Jump to content

དྲང་བདེན་སྙིང་སྟོབས།

ཡོང་ཁུངས་Wikipedia

དྲང་བདེན་སྙིང་སྟོབས། ཁམས་འཛུམ་གྲོལ་གྱིས་བརྩམས། ཐོག་མའི་བསམ་བློ།

སྔོན་འགྲོའི་ཚབ་ཏུ་བྲིས་པ། གཅིག ནོར་འཁྲུལ་གྱི་བྱ་བ་གང་ལའང་། ལེགས་བཅོས་བྱེད་པའི་བསམ་བློ་ ཡོད་ཕྱིན་འགན་འཁྲིའི་འདུ་ཤེས་ཡོད་དགོས། འགན་འཁྲིའི་འདུ་ཤེས་ཀྱིས་ རང་ཉིད་ནས་འགོ་རྩམ་ཏེ་ལེགས་ལམ་དུ་བཀྲི་བའི་ཐབས་ལམ་གྱིས་མཐར་་ ཐུག་འགྲོ་བ་མིའི་རིགས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་ཞབས་འདེགས་ སྒྲུབ་ཐུབ། མི་སུ་ཞིག་ཡིན་ཡང་འགན་འཁྲིའི་སེམས་མེད་ན། དེ་ལ་བྱ་བ་ ཅི་ཡང་སྒྲུབ་པའི་ནུས་པ་ཡོད་མི་སྲིད། མི་རིགས་ཞིག་ལ་མཚོན་ནའང་། འགན་འཁྲིའི་འདུ་ཤེས་མེད་ན། རང་རང་གི་ལྟོ་འགྲང་རྒྱབ་ཁེབས་ ཙམ་གྱིས། སོས་དལ་དུ་སྡོད་པ་ལས་སང་ཉིན་གྱི་དོན་ལ་བསམ་བློ་མི་གཏོང་ བའི་གོམས་གཤིས་ངན་པ་ཞིག་ཆགས་སྲིད། གལ་སྲིད་གོམས་གཤིས་ངན་ པ་དེ་ལྟ་བུ་ཆགས་ཡོད་པའི་མི་རིགས་ཞིག་ཡོད་ན། མི་རིགས་དེ་ནི་ ཉམས་རྒུད་ནས་ཡང་རྒུད་དུ་འགྲོ་བ་ལས། འཕེལ་རྒྱས་གྱི་ལམ་དུ་གཏན་ ནས་འགྲོ་མི་ཐུབ། དེ་ལས་ལྡོག་ཏེ་མི་བུ་བྱེ་བྲག་དང་། མི་རིགས་སྤྱི་ མཚན་པའི་ངོས་གང་ཞིག་ཡིན་ནའང་འགན་ཁྲིའི་འདུ་ཤེས་ཡོད་པ་དང་། སང་ཉིན་གྱི་དོན་ལ་སེམས་ཁྲལ་ལྡན་པ་ཞིག་ཡིན་ཚེ། མི་བུ་དང་། མི་ རིགས་དེའི་ངོ་བོ་ནི་འཕོ་འགྱུར་དང་། འཕེལ་རྒྱས་གྱི་རང་བཞིན་ ཡིན་ནོ།། དེ་ལས་རྩོམ་ལ་འཇུག་པའི་མི་བུ་ཞིག་ཡིན་ནའང་ངེས་པར་དུ་འགན་འཁྲིའི་ འདུ་ཤེས་ཡོད་དགོས། འགན་འཁྲིའི་འདུ་ཤེས་མེད་ན་དྲང་བདེན་གྱི་ ལམ་དུ་འགྲོ་མི་ཐུབ་ལ། དྲང་བདེན་གྱི་ལམ་དུ་འགྲོ་མ་ཐུབ་ན་ཕྱོགས་རིས་ དང་། བསྙོན་འདོར། རང་བསྟོད་སོགས་ཀྱི་ལམ་དུ་གོལ་འགྲོ། འགན་འཁྲིའི་འདུ་ཤེས་ལྡན་པའི་མི་བུ་རྩོམ་ལ་འཇུག་མཁན་ཞིག་ཡིན་་ ན་བདེན་པ་དང་། གནས་ལུགས་བཤད་ཐུབ་ལ། བདེན་པ་དང་གནས་ ལུགས་བཤད་པའི་སྙིང་སྟོབས་དེས་དྲང་པོའི་ལམ་དུ་འགྲོ་ཐུབ། དེས་ མི་བུ་རང་ཉིད་སྒལ་ཚིག་ཅན་གྱི་མི་བུ་ངོ་མ་ཞིག་ཏུ་སློང་སྐྲུན་བྱེད་ཐུབ་ པ་དང་། རང་རྐྱ་འཕེལ་བའི་བསམ་གཞིག་གཏོང་ཐུབ་པའི་འགོ་ རྩམ་པ་ཡིན། གཉིས། རང་རྐྱ་འཕེལ་བའི་བསམ་གཞིག་ཐུབ་པ་དང་། དྲང་བདེན་གྱིས་གནས་ ལུགས་བཤད་ཅིང་། བདེན་གཏམ་གྱི་རྩོམ་ལ་འཇུག་པའི་སྤོབས་པ་ཡོད་ ཕྱིན། ནམ་ཡང་བསམ་པའི་བྲན་གཡོག་ཏུ་སྡུག་གྱོང་མྱོང་མི་དགོས་ པར། རང་ཉིད་མི་བུ་ཞིག་ཡིན་པའི་ཆ་ནས་མི་གྲལ་དུ་འདྲ་མཉམ་གྱིས་ འཚོ་ཆོག་པའི་ཐོབ་ཐང་ཡོད་པ་བཞིན། སྐྱེས་ནས་ཐོབ་ཆོག་ཆོག་གི་རང་ དབང་ལ་ལོངས་སུ་སྤྱོད་ཐུབ་ལ། དེ་ལས་ཀྱང་གཉའ་རྒུར་རྒུར་དང་། སྒྱིད་ འདར་འདར་གྱིས་དུད་འགྲོའི་ཟླ་བོར་མི་འགྱུར་བར། རང་ཚུགས་ཐུབ་ པའི་མི་བུ་ངོ་མ་ཞིག་དང་། བླང་དོར་ཤེས་པའི་མི་བུ་མཚན་ཉིད་དང་ ལྡན་པ་ཞིག་ཆགས་ཐུབ་པར་མ་ཟད། འཛམ་གླིང་གི་མི་རིགས་སྤྱིའི་གྲལ་ དུ་ཚུད་པ་ཞིག་ཆགས་ཐུབ་ལ། དེས་བློ་འབྱེད་བསམ་བློ་སྣ་ཚོགས་ལ་ བརྟེན་ནས་སྤྱི་ཚོགས་སྟེང་རྩོད་གླེང་ཇི་སྙེད་གཅིག་འབྱུང་སྲིད། རྩོད་ གླེང་དང་དོགས་སློང་ཡོད་པའི་ཁོར་ཡུག་དེར་འབྱུང་འགྱུར་རེ་བ་དང་ཡིད་ཆེས་ཡོད་ལ། རྒྱལ་ཁབ་བམ་མི་རིགས་གང་ཞིག་འཕེལ་རྒྱས་ཀྱི་ ལམ་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ནི་《རྩོད་གླེང་དང་དོགས་སློང་》ཡིན་ པའི་ངེས་ཤེས་རྙེད་ཡོད་པ་ལྟ་བུ་ཡིན། ནུབ་ཕྱོགས་ཀྱི་རིག་པ་སྨྲ་བའི་ཁྱུ་མཆོག་ཨེ་དབྱིན་སི་ཐན་གྱིས་“རང་རྐྱ་ འཕེལ་བའི་བསམ་གཞིག་ཐུབ་པ་དང་། ལས་དོན་སྤེལ་ཐུབ་ཕྱིན་སྐྱེ་བོ་

