ན་རོ་པའི་གདམས་ངག་
མཐོང་རིས་
(ནཱ་རོ་ཆོས་དྲུག་)རྒྱ་གར་གྱི་པཎ་ཆེན་ནཱ་རོ་ཏ་པ་ནས་བརྒྱུད་པའི་གདམས་པ་ནཱ་རོ་ཆོས་དྲུག་ནི། རྩ་བ་གསུམ་དང་ཡན་ལག་གསུམ་སྟེ་དྲུག་དང་པོ་རྩ་བ་གསུམ་ནི། ༡.མ་རྒྱུད་ཀྱཻ་རྡོར་དང་བདེ་མཆོག་ནས་བཤད་པའི་གཏུམ་མོ།། ༢.ཕ་རྒྱུད་གསང་བ་འདུས་པ་ནས་བཤད་པའི་སྒྱུ་ལུས།༣.དེ་ནས་བཤད་པའི་འོད་གསལ་བཅས་དང་། གཉིས་པ་ཡན་ལག་གསུམ་ནི། ༡.མ་རྒྱུད་གདན་བཞི་ནས་བཤད་པའི་འཕོ་བ།༢.དེ་ནས་བཤད་པའི་གྲོང་འཇུག ༣.བར་དོའི་གདམས་ངག་བཅས་ཡིན་པས་དེ་རྣམས་ལ་བཀའ་རྒྱུད་པའི་བླ་མ་གོང་མ་རྣམས་ཀྱིས་མིང་འདོགས་འདི་ལྟར་མཛད་དེ། ༡.གཏུམ་མོ་བདེ་དྲོད་རང་འབར། ༢.སྒྱུ་ལུས་ཆགས་སྡང་རང་གྲོལ། ༣.རྨི་ལམ་ཉིང་འཁྲུལ་རང་དག ༤.འོད་གསལ་གཏི་མུག་རང་སངས། ༥.འཕོ་བ་མ་བསྒོམ་སངས་རྒྱས། ༦.བར་དོ་རྒྱལ་བ་ལོངས་སྐུ་བཅས་དྲུག་ཡིན་གསུང་སྲོལ་འདུག ཆོས་དྲུག་འདྲེན་ལུགས་ཡང་གཅིག་ནི་གཏུམ་མོ། སྒྱུ་ལུས། འོད་གསལ། ཟུང་འཇུག གྲོང་འཇུག འཕོ་བ་སྟེ་དྲུག་གོ།