Jump to content

ནས་སོན་བུ་ལོན་དུ་བཏང་བའི་བུན་ཡིག

ཡོང་ཁུངས་Wikipedia

འདི་ནི་སྔོན་གྱི་དུས་སུ་ས་བོན་བུ་ལོན་ལ་གཏོང་བའི་སྐོར་གྱི་ཡིག་ཆ་གལ་ཆེན་འགའ་ཡིན་པས་འདིར་མ་ཡིག་ཇི་བཞིན་རིམ་པ་ལྟར་བཀོད་ཡོད་དོ།།

1.༄། ། སྦྲུལ་གི་ལོའི་དཔྱིད། ། སྙིང་ཙོམ་གི་སྡེ་སོང་ཏིག་ཏིག་སྐྱ་ཞིང་དོར་ཕྱེ་དང་གཉིས། ཁམ་ཅུང་ན་མཆིས་པ། 2.དངོས་རྨོ་བའ་རྔོ་མ་ཐོག་ཏེ། འྭང་ཧྭ་ཚེ་དང་ཐུར་ཤས་པྱེད་མར་སྤེད་དེ1། ས་བོན་ནི་བུན་ཁ་ཧྭ་ཚེས་བགྱིས་སྟེ། ས་བོན། 3.རྒྱ་ཤེག2གཉིས་འཚལ་པའ། བུན་ཏང་སྟོན་ཤེག་བཞི་འབུལ་བ་ལ། རྒྱ་ཤེག་གཉིས་སོང་ཏིག་ཏིག་གིས་སྟོན་སླ། 4.འབྲི(འབྲིང)པོ་མགུམ་ཚུན་ཅད3ཀྱིས་བྲེ་པུལ་ཡང་མྱི་ཆད་པར་ཏུག་ཏིག་གིས་ཧྭ་ཚེ་ལ་འབུལ་བར་བགྱིས་ཏེ་རྒྱ་ཤེག 5.གཉིས་གྱི་གཏའ་མ་ཡང་སྒོ་མོ4གཉིས་ཧྭ་ཚོ་འི་སུག་པར་བཞག་པ་ཡང་ཡལ་ཅིང་ནས་ཀྱང་བསྒྱུར་བར། 6.བགྱིས། བརྒྱ་ལ་སོང་ཏིག་མ་མཆིས་སམ། ཕན་ཕུན་དུ་གྱུར་ན་འབུལ་བའི་ཁས་ལེན། དངོས་ཀྱི་མཆིས། 7.སྦྲང5། སེར་ཟ་ཤིག་སམ་ཉང་གིས་མཆིད་ཡིས་འཚལ་བར་བགྱིས་པའི་དཔང་ལ། ཚེའི་ཨིན་དང་ཨིམ། 8.པེའུ་པེའུ། ལ་སྩོགས་པའི་དཔང་རྒྱ་དང་དངོས་དང་ཁས་ལེན་གི་འཛུབ་ཚད་གྱིས་བཏབ་པའ། 1_2 ཁ 1.༄། :། སྦྲུལ་གི་ལོའི་དཔྱིད། ། སྟོང་སར་གྱི་འྭང་ཧྭ་ཚེ་སྒོ་ནས་ལས། ནས་རྒྱ་ཤེག་གཉིས་ཤིག སོང་ཏིག་ཏིག 2.གིས་སྔར་གཡར་དུ་འཚལ་ཏེ། སླར་འབུལ་བའི་དུས་ནི་ལན་འདིའི་སྟོན་སླ་འབྲིང་ངོ་མ་གུམ་ཚུན་ཅད་གྱིས།