 སྐུ་ཞབས་ཨོ་ཙིས་དབྱི་སི་རལ་སྟོབས་ཅན་ཆགས་པའི་གསང་བ་ནི། དོགས་སློང་དང་ རྩོད་གླེང་གཉིས་ཡིན་གསུངས་ཡོད། དེར་མི་ཚེའི་མདུན་ལམ་བརྙེད་ཐུབ་“ཅེས་གསུངས་པ་ལྟར་མི་བུ་དེ་ལྟ་བུ་་ ཞིག་སྐྱེད་སྲིང་བྱུང་ན་སྐྱེ་བོ་རེ་རེ་ཙམ་མ་ཡིན་པར། མི་རིགས་ཞིག་གི་ མདུན་ལམ་རྙེད་ཐུབ་པའི་ཡིད་ཆེས་ཡོད། མི་ནུས་མེད་དག་གིས་བྱ་བ་ཅི་ཡང་མ་འགྲུབ་པས་“ལས་སྐལ་ལ་ངན་ཁག་དཀྲི་བར་བྱེད་པ་ནི་སེམས་ཤུགས་མེད་པའི་ཉམ་ཆུང་ནུས་མེད་དག་་་་་ གིས་ཁ་གཡར་ས་ཞིག་ཡིན་“ལུའོ་མན་གྱིས། པ་རེད། གསུམ། རྩོམ་ལ་འཇུག་པའི་མི་བུ་ཞིག་ལ་མཚོན་ན། སྨྱུ་གུ་འཛིན་ཤེས་པ་ཙམ་ གྱིས་མི་ཆོག་ལ། བདེན་རྫུན་གོ་ལྡོག་ཅིང་ཡོད་ཚད་དབང་འབྱོར་གྱིས་ཁ་ ལོ་བསྒྱུར་བའི་སྤྱི་ཚོགས་འདིའི་ལྡོག་ཕྱོགས་སུ་འགྲེང་སྟེ། གནས་ལུགས་ འཚོལ་ཞིང་བདེན་དོན་སྐྱོང་བའི་སྒེར་ཚུགས་ཀྱི་བསམ་བློ་དང་། ཡོད་ ཚད་ལ་དུང་ཞེན་ཙམ་མ་ཡིན་པར། བདེན་རྫུན་དྲང་པོའི་འབྱེད་པའི་ སྙིང་སྟོབས་ཞིག་ཡོད་དགོས། རང་རྐྱ་འཕེལ་བའི་བསམ་གཞིག་བྱེད་ཐུབ་པ་དང་། མིའི་རིགས་ཀྱི་ འབྱུང་འགྱུར་ལ་སེམས་ཁྲལ་ལྡན་པས། དུས་རབས་ཀྱིས་བྱིན་པའི་འགན་ འཁྲི་ཕྲག་ཏུ་བླང་ཏེ་འཕེལ་རྒྱས་ཀྱི་དོན་དུ་དགག་སྒྲུབ་དང་། དོགས་ སློང་། ལེགས་བཅོས་བྱེད་པའི་བློ་སྤོབས་ཡོད་དགོས་ལ། ཕྱོགས་ལྷུང་ གིས་མ་ལྷད་པའི་མི་སྐད་ངོ་མ་ཞིག་སྨྲ་བའི་སྙིང་སྟོབས་ཡོད་དགོས། དེས་ རང་ཉིད་ནས་མགོ་རྩམ་ཏེ་ལེགས་བཅོས་བྱེད་པའི་བསམ་བློ་ཞིག་དང་། ངེས་ཤེས་ཞིག་སྐྱེ་སྲིད་ལ། དེ་དག་ནི་གང་ཞིག་ལེགས་བཅོས་དང་། འཕེལ་རྒྱས་ཅན་དུ་འགྲོ་བའི་རྨང་གཞི་ཡིན་ལ། སུ་ཞིག་ལེགས་ལམ་ དུ་བཀྲི་བའི་ལམ་རིམ་ཡང་ཡིན། མཇུག་ཏུ་ཁོ་བོས་སྔོན་འགྲོའི་ཚབ་ཏུ་བརྗོད་འདོད་པ་ནི་ཞོས་ལེའེ་ཡི་སྐད་ཆ་ཞིག་སྟེ་“ངས་ཁེ་ཕན་དང་། མཚན་སྙན་གྱི་ཆེད་དུ་རྩོམ་བྲིས་ པ་མིན་ལ། ང་དང་མི་གཞན་བར་དུ་གདུང་སེམས་མཉམ་སྐྱེ་བརྡ་འཕྲོད་ བྱ་ཐུབ་པ་དང་། ངས་མི་རིགས་ལ་དགའ་ཞེན་ཚད་མེད་དང་། ལྷག་ བསམ་རྣམ་དག་གིས་ཅི་ཞིག་བརྩོན་ལེན་བྱ་དགོས་པའི་སྐུལ་འདེད་ ཐེབས་ཐུབ་པའི་དམིགས་ཡུལ་ཁོ་ན་ཡིན“ཞེས་པ་དེའོ། །

