་བཤད་》ལས། ནོག་དང་ལྐོག་ཤལ་མེད་ནའང། ཡོ་སོ་ཅན་གྱི་བ་ལང་ཡིན།། ཞེས་པ་ལྟ་བུའོ།།