1. ༄། :།སྤྲེའུ་གི་ལོའྀ་དབྱར་སླ་ར་བ་ཚེས་བཅུ་བཞིའི་དགུགས་ལ། གཙུག་ལག་ཁང་ཨན་ཀོན་སྀའི། 2.ཆབ་ཏག6ཅང་འགོང་ཙེ་དང་། ཇེའུ་ལིམ་ལིམ་གཉིས་བསུངས་ནས། སྔ་སླད་དུ། ཨན་ཀོག་སྀ་འྀ་ནང་། 3.དུ། ཆབ་ཏག་གྀ ། སྔ་སླད་དུ། ཅང་ཕབ་ལུད་ལ་ཕུབ་འྀ་ཁལ་གྲངས་ལ། །དབྱར་སླ་འབྲིང་པོའྀ་ངོ་ལ། 4.ནས་རྒྱ་ཤེག་གསུམ་དང་བྲེ་དོ། ཅང་ཕབ་ལུད་ལ་ཕུལ། ། དུ་བ་བཏང་བའྀ7གླ། ནས་རྒྱ་བྲེ་དྲུག་ ། སྟོང་ཀུད་གྱྀ ། 5.ཅང་ཤྀ་ལ་གཐད། ། དགེ་འདུན་རྣམས་ཀྱིས། ཨན་པེའུ་ཀེའུ་གྀ་ཡུ་ཁང8དུ་ཡུ་མར་བཙག་པའྀ་གླ་ནས་རྒྱ་བྲེ། 6.བཞྀ། དགེ་འདུན་གྱིས་གཐད་དེ། ཆབ་ཏག་གི་གླར་གཅད་དེ། པེའུ་ཀེའུ། ། ལ་གཐད། །དབྱར་སླ་ཐ་ཆུངས་ཚེས། 7........ལ། །སྦྱང་ཀུན་གྱྀ་དེང་ཙེ་བཞེངས་ཏེ། བླ་སྟོན9བགྱྀས་ནས། ཁྲེ་ཁལ་གསུཾ། ཅང་ཕབ་ལུར་ལ་ནས་ 8..........ར་བ་ཚེས་དགུ་ལ། བམ་སྀ་ནུ། ནས་རྒྱ་ཤེག་དྲུག་འཚལ་ཏེ། བུར་བུན10གྱྀ་རྐྱེན་དུ་འཚལ། །བུར་བུན་གྱི་ 9. རྒྱུ་ཁྲེ་རྒྱ་བྲེ་དོ་། སྀ་ཅུ་དང་ཨི་ཉང་ལ་གཐད། ། རྡུམ་པའི11འཚལ་མ་རྒྱུ་སྔ་སླད་དུ..... 10........ཚལ། བུར་བུན་གྱི་སྟོན་མོ་ལ། ག་གོན12དུ། ནས་རྒྱས་བྲེ་གསུམ། ལུག་རྫི་འཚར་པ་ནས....... 11 ............ཉིས། 12. ༄། :།དབྱར་སླ་འབྲིང་པོ་ལ། ། ཁྲེ་རྒྱ་ཤེག་གཉིས། ཅང་ཕབ་ལུད་ལ་གཐད། །དེ་འ་གྀ་རྗེས་ལ། བང་ཀ་མ 13.ཁྲེ་རྒྱ་བྲེ་ལྔ་འཚལ། ། ལམ་ཆེན་པོའི་དབྱུང་ནས། བན་དེ་སེར་ཤི་ལ་ཞྀང་རིན་དུ་ནས་རྒྱ་བྲེ་ལྔ་གཐད། །

1.ཇུ་ཅང་གི་ཏོ་འགའ་དང་། ཀམ། 2.ཤི་དང་། ཕུ་ཤི་ལ་ལུངས་སྩལ་པའ། ། སྟོན་ཀྱི་དུས་ལ 3.བབ་རྟ་ནི་འཚོ་ནམ་རིང་། སྔ་ལུགས་བཞིན། སོ་ཡི་མྱིག 4.དམ་དུ་སྟོམས་ཤིགས། ། ལུ་ཁུ་ཀུན13གཅིག་ཀྱང་མཁར་ 5.ཕྱི་ནའ། འདུགས་མྱི་གནངས། ཐེབ་འདི་ཕྱི་ན་མ་ཐོགས14དུ་བཅས། 6.འབྲོགས་ན་སོངས་ཤིགས། །མ་སོང་བའ་ཡོད་ནའ། ཏོ་འགའ་དང་། 7.ཀམ་ཤི་དང་། ཕུ་ཤི་ལ་ཆེད་པའ་བཅད། །