ཞེས་ཟླ་བ་བཟང་པོའམ་སྨྱུག་མིང་ལ་ཁམས་འཛུམ་གྲོལ་དུ་འབོད་པས་༢༠༡༡ལོའི་ཟླ་༩པའི་ཚེས་༡ལ་བྲིས་སོ།།









ངའི་སྙིང་སྟོབས།
















སྙིང་སྟོབས་ཤིག་གི་རིན་ཐང་།

དགེ་འདུན་ཆོས་འཕེལ་འུ་ཅག་དང་ཞལ་གྱེས་ནས་ལོ་འཁོར་༦༠ལོན་པར་བྲིས་པ། 1 ད་ལོ་ནི་སྤྱི་ལོ་༡༩༥༡ལོའི་ཟླ༨་པའི་ཚེས་༡༤ཉིན་རིག་པའི་དཔའ་བོ་ དགེ་འདུན་ཆོས་འཕེལ་འཇིག་རྟེན་མི་ཡུལ་དང་ཁ་བྲལ་ནས་ལོ་འཁོར་ ༦༠ལོན་པའི་རྗེས་དྲན་གྱི་ལོ་ཞིག་ཡིན་པར་མ་ཟད། རང་རིགས་ཆེ་ཕྲ་ ཀུན་གྱིས་རྗེས་དྲན་ཞུ་འོས་པའི་གལ་ཆེན་གྱི་གནམ་ལོ་ཞིག་རེད། དགེ་ཆོས་ མཆོག་དགུང་ལོ་བརྒྱད་ནས་ཡི་གེ་འབྲི་ཀློག་དང་སུམ་རྟགས་དག་གསུམ་ སྦྱངས་ཤིང་། མི་ལོ་དུ་མའི་རིང་བརྩོན་པ་ཆེན་པོའི་སློབ་གཉེར་བྱས་ པས་སྦྱངས་འབྲས་ཕུལ་དུ་གྱུར། སྤྱི་ལོ་༡༩༣༤ལོར་འཕན་ཡུལ་དང་། རྭ་སྒྲེང་། གཙང་ཁུལ་སོགས་ལ་གནས་ གཟིགས་དང་སྦྲག་བལ་ཡུལ་བརྒྱུད་རྒྱ་གར་དུ་ཕེབས། སཾསྐྲྀ་ཏའི་སྐད་ལ་སྦྱངས་ མཐར་གནས་བརྟན་སྡེ་བའི་མདོ་《ཆོས་ཀྱི་ཚིགས་སུ་བཅད་པ》ལ་སོགས་་་་་་ བསྒྱུར་བར་མཛད། དབྱིན་ཡིག་སློབ་སྦྱོང་རྒྱུན་དུ་མཛད་མུས་ནས་ཨུ་རུ་སུ་ རོགས་རིས་ཞེས་པ་དེའི་སར་བཞུགས་ཏེ།《དེབ་ཐེར་སྔོན་པོ་》དབྱིན་ཡིག་ཏུ་ བསྒྱུར་བའི་རོགས་མཛད་དེ་ཀུ་ལུར་ལོ་གསུམ་ཙམ་བཞུགས། ལོ་དེ་དག་གི་རིང་ལ་ཁོང་གིས་ལོ་རྒྱུས་ལ་བརྟག་དཔྱད་དང་། རིག་གནས་ ལ་རྒྱུས་ལོན་བྱས་པ་བརྒྱུད། མཐོང་ཐོས་མྱོང་གསུམ་སྣ་ཚོགས་བསགས་ ཏེ། བོད་རྗེས་ལུས་ཀྱི་རྣམ་པ་བཅོས་སྒྱུར་གཏོང་བའི་དགོངས་བཞེས་ཟབ་ མོ་ཐུགས་ལ་འཁྲུངས་ཤིང་། རེ་བ་དང་ཡིད་ཆེས་ཆེན་པོས་སྤྱི་ལོ་༡༩༤༥ ལོར་ཕྱིར་བོད་དུ་ཕེབས་པ་དང་། བོད་ཡུལ་ཤེས་མེད་བླུན་རྨོངས་ ཚོགས་ཀྱིས་ཁོང་གི་ལྟ་ཚུལ་དང་སྤྱོད་ཚུལ་ལ། “སྨྱོན་པ་“དང་། “ངོ་ལོག“ “གསར་བརྗེ་“སོགས་ཀྱི་ཉེས་མིང་སྣ་ཚོགས་ཉེས་འགེལ་བྱས་ཤིང་། ༡༩༤༦ལོར་འཛིན་བཟུང་གིས་ཁྲིམས་གཅོད་བྱས་ཐོག་ལོ་གསུམ་རིང་བཙོན་ཁང་དུ་བཞུགས་དགོས་བྱུང་ཞིང་༡༩༤༩ལོར་བཙོན་གྲོལ་ཐོབ། ཁོང་གིས་མི་རིགས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁྱེར་ནས་རྗེས་ལུས་ཀྱི་ མི་རིགས་ཞིག་གི་དོན་དུ། རང་གི་མི་ཚེ་ཡོད་ཚད་ཕུལ་བ་སྟེ། ཇི་སྐད་དུ། ཁོང་གིས་“གཞོན་དུས་དགའ་བའི་ཆུང་མ་ངས་མ་བླངས། །རྒས་དུས་ དགོས་པའི་ནོར་རྫས་ངས་མ་བསགས། །སྤྲང་པོའི་མི་ཚེ་ལྕགས་སྨྱུག་ ལྷན་གཅིག་ཏུ། །རྫོགས་པ་འདི་ནི་བདག་གི་སྣང་བ་སྐྱོ་“ཞེས་གསུངས་ པ་ལྟར་ལགས་ཤིང་། ཁོང་གིས་བོད་མི་རིགས་ཀྱི་དོན་དུ་རིན་ཐང་ བྲལ་བའི་གསུང་རྩོམ་ཇི་སྙེད་གཅིག་སྤེལ་ཡོད་དེ། དཔེར་ན། 《རྒྱལ་ ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།》《བོད་ཆེན་ པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ》《སིང་ག་ ལའི་ལམ་ཡིག》 《རྒྱལ་པོ་ར་མ་ཎའི་རྟོགས་བརྗོད》《ལུ་བྱེད་མཐའ་ དཔྱད》《འདོད་པའི་བསྟན་བཅོས》《རྡི་ཚྭ་སྐམ་པོས་ཕུལ་བའི་ཞུ་ ཡིག》《ཀེ་ཏ་ཀ་སོགས་ཀྱི་བཤད་པ》《ལེགས་ལྡན་ནག་པོའི་གླུ》སོགས་ཡོད་ཏེ་དེ་དག་ནི་ཕྱི་རབས་པ་ང་ཚོར་མཚོན་ན་ཡུན་རིང་བཀླག་ ཀྱང་བྲོ་བ་མི་འཆོར་བའི་བདུད་རྩི་ལྟ་བུ་ཞིག་རེད།

