ནར་མ་དཱ་
མཐོང་རིས་
འདི་ཆུ་བོ་སིན་དྷུའི་མིང་གི་མངོན་བརྗོད་དེ། ནར་མ་དཱ་ཞེས་པ་བོད་སྐད་དུ་བསྒྱུར་ན་རྩེད་འཇོའི་ཆུ་ཀླུང་ཟེར། ཆུ་བོ་སིན་དྷུ་ནི་བོད་ཀྱི་གངས་རི་ཏི་སེའི་ནུབ་བྱང་ངོས་ནས་འབབ་པ་ཀསྨིརའི་ཡུལ་གྱི་གཞུང་བརྒྱུད་ནུབ་པ་ཀི་སི་ཐན་གྱི་རྒྱལ་ས་ཁ་ར་ཏྲིའི་བྱང་ཕྱོགས་ནས་ལྷོ་ཕྱོགས་ཀྱི་རྒྱ་མཚོར་འབབ་པ་ཡིན་ཅིང། སྔོན་དུས་སུ་ཆུ་བོ་སིན་དྷུ་འབབ་པའི་ཡུལ་ཁོ་ནར་ཧིན་རྡུའི་ཡུལ་ཟེར་བ་དེང་སང་རྒྱ་གར་གྱི་ཡུལ་སྤྱིའི་མིང་དུ་ཆགས་པ་ཡིན་ཞེས་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་《དེབ་ཐེར་དཀར་པོར་》གསལ།