ནག་པོ་སྐལ་བཟང་།

ཡོང་ཁུངས་Wikipedia
རྩོམ་པ་པོ་མདོར་བསྡུས།
སྐྱེས་འདས་ལོ། ༡༩༥༥ལོ—༢༠༡༨.༤.༣ཉིན
འཁྲུངས་ཡུལ རེབ་གོང་གླིང་རྒྱ་གོང་མ་སྡེ་བ
མཐར་ཕྱིན་སློབ་གླིང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ
ལས་འགན་ལོ་རྒྱུས མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་གངས་རྒྱན་ན་ཆུང་ཚགས་པར་རྩོམ་སྒྲིག་པ
བོད་ཡིག་བརྩམས་ཆོས འདྲེ་སྒྲུང་སྒྲུང་ཐུང་༼བྲེད་ཤ་ལངས་བའི་མཚར་གཏམ།༽ དྲག་རྩལ་སྒྲུང་རིང་༼ཀླུ་འབུམ་མི་རྒོད༽

རིགས་པ་ཕུ་འདེད་ཀྱི་སྒྲུང་༼དམྱལ་ཟངས་ནང་ན་ཀུ་རེ་མེད༽

རྒྱ་ཡིག་བརྩམས་ཆོས བོད་མིའི་བྱུང་བ་བརྗོད་པ། བོད་ཀྱི་མི་གྲངས། གླིང་རྗེ་གེ་སར་རྒྱལ་བོ་དང་གླིང་རྗེ་གེ་སར་རྒྱལ་བོ་དང་

གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་། བོད་བརྒྱུད་ནང་བསྟན་ལྷ་རིས་སྒྱུ་རྩལ

ནང་དོན[རྩོམ་སྒྲིག]

ནག་པོ་སྐལ་བཟང་ལགས་༼༡༩༥༥ལོར་ནས༢༠༡༨༽ནི་སྤྱི་ལོ་༡༩༥༥ལོར་རེབ་གོང་གླིང་རྒྱ་གོང་མ་ཞེས་པའི་སྡེ་གྲོང་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་བོད་རྒྱའི་སློབ་གྲྭར་འགྲིམས་མྱོང་ཡོད་པ་དང་། ༡༩༨༢་ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་མཐར་ཕྱིན། དེ་ནས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་གངས་རྒྱན་ན་ཆུང་ཚགས་པར་རྩོམ་སྒྲིག་པའི་ཕྱག་ལས་གནང་།

ཁོང་གི་བོད་ཡིག་ཏུ་བརྩམས་ཆོས་ནི་འདྲེ་སྒྲུང་སྒྲུང་ཐུང་བྲེད་ཤ་ལངས་བའི་མཚར་གཏམ། བོད་ཐོག་མའི་དྲག་རྩལ་སྒྲུང་རིང་ཀླུ་འབུམ་མི་རྒོད། རིགས་པ་ཕུ་འདེད་ཀྱི་སྒྲུང་དམྱལ་ཟངས་ནང་ན་ཀུ་རེ་མེད་ཅེས་པ་སྐད་གྲགས་ཆེ་ཞིང་ཁྱོན་ཡོངས་ནས་དགའ་བསུ་ཐོབ། རྒྱ་ཡིག་ཏུ་བརྩམས་པའི་བོད་མིའི་བྱུང་བ་བརྗོད་པ་དང་། བོད་ཀྱི་མི་གྲངས། གླིང་རྗེ་གེ་སར་རྒྱལ་བོ་དང་གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་སོགས་ལ་རྒྱ་ནག་རྒྱ་ཡོངས་ནས་ཕུལ་བྱུང་བྱ་དགའ་ཐོབ། དེ་མིན་རྒྱ་ཡིག་དང་བོད་ཡིག་སྦྲགས་མ་བྱས་ཏེ་བརྩམས་པའི་བོད་བརྒྱུད་ནང་བསྟན་ལྷ་རིས་སྒྱུ་རྩལ་ལ་རྒྱ་ནག་རྒྱལ་ཡོངས་ནས་བྱ་དགའ་ཨང་དང་པོ་ཐོབ། བོད་ཀྱི་ལྷ་རིས་ཐིག་རྩལ་ལ་རྒྱ་ནག་རྒྱལ་ཡོངས་བྱ་དགའ་ཨང་གསུམ་ཐོབ།

༢༠༡༨ལོར་ཟླ་༤་བའི་ཚེ་༣་ཉིན་ཁོང་རང་གི་ཕ་ཡུལ་རེབ་གོང་དུ་སྐུ་གྲོངས།