ནགས་ཆུ་དགོན།

ཡོང་ཁུངས་Wikipedia

ནགས་ཆུ་དགོན་ནི་རྙིང་མའི་དགོན་ཆུང་རི་ཁྲོད་ལྟ་བུ་ཞིག་ཡིན། བོད་དུ་རྒྱ་མི་མ་འབྱོར་བའི་སྔོན་ནས་ཉམས་ཟིན། ད་ལྟ་ཤུལ་རྗེས་ཀྱི་གྱང་ཧྲལ་ཙམ་ལས་མེད། དེའི་ལོ་རྒྱུས་ཞིབ་པ་སུ་ལ་ཡང་བཤད་རྒྱུ་མེད། གཙང་གུང་ཐང་བླ་མ་ཞེས་པའི་གྲུབ་ཐོབ་དགུང་ལོ་བརྒྱ་དང་ལྔ་བཅུ་བཞུགས་པར་བཤད་པ་དེ་ཕ་ཡུལ་ལ་ཡོད་དུས་དགོན་པ་འདི་རུ་ཆོས་ཞུགས་མཛད་མྱོང་བར་གྲགས། དགོན་པ་ཆགས་ས་ནི་སྤུན་གསུམ་ཡུལ་ཚོའི་ཁོངས་གནས་གཞི་དང་བྱིའུ་ལྟོ་ཞེས་པའི་གྲོང་གཉིས་ཀྱི་བར་རི་རྩེའི་ནགས་གསེབ་ཏུ་ཡིན་ནོ། །རོང་བན། ༠༦:༠༡, ༢ ཟླ་བདུན་པ། ༢༠༡༡ (UTC)