Jump to content

ནམ་མཁའི་རྒྱལ་པོ་

ཡོང་ཁུངས་Wikipedia
འཕགས་པ་སྤྱན་རས་གཟིགས་ལ་སྐུའི་རྣམ་འགྱུར་མི་འདྲ་བ་མང་དུ་ཡོད་པའི་ནང་ནས་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོ་ནི་རྒྱལ་པོ་སྲོང་བཙན་སྒམ་པོས་ལྷ་ས་གཙུག་ལག་ཁང་གི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་བཞེངས་པ་གནང་རྒྱུའི་ཆེད་དུ་བལ་པོའི་བཟོ་བོ་ལ་བཀའ་གནང་སྟེ་འཇིམ་པ་སོགས་གྲ་སྒྲིག་བྱས་ཟིན་ནས་སང་ཉིན་ལྷ་སྐུ་བཞེངས་རྩིས་བྱས་པའི་སྔ་ནུབ་ཏུ་རང་བྱོན་དུ་ཕེབས་པ་ཡིན་ཞེས་བཤད་སྲོལ་ཡོད་ཅིང་ཐུགས་རྗེ་ཆེན་པོ་བཅུ་གཅག་གི་རྣམ་འགྱུར་དང་ཕྱག་འཚལ་སོགས་ཡོངས་གྲགས་དང་མི་འདྲ་བ་ཞིག་ཡོད།