ན་ཙི་སྐྱིད་སྡུག་ཚོགས་པའི་དར་ཆ་

ཡོང་ཁུངས་Wikipedia

འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་འཇར་མན་སྲིད་ཀྱི་དབུ་འཛིན་ཧེ་ཐི་ལིས། རང་གི་སྐྱིད་སྡུག་ཚོགས་ནཱ་ཙི་སྟེ་རྒྱལ་ཁབ་སྤྱི་ཚོགས་ཀྱི་སྐྱིད་སྡུག་ཚོགས་པ་ལ་ཆེད་དུ་བཟོས་པའི་དར་ཆ། ༡༩༢༠ལོ་ནས་སྐྱིད་སྡུག་ཚོགས་པའི་དར་ཆ་རུ་གཏན་འཁེལ།

སྐྱིད་སྡུག་དར་རྟགས་ཀྱི་ཕྱི་མ།[རྩོམ་སྒྲིག]

དེ་ནི་གཡུང་དྲུང་ཞིག་གི་གཟུགས་སུ་ཡོད་པ། ཁ་ཤས་ཀྱིས་ཆོས་ཚོགས་ཀྱི་དར་ཆ་གཡུང་དྲུང་ལས་དཔེ་བསླང་ནས་བཟོས་སྐད། གང་ལྟར་ག་རེ་ཡིན་ནའང་། ན་ཙིའི་ཡོངས་གྲག་གི་མེས་པོ་ཡ་རི་ཨེན་མི་རིགས་ཀྱིས་གནའ་སྔ་མོ་རུ་གཡུང་དྲུང་གིས་རྟགས་དེ་འདྲ་ཞིག་བེད་སྤྱོད་གཏོང་སྐད། ཕྱིས་ཀྱི་སངས་ཆོས་ཀྱི་གཡུང་དྲུང་དང་བོན་ཆོས་ཀྱི་གཡུང་དྲུང་གཡས་བསྐོར་གཡོན་བསྐོར་གྱི་ཁྱད་མ་གཏོགས། གཞི་རྩ་ནས་གཅིག་པ་རེད།

གསལ་བྱེད་འདུས་ནས་ཡོང་བ།[རྩོམ་སྒྲིག]

ན་ཙི་ཞེས་པ་ནི་འཇར་མན་སྐད་དུ། རྒྱལ་ཁབ་སྤྱི་ཚོགས་ཞེས་པའི་དོན་རེད། ད་དུང་། འཇར་མན་སྐད་དུ། རྒྱལ་ཁབ་དང་སྤྱི་ཚོགས་གཉིས་ཀྱི་གསལ་བྱེད་དང་པོ་གཉིས་ག་Sཡིན་དུས། དེ་གཉིས་རུག་འདུས་པའི་Xཡི་ཁ་བསྐོང་ནས་གཡུང་དྲུང་ཞིག་ཆགས། གཡུང་དུང་དེ་གཡས་སྐོར་ཏུ་༤༥རྒྱབ་པས། ན་ཙི་སྐྱིད་སྡུག་ཚོགས་པའི་རྟགས་དར་རེད།

ཆོས་ཁང་གི་གྱང་འདེབས་སོགས་ནས་ཡོང་བ།[རྩོམ་སྒྲིག]

ཨ་རིའི་རིག་པ་བ་རོ་ཧྥོ་ཐེ་ཧྥིད་ཨེན་གྱིས་བཤད་པ་ལྟར་ན། ཧེ་ཐི་ལེ་ཆུང་དུས། ཁོའི་ཉེ་འགྲམ་དུ་ཆོས་ཁང་ཞིག་ཡོད་པ་ལ། དེའི་གྱང་འདེབས་དང་ཁྲོམ་ཁ། ད་དུང་ཆོས་དཔོན་ཀྱི་ཆོས་གོས་ཀྱི་གོ་ངའི་སྒང་དུ་གཡུང་དུང་གི་རྟགས་དེ་བཀོད་ཡོད་པས། ཧེ་ཐི་ལེ་ཁོ་རང་ཆོས་དཔོན་གྱི་གོ་གནས་དང་དབང་ཤུགས་ལ་ཤིན་ཏུ་མོས་ནས། རྗེས་སུ་རྟགས་དེ་ཏང་དར་དུ་གཏེན་འཁེལ་བ་རེད་ཟེར།

འཕགས་ཁང་གསར་གྱི་རྟ་པ་རུ་ཚོགས་ལས་ཡོང་བ།[རྩོམ་སྒྲིག]

བཤད་རྒྱུན་གཞན་ཞིག་ནི། མིང་དུ་འཕགས་ཁང་གསར་གྱི་རྟ་པ་རུ་ཚོགས་ཟེར་བའི་ཡ་ཧུ་ད་པ་ལ་རྒོལ་མཁན་གྱི་ཚོགས་པ་ཞིག་གིས། ཡ་རི་ཨན་ནི་རིགས་རྒྱུད་ཤིན་ཏུ་བཟང་བའི་མི་རིགས་ཤིག་ཡིན་པས། ངེས་པར་དུ། གཞན་པའི་རིགས་རྒྱུད་བཀྱུས་མ་དང་མ་འདྲེས་རྒྱུད་གཙང་མ་ཡོང་ཐབས་བྱ་དགོས་ཞེས་ཟེར་བ་ལ། ཧེ་ཐི་ལེའི་ལྟ་བ་དང་ཡོངས་སུ་མཐུན། ཚོགས་པ་དེ་བཙུགས་མཁན་ནི་ཆོས་སྤེལ་མཁན་ཞིག་ཡིན་པ་མ་ཟད། གནམ་རིག་མཁས་པ་ཞིག་ཀྱང་ཡིན་སྐད། དེས་ཧེ་ཐི་ལེ་ལ་མོ་བཏབས་ནས་རྗེས་སུ་ཁྱོད་རང་འཛམ་གླིང་ཐོག་སྐད་གྲགས་ཆོད་ངེས་རེད་ཅེས་ཟེར་བས། ཏང་དར་མཆར་བཀོད་བྱེད་དུས། ཚོགས་པ་དེའི་ཚོགས་དར་གཡུང་དྲུང་ཁོ་རང་གི་སྐྱིད་སྡུག་ཚོགས་པའི་གི་རྟགས་དར་དུ་བཟོས་པ་རེད་ཟེར།

རྟགས་དར་གྱི་མཚོན་དོན།[རྩོམ་སྒྲིག]

སྤྱིའི་ཚོས་གཞི་དམར་པོས། ན་ཙི་སྐྱིད་སྡུག་ཚོགས་པའི་ལས་འགུལ་མཚོན་པ་དང་། དེའི་ནང་གི་གོར་མོའི་དབྱིབས་ཀྱི་ཚོས་གཞི་དཀར་པོས་མི་རིགས་རིང་ལུགས་མཚོན། དཀྱིལ་གྱི་གཡུང་གྲུང་ནག་པོས་ཡ་རི་ཨན་མི་རིགས་ཀྱི་འཐབ་རྩོད་མཚོན་པ་བཅས་སོ།