ནང་སོ་ནོར་བུ་
མཐོང་རིས་
སྟོད་ལུང་རྒྱ་ལེར་འཁྲུངས་པའི་སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱི་སྐུ་མཆེད་ཡིན་པའི་ནང་སོ་ནོར་བུ་ནི་གཡོ་ཁྲམ་ཆེ་ཞིང་ཧམ་སེམས་ཅན་ཞིག་ཡིན་འདུག ནོར་བུས་དགའ་ལྡན་ཕོ་བྲང་པའི་ལས་སྣེ་བཟུང་སྟེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་བཞེད་པ་དང་མི་མཐུན་པའི་བྱ་བ་མང་པོ་བྱས་པ་ཐོག་རང་ཉིད་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་འཁྲུངས་ཁང་གད་ཁ་གསར་པའི་གོ་མག་ཡིན་པ་དེ་བེད་སྤྱད་ནས་འབྲས་སྤུངས་གཟིམ་ཁང་གོང་གི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཚད་པས་སྙུན་པའི་སྐབས་དང་སྟུན་ཏེ་གྲགས་རྒྱན་མགྲིན་པར་དར་རྫོང་བརྒྱབ་ནས་སྐུ་བཀྲོངས་པ་དང་སྟོད་དུ་ཕྱིན་ནས་ཟིང་ཆ་བསླངས་པ་སོགས་བྱས་མཐར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་རྒྱབ་གཏོད་བྱས་ནས་འབྲུག་ཡུལ་དུ་བྲོས། ནང་སོ་ནོར་བུའི་བྱེད་སྟངས་ངན་པ་རྣམས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རྣམ་ཐར་དུ་གསལ།