Jump to content

དྲེན་ཆེན་

ཡོང་ཁུངས་Wikipedia

འདྲེ་ཆེན་ནི་ནང་པའི་གཞུང་ནས་བདག་གཅེས་འཛིན་དང་བདག་འཛིན་གྱི་དཔེ་བརྗོད་དུ་བཀོད་པའི་མིང་ཚིག་ཅིག་ཡིན་ནོ། །སྤྱིར་འདྲེ་ཞེས་པ་ནི་གནོད་བྱེད་ཀྱི་སེམས་ཅན་ཞིག་ལ་གོ་མོད། འདིར་འདྲེ་ཆེན་ཞེས་པ་ནི་ཕྱིའི་འདྲེ་གདོན་ལ་མི་གོ་བར་ནང་གི་བདག་འཛིན་གྱི་རྣམ་རྟོག་ལ་དཔེ་བརྗོད་དུ་གསུངས་པ་ཡིན་ནོ། །

བདག་གཅེས་འཛིན་འདྲེ་ཆེན་དུ་བསྟན་པ།

[རྩོམ་སྒྲིག]

བདག་གཅེས་པར་འཛིན་པ་ནི་མི་འདོད་པ་ཐམས་ཅད་ཀྱི་རྩ་བ་ཡིན་པར་གསུངས་ཏེ། "མི་འདོད་པ་ཐམས་ཅད་བསྐྱེད་པའི་བདག་གཅེས་འཛིན་གྱི་འདྲེ་ཆེན་དེས་ཀོ་སྟེ་དེས་ནི་བདག་ལ་ཅི་ཞིག་བྱ་ནན་གྱིས་སྤང་བར་བྱའོ། །"[]ཞེས་གསུངས་པ་ལྟར། བདག་གཅེས་འཛིན་གྱིས་འཇིག་རྟེན་འདི་དང་ཕྱི་མ་གཉིས་ཀར་སྡུག་བསྔལ་སྣ་ཚོགས་བསྐྱེད་པར་བྱེད་པས་འདྲེ་ཆེན་དུ་བཏགས་པ་ཡིན་ནོ། །"བདག་གཅེས་འཛིན་དོར་ཏེ་གཞན་གཅེས་འཛིན་གོམས་པར་མ་བྱས་ན་འཇིག་རྟེན་ཕ་རོལ་གྱི་ཉེས་དམིགས་ཕར་ཞོག་གི་ཚེ་འདིར་ཡང་བྲན་གཡོག་ལས་མི་བྱེད་པ་དང༌། རྗེ་དཔོན་ལས་བྱས་པ་ལ་རྔན་པ་མི་སྟེར་བའི་ཚེ་འདིའི་དོན་ཡང་འགྲུབ་པར་མི་འགྱུར་རོ། །"[]ཞེས་གསུངས་པ་ལྟར་བདག་གཅེས་འཛིན་གྱི་བློ་དེ་ཚེ་འདི་དང་ཕྱི་མ་གཉིས་ཀའི་བདེ་སྐྱིད་འཇོམས་པའི་དགྲ་བོ་ཡིན་པས་འདྲེ་ཆེན་དུ་བཏགས་སོ། །གཞན་ཡང་། "མི་འདོད་པ་ཐམས་ཅད་བསྐྱེད་པའི་བདག་གཅེས་འཛིན་གྱི་འདྲེ་ཆེན་དེས་ཀོ་སྟེ་དེས་ནི་བདག་ལ་ཅི་ཞིག་བྱ་ནན་གྱིས་སྤང་བར་བྱའོ། །"[]ཞེས་པས་བདག་གཅེས་འཛིན་གྱི་བློ་དེ་མི་འདོད་པའི་སྡུག་བསྔལ་ཐམས་ཅད་སྐྱེད་པའི་རྒྱུ་ཡིན་པས་འདྲེ་ཆེན་ཞེས་བརྗོད་དོ། །"གནོད་པ་ཐམས་ཅད་བྱེད་པ་ཡི་འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ་སྟེ་དེ་སྤོངས་ཤིག །"[]ཅེས་བདག་གཅེས་འཛིན་ལ་འདྲེ་ཆེན་གྱི་མིང་གིས་བཏགས་ཏེ། དེས་རང་གཞན་ཐམས་ཅད་ལ་གནོད་པ་བྱེད་པའི་རྒྱུ་མཚན་གྱིས་སྤང་དགོས་པར་གསུངས་སོ། །

