ནུ་མའི་ཆགས་ཚུལ་དང་བྱེད་ནུས་

ཡོང་ཁུངས་Wikipedia

ནུ་མ་ནི་གཙོ་བོ་རྨེན་གཟུགས་དང་འདྲེན་སྦུག སྤྲ་ཚིལ་ཕུང་གྲུབ། ཚོལ་སྣ་ཕུང་གྲུབ་སོགས་ཀྱིས་གྲུབ། ནུ་མའི་རྨེན་གཟུགས་ནི་རྨེན་འདབ་༡༥ནས༢༠ཡིིས་གྲུབ། རྨེན་འདབ་རེ་ལ་དབྱེ་ན་རྨེན་འདབ་ཆུང་བ་འགའ་རེ་ཡོད། རྨེན་འདབ་ཆུང་བ་རེ་ལ་ཡང་རྨེན་ལྦུ༡༠ནས༡༠༠ཡི་གྲུབ། རྨེན་ལྦུ་ནི་འོ་སྦུག་ཆུང་བ་ལ་སྦྲེལ་ཡོད། འོ་སྦུག་ཆུང་བ་མང་པོ་འདུས་ནས་འདབ་ཆུང་བར་གྱི་འོ་སྦུག་འབྱུང་། འདབ་ཆུང་བར་གྱི་འོ་སྦུག་མང་པོ་འདུས་ནས་རྨེན་འདབ་ཆ་ཚང་བའི་རྩ་བ་གཅིག་གི་འོ་རྨེན་སྦུ་གུ་འབྱུང་། མིང་གཞན་ལ་འོ་འདྲེན་སྦུ་གུ་ཟེར། འོ་འདྲེན་སྦུ་གུ་ཡི་རྩ་བ་བསྡོམས་པས༡༢ནས་༢༠དང་། ནུ་མགོ་དཀྱིལ་གནས་བྱས་ནས་འཚེར་བའི་རྣམ་པ་ཅན་ལྟར་ཕྲེང་བསྒྲིགས་ནས་ནུ་འཁོར་ལ་འདུས། འདིའི་ཁ་ནི་ནུ་མགོ་ན་ཡོད། དེ་བས་མིང་ལ་འོ་འདྲེན་ཁུང་བུ་ཡང་ཟེར། འོ་འདྲེན་སྦུ་གུ་ནི་ནུ་མགོའི་ཕྱི་ན་ཅུང་ཁ་དོག་པ་དང་གཏིང་ན་རྒྱས་ནས་ལྡིར་གསུས་ལྟར་གནས་པས། མིང་ལ་འོ་འདྲེན་སྦུག་ཀོང་ཟེར། འདི་ཡིས་འོ་མ་གསོག་ཐུབ། ནུ་མའི་ནང་གི་སྤྲ་ཚིལ་ཕུང་གྲུབ་ལ་ཚིལ་ཐུམ་ཟེར། ཚིལ་ཐུམ་གྱི་སྲ་མཐུག་ནི་རིགས་རྒྱུད་དང་རྒྱུད་འདེད། ལོ་གྲངས། འོ་ལྡུད་སོགས་རྐྱེན་མི་འདྲ་བ་ལས་བྱུང་བའི་བྱེ་བྲག་གི་ཁྱད་པར་ཅུང་ཆེ། སྤྲ་ཚིལ་ཕུང་གྲུབ་ཀྱི་མང་ཉུང་ནི་ནུ་མ་ཆེ་ཆུང་ཐག་གཅོད་པའི་རྐྱེན་གཙོ་བོའི་རིགས་ཤིག་ཡིན། གོང་གི་ཆགས་ཚུལ་ལས་གཞན། ནུ་མ་ལ་ད་དུང་ཁྲག་རྩ་དང་རྨེན་པའི་སྦུ་གུ། རྩ་དཀར་སོགས་འཛོམས་ཡོད། འདི་དག་གིས་ནུ་ལ་བཅུད་ཀྱི་ནུས་པ་དང་བརྗེ་ཚབ་རྒྱུན་སྐྱོང་བའི་ནུས་པ་ཐོན་གྱི་ཡོད། འོ་ལྡུད་ནི་ནུ་མའི་རྩ་བའི་སྐྱེད་ལུགས་ཀྱི་བྱེད་ནུས་ཡིན། ནུ་མ་ཡང་བུད་མེད་ཀྱི་མཚན་རྟགས་གཉིས་པའི་མཚོན་བྱེད་གཙོ་བོ་དང་། ཆགས་པ་སྤྱོད་པའི་སྐབས་སུ་ནུ་མ་ནི་བུད་མེད་ཀྱི་སྐྱེ་འཕེལ་དབང་བོ་ལས་གཞན་ཚོར་བ་ཆེས་སྐྱེན་པའི་དབང་པོ་ཞིག་ཡིན།