Jump to content

ནན་ཏུར་

ཡོང་ཁུངས་Wikipedia

མཁས་པའི་དགའ་སྟོན་》ལས། ངན་ལ་ནན་ཏུར་མ་བྱས་ན།། ནམ་ཡང་དྲན་ཤེས་རེམ་མེ་འགྱུར། ཞེས་པ་ལྟ་བུ་དང། ༢.སྡིགས་ཚིག་མིང་སྟེ། 《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། ནན་ཏུར་དང་ནི་ཚར་གཅོད་ཚིག ། བརྒྱད་བཀག་འབར་ཤ་སྡིགས་ཚིག་མིང། ཞེས་དམ་ཞིང་ནན་པའི་སྒོ་ནས་གཅུན་ཐབས་བྱེད་པ་སྟེ་དེ་ལ་རིགས་མི་འདྲ་བ་བཞི་ཡོད། ༡.ཐོག་མར་བསྡིགས་པ་ནན་ཏུར་ཞེས་པ་དྲན་སྐུལ་ཐ་ཚིག་སྒྲོགས་པ། ༢.དེས་ཀྱང་མ་ཉན་ན་སྨད་པ་ནན་ཏུར་ཞེས་པ་མང་པོ་ཚོགས་པའི་དབུས་སུ་གཤེ་གཤེ་གཏོང་བ། ༣.དེས་ཀྱང་མ་ཕན་ན་བསྐྲད་པ་ནན་ཏུར་ཞེས་པ་རང་ཡུལ་དུ་གནས་མ་བཅུག་པར་རྒྱང་རིང་ས་གནས་སུ་ཕུད་པ་བཅས་ཡིན་པར་《འདུལ་བའི་གཞུང》རྣམས་ལས་གསལ།