1. ། :།ལུག་གི་ལོའི་དཔྱིད། ། ཞང་ལྷ་བཟང་དང་། ། ཞང་.......ལ་སྩོགས་པ་འ་ཁྲམ་སྲུངུར་བཏབ.......... 2.ལའ། །ཚད་སྟོད་གྱི་སྡེ་སྐྱའ་ཙ་ལྷ་བརྩན་ལས། །དགེ་སློང་ཅང་བོན་ཅར་གྱིས་རྟ་གཅིག་མཇལ་ཏེ། སྤུ་རྟགས་དང་མདོ 3.རིས15ལ། །ཕོ་གྭ་སྐྱའ་ལ་མདོ་རིས་ཤིང་ལོ་དང་ཕྱོ་མཁར16་མཆྀས་པ་གཅྀག་མཇད་ཏེ། །རྟ་འདྀ་ལས་ཞལ་མཆུ་གཅེས། 4.འཕྲ17ཇྀ་བྱུང་ཡང་རུང་སྟེ། །ལྷ་བརྩན་མཆྀད་གྱིས་འཚལ་ཞྀང་ཞལ་ཅི་ཆད་མྱི་སྡོད་པར། །རྟ་འདྀའི་མནའ་ལུས་ཀྱི་ཆད། 5.སྐྱན་སྐྱོན18མ་མཆིས་པ་གཅྀག་ཕྲལ་དུ་བན་དེ་བོན་ཅར་བ་ལ་འབུལ་བར་བགྱིས། །རྟ་འདྀ་དབྱར་སྤུ་ཁྲུསྟེ19མདོ་རིས་ལྷག 6.ཆད་ཅིག་མཆྀས་ནའ་དཔང་རྒྱ་ཕྲལ་ལ་བརྗེ་བར་བགྱིས། ། མཇལ་ཙོང་འདི་ལྟར་བགྱིས་པའྀ་འོག་ཏུ་ལོ་བ་ཞྀག་མཆིསྣ། 7.མྱི་ལོ་བ་དམར20སྲང་ལྔ་སྩལད་བར་བགྱིས། བརྒྱའ་ལ་ལྷ་བརྩན་རྗེ་བླས་གྱིས་བཙལ་བམ་གཞྀ་ལ་མ་མཆིས། 8.ནའ། །དམ་གོང21ནས་བྱུང་བ་བཞྀན་མཆྀད་གྱིས་འཚལ་བའྀ་ཁས་ལེན། སྡེ་བ་སྐྱའ་ཙ་ལྡོ་ཛོམ་དང་། འཕན་འདེ་སུ་རྩན། 9.མཆྀད་ཀྱིས་འཚལ་པའྀ་དཔང་ལ། །བློན་ལྷ་བཟང་ལྷ་རྟོན་དང་། །བློན་ལྷ་བཟང་འདོ་ཙེ་དང་། འགོ་ཀོག་ཐོང་དང་། 10.ཇེའུ་སྟག་ལེགས་དང་། ཧྭ་ཧྭ་ཧྭ་དང་། ། འབོམ་སྟག་འཚོ་དང་། །འབོམ་ཞང་སྐྱེས། ལ་སྩོགས་པའྀ་དཔང་རྒྱ་དང་། རྟ་བདག་དང་། 11 .ཁས་ལེན་གྀ་སུག་རྒྱས་བཏབ་པའ། །དཔང་རྙིང་ཡང་བན་དེ་འབོན་ཆར་འཆང་དུ་སྩལད། །

དཀའ་འགྲེལ།

[རྩོམ་སྒྲིག]

1.སྤེད་དེ། སྤོ་བའི་དོན། 2.རྒྱ་ཤེག འདིར་ཤེག་ནི་རྒྱ་སྐད་དུ་ཞེས་པའི་སྐད་དོད་དེ། ཐང་རྒྱལ་རབས་ཀྱི་འཇལ་བྱེད་ཀྱི་ཚད་ཅིག་གི་མིང་ཡིན་ཞིང་། དེང་སང་རྒྱ་སྐད་དུ石སྟེ་ཏན་ཞེས་པ་དང་དོན་གཅིག་པ་དང་། རྒྱ་ཤེད་གང་ནི་རྒྱ་འབོ(斗)བཅུ་ཡིན་སྐད། 3.སྟོན་སླ་འབྲིང་པོ་མགུམ་ཚུན་ཅན། སྟོན་ཟླ་འབྲིང་པོ་མ་འདས་ཚུན་ཆད། ཅེས་པའི་དོན། 4.སྒོ་མོ། སྒོ་ཕྱུགས་ཆེ་བ་མོ་ལ་ཟེར་རམ་སྙམ། 5.མཆིས་སྦྲང་། མཆིས་བྲང་སྟེ་ཆུང་མའི་དོན། 6.ཆབ་ཏག ཆུ་འཐག་གམ་རང་འཐག་གོ ། 7.དུ་བ་བཏང་བ། མེ་བཞག་པའི་དོན། 8.ཡུ་ཁང་། གཡིས་ཁང་དང་གཅིག 9.བླ་སྟོན། སྟོན་མོའི་དོན། 10.བུར་བུན། བུ་རམ་གྱི་བུ་ལོན་ལ་ཟེར་བ་འདྲ། 11 .རྡུམ་པ། ཆད་སོང་བའི་དོན། 12.ག་གོན། ཉུང་མའམ་ཡུང་མ་ཡིན་སྐད་ཀྱང་མ་མངོན་ཏེ་དཔྱད་པར་འཚལ། 13.ལུ་ཁུ་ཀུན། ལུ་གུ་ཀུན་ཏེ་འདིར་ལུག་སྤྱི་ལ་གོ་དགོས། 14.ཐེབ་འདི་ཕྱིན་མ་ཐོགས། བརྡ་འདི་ཕྱིན་མ་ཐག ཅེས་པའི་དོན། 15.ཕྱོ་མཁར། སྤུ་རིས་འཁྱིལ་བ་ལ་ཟེར་སྐད་ཀྱང་ད་དུང་དཔྱད་པར་འཚལ། 17.གཅེས་འཕྲ། ཆེ་ཆུང་ངམ་བཟང་ངན་གྱི་དོན་ཡིན་པ་འདྲ། 18.སྐྱན་སྐྱོན། སྐྱོན་གྱི་དོན། 19.སྤུ་ཁྲུསྟེ། སྤུན་བརྗེ་བའི་དོན་ཡིན་པ་འདྲ། 20.དམར། མར་དང་དོན་གཅིག 21.དམ་གོང་། ད་གོང་དང་དོན་གཅིག