                  2

དགེ་འདུན་ཆོས་འཕེལ་དགུང་ལོ་༤༩བཞེས་པ། བོད་རབ་བྱུང་བཅུ་ དྲུག་པའི་ལྕགས་ཡོས་སྤྱི་ལོ་༡༩༥༡ལོའི་ཧོར་ཟླ་༨་པའི་ཚེས༡༤དགོང་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་གྲོང་ཁྱེར་ལྷ་ས་ནས་འཇིག་རྟེན་འདི་དང་ ཁ་བྲལ། ཡིན་ནའང་། ཁོང་གི་གཅེས་པའི་ཚེ་སྲོག་གིས་སྒྲུབ་པའི་བསམ་ བློའི་ལེགས་སྐྱེས་རིན་ཐང་བྲལ་བ་ཞིག་བཞག་ནས་བུད་སོང་། འཛམ་གླིང་ ན་དཀོན་པའི་ཕ་ལམ་ལས་ཀྱང་རིན་ཐང་ཆེ་བའི་དྲང་བདེན་སྙིང་སྟོབས་ ཤིག་ང་ཚོར་བྱིན་ནས་བུད་སོང་བ་རེད། ཁོང་གིས་“བླུན་པོ་ངོ་མཚར་ བསྐྱེད་པའི་ཧར་གྱི་གཏམ། །ཆེན་པོའི་ངོ་སྲུང་བརྩེགས་པ་གཅམ་བུའི་ ཚིག །དད་པའི་འཁུན་བུ་སློང་བའི་སྒྲུང་གཏམ་དག །རིང་དུ་སྤངས་ ཏེ་དྲང་པོའི་ལམ་དུ་ཞུགས་“ཞེས་དང་། “གཞན་གྱི་སྒྲོས་དང་འགལ་གྱིས་ དོགས་པའི་ཞུམ་པ་ཆེར་བྱས་ཚེ། ཤེས་རབ་འཕེལ་ནུས་པའི་གོ་བ་ཡང་ མི་སྐྱེ་ཅིང་། འདི་ཡང་ནོར། དེ་ཡང་ནོར་སོགས་སྨྲས་ནས་དྲང་པོའི་ལུགས་ སུ་བྱས་ན་ཆེ་ཆུང་མང་པོའི་ཐུགས་ལ་ཐོག་རྫིས་སུ་འགྲོ་ཞིང་། རང་གི་ འཚོ་ཐབས་སོགས་ལ་ཅི་ཙམ་གནོད་པར་འགྱུར་བ་ཁོ་བོ་བོད་ཀྱི་མི་རང་ ཡུལ་རང་ལ་རྒྱུས་ཡོད་པས་ཤིན་ཏུ་ལེགས་པར་ཤེས་མོད། ཇི་མི་སྙམ་ པར་བྲིས་པ་ལགས་པས་སེམས་ཆུང་རྣམས་འཁོན་དུ་མི་འཛིན་པར་གསོལ་ བ་ལན་བརྒྱར་འདེབས་པ་ལགས་“ཞེས་གསུངས་པ་སོགས། དྲང་བདེན་ སྐྱོང་བའི་སྙིང་སྟོབས་ལ་བལྟས་ན་ཁོང་ནི་ཤེས་ཡོན་ཅན་བླ་ན་མེད་པ་ ཞིག་དང་གོང་ན་མེད་པ་ཞིག་ལུས་ཡིན་སྙམ། གཞན་ཡང་། “བླུན་པོ་ རང་གི་རྗེས་སུ་མི་འབྲང་ཡང་། །རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་ བ། །འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ། །སྲོག་ལ་བབས་ཀྱང་ འབད་པས་བསྲུང་བར་བྱ་“ཞེས་དང་། “མཐོང་ན་འཇིགས་པའི་ བདེན་པ་གཅེར་བུ་ལ། །རང་མགོ་སྐོར་བའི་གོས་ཀྱིས་མི་གཡོགས་པ། ། འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ། །སྲོག་ལ་བབས་ཀྱང་འབད་ པས་བསྲུང་བར་འཚལ་“ཞེས་གསུངས་པ་བཞིན་ཁོང་གི་དྲང་པོ་དང་་ བདེན་པ་སྐྱོང་བའི་སྙིང་སྟོབས་ཀྱི་རིན་ཐང་ནི་འཛམ་གླིང་ན་དཀོན་པའི་ ཕ་ལམ་ལས་ཀྱང་རིན་ཐང་ཆེ་བ་ཞིག་ཡིན་པར་མ་ཟད། རང་གི་གནས་ སྐབས་ཀྱི་གནས་བབས་ཇི་ལྟར་སྡུག་ཀྱང་། མི་ཚེའི་འཚོ་གནས་ལ་ཇི་ ལྟར་གནོད་པར་གྱུར་ཡང་། ཐ་ན་གཅེས་པའི་ཚེ་སྲོག་ལ་བབས་ཀྱང་ བསྲུང་བར་བྱ་བའི་དམ་ཚིག་ནི་ཅི་འདྲའི་རིན་ཐང་ལྡན་པ་ཞིག་དང་། ཅི་འདྲའི་རླབས་ཆེན་ཞིག་རེད་ཨང་།