བདག་འཛིན་འདྲེ་ཆེན་དུ་བསྟན་པ།

[རྩོམ་སྒྲིག]

འཁོར་བའི་རྩ་བ་བདག་འཛིན། བདག་འཛིན་ནི་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཡིན་པས་འདྲེ་ཆེན་དུ་གསུངས་ཏེ། "འདི་ཕྱི་ཀུན་ཏུ་ཕུང་བར་བྱེད་པའི་འདྲེ་ཆེན་པོ་བདག་འཛིན་དེས་ཀོ་བདག་ལ་ཅི་ཞིག་བྱ་སྟེ་དགོས་པ་ཅི་ཡང་མེད་དོ། །"[]ཞེས་གསུངས་སོ། །

འདྲེ་གདོན་ཐམས་ཅད་ཀྱི་འབྱུང་གནས། "ཁམས་གསུམ་འཁོར་བའི་འདྲེ་བོ་ཆེ་ཡང་འདི་ཉིད་ཡིན་ལ་འདྲེ་གདོན་ཐམས་ཅད་ཀྱི་འབྱུང་གནས་ཀྱང་ཡིན་ནོ། །"[]ཞེས་གསུངས་པ་ལྟར། བདག་འཛིན་ནི་ཕྱིའི་འདྲེ་གདོན་ཐམས་ཅད་ཀྱི་རྩ་བ་ཡང་ཡིན་པར་བསྟན་ནོ། །

འདྲེ་ཆེན་སྤང་དགོས་པའི་རྒྱུ་མཚན།

[རྩོམ་སྒྲིག]

སྡུག་བསྔལ་གྱི་རྩ་བ། "འཇི༷ག་རྟེན༷་འཁོར་བ་དག༷་ན༷་གཞན་གྱི་གནོད་པ་ལ་སོགས་པའི་འཚེ༷་བ༷་ག༷ང་ཡོ༷ད་པ་ད༷ང་དགྲ་གདོན་དང་དུག་སྦྲུལ་ལ་སོགས་པའི་འཇི༷གས་པ་ཇི་ཡོད་དང༷༌། སྐྱེ་རྒ་ན་འཆི་ལ་སོགས་པ་འདི་དང་ཕྱི་མའི་སྡུག༷་བསྔལ༷་གང་ཇི༷་སྙེད༷་ཡོ༷ད་པར་གྱུར༷་པ༷་དེ༷་དག་ཀུན༷་གྱི་རྩ་བ་ང་མེད་ལ་ང་བདག་མེད་ལ་བདག་ཏུ༷་འཛི༷ན་པ༷་ལ༷ས་བྱུང༷་བར་གྱུར་པ་ཡིན་ན༷་"[]ཞེས་འཁོར་བའི་སྡུག་བསྔལ་ཐམས་ཅད་བདག་འཛིན་ལས་བྱུང་བར་གསུངས་སོ། །

བསྡུས་དོན།

[རྩོམ་སྒྲིག]

འདྲེ་ཆེན་ཞེས་པ་ནི་ནང་པའི་གཞུང་ལས་བྱུང་བའི་དཔེ་བརྗོད་ཀྱི་ཐ་སྙད་ཅིག་སྟེ། གཙོ་བོ་བདག་གཅེས་འཛིན་དང་བདག་འཛིན་ལ་གོ་དགོས་པ་ཡིན་ནོ། །བདག་འཛིན་གྱིས་འཁོར་བའི་སྡུག་བསྔལ་ཐམས་ཅད་བསྐྱེད་པ་དང་། བདག་གཅེས་འཛིན་གྱིས་རང་གཞན་གཉིས་ཀ་ལ་གནོད་པ་བྱེད་པས་འདྲེ་ཆེན་དུ་བཏགས་པ་ཡིན། དེ་སྤང་བའི་ཐབས་གཙོ་བོ་ནི་བདག་གཞན་བརྗེ་བ་དང་སྙིང་རྗེ་གོམས་པ་གཉིས་ཡིན་པར་སྤྱོད་འཇུག་སོགས་ནས་གསུངས་སོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༢༢༣
  2. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༢༢༣
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༢༢༣
  4. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་༡༦༦
  5. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༤༨༧
  6. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༤༨༧
  7. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༤༨༦