Jump to content

ནད་རིགས་བཞི་བརྒྱ་རྩ་བཞི་

ཡོང་ཁུངས་Wikipedia

༡.སྨན་རྒྱུད་ཙ་ར་ཀ་ལས། བརྒྱ་དང་གཅིག་ནི་ཀུན་བརྟགས་གདོན་གྱི་ནད།། བརྒྱ་དང་གཅིག་ནི་འཕྲལ་བྱུང་རྐྱེན་གྱི་ནད།། བརྒྱ་དང་གཅིག་ནི་འབྱུང་དུས་གཞིའི་ནད།། བརྒྱ་དང་གཅིག་ནི་སྔོན་བྱུང་རང་བཞིན་སྔོན་གྱི་ནད་ཅེས་པའོ།། ༢.རླུང་གི་ནད་རིགས་བརྒྱ་དང་གཅིག མཁྲིས་པའི་ནད་རིགས་བརྒྱ་དང་གཅིག བད་ཀན་ནད་རིགས་བརྒྱ་དང་གཅིག ལྡན་འདུས་ནད་རིགས་བརྒྱ་དང་གཅིག ལྡན་འདུས་ནད་རིགས་བརྒྱ་དང་གཅིག་གོ།། ༣.《མ་ཎི་བཀའ་འབུམ་》ལས། ནད་ཀྱི་ཉི་བའི་རྒྱུ་འབྱུང་བའི་བཞི་སྟེ་འབྱུང་བ་བཞི་ལས་ནད་བཞི་བརྒྱ་རྩ་བཞི་སྐྱེ་སྟེ། ཞེ་སྟང་ལས་མེ། གཏི་མུག་ལས་ས། ས་ལས་བད་ཀན། བད་ཀན་ལས་གྱུར་པ་བརྒྱ་རྩ་གཅིག ཕྲག་དོག་ལས་རླུང། རླུང་ལས་གྱུར་པ་བརྒྱ་རྩ་གཅིག འདོད་ཆགས་ལས་ཆུ། ཆུ་ལས་འདུས་པ། འདུས་པ་ལས་གྱུར་པ་བརྒྱ་རྩ་གཅིག ནད་བཞི་བརྒྱ་རྩ་བཞི་པོ་དེས་འབྱུང་བ་ཆ་མ་སྙོམས་པས་ལུས་ན་བར་བྱེད་དོ།།