Jump to content

ནང་མཆོད་རཀྟའི་རྩ་བ་བརྒྱད་

ཡོང་ཁུངས་Wikipedia
ནང་མཆོད་རཀྟའི་དབྱེ་བ་ལ་རྩ་བ་ཡན་ལག་སུམ་ཅུ་རྩ་ལྔ་ཡོད། དེའི་ཡན་ལག་གྲངས་ལས་འདས་པར་བཤད་དེ། དེ་ལ་རྩ་བ་བརྒྱད་ནི། ༡.ཡབ་ཀྱི་སྣ་གཡས་པའི་རཀྟ། ༢.ཡུམ་གྱི་པདྨའི་རཀྟ། ༣.སྲིད་པ་ཆགས་པའི་ལྟེ་ཁྲག ༤.གཡུལ་དུ་བསད་པའི་དཔའ་བོའི་སྙིང་ཁྲག་སྟེ་ནང་གི་རྩ་བ་བཞི་དང། ༥.སྟག་གཟིག་ལ་སོགས་གཅན་གཟན་གྱི་ཁྲག ༦.བྱ་རྒོད་ལ་སོགས་འདབ་ཆགས་ཀྱི་ཁྲག ༧.རྟ་བོང་ལ་སོགས་རྨིག་ཟླུམ་གྱི་ཁྲག ༨.གཡག་སོགས་རྨིག་བྲག་གི་ཁྲག་སྟེ་ཕྱིའི་རྩ་བ་བཞི་དང་བརྒྱད་དོ།