ན་བཟའ་རྡ་ཀོ་ཚོན་ཁྲ་
མཐོང་རིས་
དེ་སྔོན་བོད་ས་གནས་སྲིད་གཞུང་གི་དཔོན་རིགས་རྩེ་དྲུང་གོ་གནས་མཐོ་གྲས་ཏཱ་བླ་མ་དང་ཛ་སག་གི་གོ་གནས་ཡོད་པ་རྣམས་ཀྱིས་གྲྭ་ཆས་སྟེང་དུ་གྱོན་པའི་ཕུ་ཐུང་ཅན་གྱི་གོས་ཤིག་ལ། རྒྱ་སྐད་དུ་ཏཱ་བཀྭའ་ཙེའམ་(大褂子)ཡང་ན་རྨ་བཀའ་ཙི་ཟེར་བ་དེ་ཡིན། དེ་ལ་ཚོས་གཞི་སེར་པོ་སེར་རྐྱང་དང་། སེར་པོ་ཚོན་ཁྲ་ཞིག་གཉིས་ཡོད།