Jump to content

ནེ་ནེ་ཆོས་ལྡན་བཟང་མོ་

ཡོང་ཁུངས་Wikipedia

ནེ་ནེ་ཆོས་ལྡན་བཟང་མོ་ནི་དུས་རབས་བཅུ་དགུ་པའི་དཀྱིལ་ནས་ཉི་ཤུའི་དཀྱིལ་བར་གྲགས་ཆེ་བའི་རྗེ་བཙུན་མ་ཞིག་ཡིན་ཞིང། ཁོང་གི་འཁྲུངས་ཡུལ་ད་ལྟའི་ཡངས་རི་སྒར་ཤང་ཁོངས་གྲུ་ཕོད་མདོ་སྒང་དུ་ཡིན་པ་དང། སྐུ་ཚེ་རིལ་པོར་སྒྲུབ་ན་མཛད་ཅིང་དགུང་གྲངས་བརྒྱ་ལྷག་ཙམ་བཞུགས། དུས་རབས་ཉི་ཤུའི་ལོ་རབས་བཞི་བཅུ་པའི་ཡས་མས་སུ་དགོངས་པ་ཆོས་དབྱིངས་སུ་ཐིམ། ཞལ་སློབ་དང། ཆོས་འབྲེལ་ཐོབ་པ་ཤིང་ཏུ་མང། དུས་སྐབས་དེར་འབྲི་གུང་གི་ནེ་ནེ་ཆོས་ལྡན་བཟང་མོ་དང་། ཤུགས་གསེབ་ལོ་ཆེན་ཆོས་ཉིད་བཟང་མོ། སྟག་ལུང་གི་ཆོས་དྲུང་མ་བསྟན་འཛིན་ཆོས་ཉིད་དབང་མོ་གསུམ་ནི་ཆོས་ལུགས་ཀྱི་མཚན་སྙན་ཆེ་ཙམ་ཡོད་མཁན་གྱི་བུད་མེད་ཡིན་སྟབས་རྗེ་བཙུན་མ་རྣམ་པ་གསུམ་ཞེས་འབོད་མཁན་ཡང་ཡོད་པ་འདུག