Jump to content

ནང་ཁྲལ་

ཡོང་ཁུངས་Wikipedia

ཁྲལ་པ་ཚོས་དགོན་པ་དང་སྒེར་པ་སྐུ་དྲག་ཁག་གི་གཞིས་ཀར་རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་རྒྱུག་པར་ནང་ཁྲལ་ཟེར། ནང་ཁྲལ་ཁོངས་ཀྱི་འུ་ལག་དེ་ས་གནས་སོ་སོའི་གནས་ཚུལ་མི་འདྲ་བའི་སྟབས་ཀྱིས་འུ་ལག་སྐུལ་ཕྱོགས་ཀྱང་མི་མཚུངས། སྤྱིར་ན་འུ་ལག་ག་ཁྲལ་རིགས་རྣམ་པ་ཆེ་བ་གཉིས་སུ་དབྱེ་ཆོག གཅིག་ནི་གཞིས་ཀའི་ཕྱག་འདེབས་ས་ཞིང་རྨོ་འདེབས་དང་། གཞིས་ཀའི་ཨར་པོ་རྒྱུག་རྒྱུ། ཞིང་ལས་ཡོ་བྱད་ཉམས་གསོ། སྤུན་དོག་འཁེལ་རྒྱུ། ཆུ་ལེན་རྒྱུ། བུད་ཤིང་གཤག་རྒྱུ། ཕྱུགས་འཚོ་རྒྱུ། རྔོ་འཐག་རྒྱག་རྒྱུ། རྩམ་ཕྱེ་འཐག་རྒྱུ། ཀོ་བ་མཉེ་རྒྱུ། སྣུམ་བཙིར་རྒྱུ། སྒྱེ་མོ་འཐག་རྒྱུ་བཅས་ཀྱི་འུ་ལག་དང། ཅིག་ཤོས་ནི་གཞིས་ཀའི་སྐྱེལ་འདྲེན་དང། ས་ཐག་ཉེ་འགྱངས་ཁག་ལ་བང་ཆེན་དུ་འགྲོ་དགོས་པ་སོགས་ཡིན།