                  3

ཨུ་རུ་སུའི་རྩོམ་མཁན་གྲགས་ཅན་kསོལ་ཟེ་ཉི་ཆེན་A.Solzhebitsyn.གྱིས་“དྲང་གཏམ་གཅིག་གི་ལྗིད་ཚད་ནི་འཇིག་རྟེན་ཡོངས་ལས་ ཀྱང་ལྕིའོ་“ཞེས་གསུངས་པ་ལྟར་དགེ་ཆོས་མཆོག་གི་དྲང་བདེན་གྱི་ སྙིང་སྟོབས་དང་། དྲང་པོའི་ལམ་དུ་ཞུགས་པ་དེ་ལས་ཕྱིར་མི་ལྡོག་པར།

kསོལ་ཟེ་ཉི་ཆེན་A.Solzhebitsyn.ཨུ་རུ་སུའི་རྩོམ་མཁན་གྲགས་ཅན། བརྩམས་ཆོས་ 《ཀོ་ལ་ཀི་གླིང་ཚོམ་》སོགས་འདུག་གོ། གཅེས་པའི་ཚེ་སྲོག་ལ་བབས་ཀྱང་དེ་ཉིད་འབད་པས་བསྲུང་བར་བྱ་བའི་ སྙིང་སྟོབས་ཀྱི་ལྗིད་ཚད་ནི། དོན་ངོ་མར་འཇིག་རྟེན་ཡོངས་ལས་ཀྱང་ ལྕི་བ་ཞིག་རེད། ཤེས་ཡོན་ཅན་རྣལ་མ་ཞིག་ཡིན་ན་དྲང་པོ་དང་། བདེན་པ་སྐྱོང་རྒྱུ་ནི་རྩ་བའི་ལངས་ཕྱོགས་ཀྱི་སྲོག་ཤིང་ལྟ་བུ་ཡིན་ལ། དེ་ལྟ་བས་ན་དགེ་ཆོས་མཆོག་ནི་ངེས་པ་དོན་གྱི་ཤེས་ཡོན་ཅན་རྣལ་ མ་ཞིག་མ་ཡིན་ནམ། ཁོང་གི་དྲང་བདེན་སྐྱོང་བའི་སྙིང་སྟོབས་དང་། དེ་ཉིད་སྲོག་ལ་བབས་ཀྱང་བསྲུང་བར་བྱ་བའི་རླབས་ཆེན་གྱི་བསམ་སྦྱོར་ ནི་ཅི་འདྲའི་བླ་ན་མེད་པ་ཞིག་རེད། ཁོང་གི་ཁ་ཡིས་བཤད་པ་དེ་དོན་དངོས་སྦྱོར་བའི་ཐོག་ནས་ཀྱང་“ཁ་་་ ཐོག་གི་རི་མོ་དོན་ཐོག་ལ་འབབ་པ་“ཞིག་ཡིན་པ་མཐོང་ཐུབ། མི་རིགས་ཞིག་ལ་མཚོན་ན་ཤེས་ཡོན་ཅན་ནི་ཡ་ཐོད་ཀྱི་མིག་འབྲས་ དང་འདྲ། གང་ལགས་ཞེ་ན། ཤེས་ཡོན་ཅན་ནི་མི་རིགས་ཀྱི་ལམ་སྟོན་ མཁན་ཡིན་པས་སོ། ། ཤེས་ཡོན་ཅན་མེད་པའི་མི་རིགས་ནི་བྱིས་པའི་ཚུལ་བབས་ལས་མ་ཐར་བའི་ཀླ་ཀློ་དང་། མུན་ནག་གི་རང་བཞིན་རེད། ཤེས་ཡོན་ཅན་གྱིས་ བློ་འབྱེད་བསམ་བློ་ལ་བརྟེན་ནས་བྱིས་པའི་ཚུལ་བབས་ལས་ཐར་བ་དང་། མི་བུ་སྒེར་གྱི་འདུ་ཤེས་རྙེད་ཅིང་། སྒེར་ཚུགས་ཅན་གྱི་མི་བུ་ངོ་ མ་ཞིག་འབྱུང་བའི་རྨང་གཞི་ཡིན་ལ། དགེ་འདུན་ཆོས་འཕེལ་གྱི་ བསམ་བློའི་སྙིང་སྟོབས་རེ་རེ་ནི། རྗེས་ལུས་ཀྱི་ང་ཚོའི་འཚོ་བཅུད་གསར་ པ་ཞིག་དང་། བློ་འབྱེད་ཀྱི་ལྡེ་མིག་ཅིག ཡར་རྒྱས་ཀྱི་ལམ་དུ་འགྲོ་བའི་ རྨང་གཞི་ཞིག་ཡུན་རིང་བསྟེན་ཀྱང་བྲོ་བ་མི་འཆོར་བའི་བསམ་བློའི་ རྒྱགས་ཕྱེ་ཞིག་རེད་འདོད། གཡོ་རྫུན་གྱི་འཁོར་ལོ་སྐོར་ཞིང་། གདུག་རྩུབ་ཀྱི་མནར་གཅོད་མང་ བའི་གདོལ་སྤྱོད་ཀྱི་ཐུ་འོག་ནས་དྲང་བདེན་སྐྱོང་བ་དང་། དྲང་གཏམ་ སྨྲ་བ་ནི་ཅི་འདྲའི་དཀའ་ངལ་ཆེན་པོ་ཞིག་རེད། ཡིན་ནའང་གདོལ་ སྤྱོད་ལམ་ལུགས་སྨག་རུམ་ལྟ་བུ་ཞིག་ཡིན་པའི་དབང་དུ་བཏང་ན། དགེ་ འདུན་ཆོས་འཕེལ་གྱི་དྲང་བདེན་སྐྱོང་བའི་སྙིང་སྟོབས་ནི་དེའི་ཁྲོད་ནས་ ཞུམ་པ་མེད་པར་ལྷབ་ལྷུབ་ཏུ་འབར་བའི་མེ་ལྕེ་ལྟ་བུ་ཞིག་སྟེ། ཁོང་ གིས། “དྲེགས་ལྡན་འུག་པ་ཁྲོས་པའི་ཧ་ཧ་དང་། །བླུན་པོ་ཕག་གིས་ བརྙས་པའི་ཧུམ་སྒྲ་དང་། ། བློ་ཆུང་བྱིས་པ་དགོད་པའི་སྣ་གཉེར་ལ། ། འཇིགས་པའི་ཡ་ང་བདག་ལ་ཡོད་མ་ཡིན“། །ཞེས་དང་། “ཐོས་བརྩོན་ ཤེས་རབ་ཅན་གྱི་སྙིང་གི་སྒོར། །ཅི་སྟེ་ཞུགས་ན་འབད་པའི་འབྲས་བུ་སྟེ། ། ལྐུགས་པའི་འཛུམ་དང་ཕྱུག་པོའི་ལེགས་སོ་ལ། །རེ་བའི་རྨི་ལམ་བདག་ ལ་ནམ་ཡང་མེད་“ཅེས་གསུངས་པ་སོགས་ཀྱིས་གསལ་པོར་མཚོན་པ་ ཡིན་ནོ།། 4 དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པ་ནས་བཟུང་རིམ་བཞིན་ བོད་མི་རྣམས་ཀྱིས། དགེ་ཆོས་མཆོག་གི་བསམ་བློའི་སྙིང་སྟོབས་རེ་རེ་ དང་། སྤྱོད་པའི་རིན་ཐང་རེ་རེ་ལ་ཡལ་མེད་ཀྱི་གཟི་འོད་རེ་ཡོད་པ་ མཐོང་ཞིང་། ཁོང་གི་བསམ་བློའི་སྙིང་སྟོབས་དང་། མི་གཞི་སྤྱོད་པ་རེ་ རེ་གླེང་མི་ཚར་བའི་བརྗོད་བྱ་གལ་ཆེན་ཞིག་དང་། སྤྱོད་མི་ཚར་བའི་ ལེགས་སྐྱེས་གྱ་ནོམ་པ་ཞིག་ཡིན་པའི་ངེས་ཤེས་རྙེད། འོན་ཀྱང་དགེ་ཆོས་མཆོག་སྐུ་བཞུགས་པའི་དུས་སུ་བླུན་རྨོངས་རྗེས་ལུས་ཀྱི་ང་ཚོའི་“ནོར་བུ་རང་ལ་ཡོད་དུས། །ནོར་བུ་ནོར་ངོ་མ་ཟིན“ཀྱང་། ད་ ལྟ་“ནོར་བུ་གཞན་ལ་ཤོར་དུས། །སྙིང་རླུང་སྟོད་ལ་འཚང་སོང་“m རུང་བྱ་ཐབས་ཅི་ཡོད། དུས་རབས་ཉི་ཤུ་བར་དགེ་ཆོས་ཀྱི་བསམ་བློའི་སྙིང་སྟོབས་དང་། སྤྱོད་ པ་རེ་རེའི་རིན་ཐང་ནི་བརྗོད་མི་ཚར་བའི་གླེང་གཞི་གལ་ཆེན་ཞིག་དང་། མྱང་མི་ཚར་བའི་བསམ་བློའི་འཚོ་བཅུད་གལ་ཆེན་ཞིག་ཡིན་པ་རྟོགས་

m ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལས། ཡོད་ལ། དགེ་ཆོས་ཁོང་གི་གསུངས་དུ། “མཁས་པས་རྒྱལ་ཁམས་ འགྲིམས་ཏེ་བསགས་བྱ་པའི། །དབུལ་པོའི་གཅེས་ནོར་ས་ལ་བཀྲམ་པ་ འདི། ། སྙན་ནས་སྙན་དུ་ཤུལ་བུ་བརྒྱུད་པ་ཡི། ། ཕྱུག་པོའི་གསེར་ཆོས་ དག་གི་དོ་ཟླ་མིན་“ཞེས་པ་ལྟར་དོན་ལའང་དེ་ལྟར་ལགས། བདག་ གིས་གླེང་བཞིན་པའི་དགེ་ཆོས་ཀྱི་དྲང་བདེན་སྙིང་སྟོབས་ནི། ཁོང་ གི་བསམ་བློའི་སྙིང་སྟོབས་གསེར་གྱི་རྒྱ་མཚོ་ལྟ་བུ་ལས། ཆ་ཤས་འགའ་ ཞིག་གམ། ཟེགས་མ་ཙམ་ཞིག་བརྗོད་པའི་ཁུལ་ཡིན་ལ། དོན་དངོས་ཁོང་ གི་བསམ་བློ་དང་། སྤྱོད་པའི་རིན་ཐང་གི་ངོས་ཟུར་རེ་རེ་ནི། རྗེས་ལུས་ ཀྱི་ང་ཚོའི་མྱང་མི་ཚར་བའི་བསམ་བློའི་འཚོ་བཅུད་ཅིག་ཡིན་པའོ།། “དྲང་བདེན་སྙིང་སྟོབས་“ནི་ངེས་པ་དོན་གྱི་ཤེས་ཡོན་ཅན་ཚོར་ཡོད་་ པའི་སྙིང་སྟོབས་ཞིག་ཡིན་པ་ལས་ཡོད་ཚད་ལ་ལྡན་པ་ཞིག་ག་ལ་ཡིན། རྒྱུ་འབྲས་བློ་མིག་ལྡན་པའི་མི་བུ་ཤེས་ཡོན་ཅན་ཞིག་ལ་མཚོན་ན། འཚོ་ གནས་ཀྱི་ཁོར་ཡུག་ལ་ཇི་ལྟར་གནོད་པ་དང་། ལྟོ་གོས་གཏམ་གསུམ་ ལ་གང་ལྟར་གནོད་པ་དང་། ཐ་ན་གཅེས་པའི་ཚེ་སྲོག་ལའང་ཇི་ལྟར་ ཉེན་ཁ་ཡོད་ནའང་བདེན་པ་སྨྲ་ཞིང་དྲང་པོའི་ལམ་ལས་མི་ལྡོག་པ་ནི་ ཤེས་ཡོན་ཅན་གྱི་འགྱུར་མེད་རང་ཚུགས་སུ་གྲུབ་ཡོད་ལ། དགེ་ཆོས་ཀྱིས། “འོལ་ཚོད་ཀྱིས་ཡིན་ཐག་བཅད་པ་དང་། མང་པོ་ཞིག་ལ་མགུ་བར་ སྐྱེད་པའི་སླད་དུ་ཁུངས་མེད་ཀྱི་གཏམ་རྒྱུད་ཆེས་མཚར་མཚར་བ་དག་ བྲི་བ་དང་། གཞན་གྱི་ངོ་བསྲུང་དྲགས་ཏེ་གཏམ་བདེན་པ་ཡང་སྨྲ་ བའི་སྤོབས་པ་མེད་པར་རང་གི་རྩམ་ཁུག་བསྲུང་བའི་ཆེད་དུ་ཡིན་མིན་ གྱི་དབྱེ་གསལ་ཐམས་ཅད་བཏང་སྙོམས་སུ་བཞག་ནས་ཇོ་བཟང་གི་མིང་ ལ་རེ་བ་སོགས་དོར་ཏེ། ཤེས་རབ་ཅན་གྱི་སྐྱེས་བུ་བློ་གཟུ་བོར་གནས་ པ་འགའ་ཞིག་ཁོ་ནའི་ཆེད་དུ་དཀྱུས་མའི་གླེང་མོ་བཞིན་དུ་གང་རྙེད་པ་སྐབས་སྐབས་སུ་བཅུག་སྟེ་གླེགས་བམ་ཞིག་བྱེད་པར་འདོད་དོ།།“ ཞེས་ དང་། ཡང་“དེ་ལྟར་འཇིག་རྟེན་རྒྱལ་ཁམས་དུ་མ་ན། །ནོར་ལྡན་ རྣམས་ཀྱིས་རང་འདོད་ཁྲིམས་སྲོལ་མང་། །དེ་ལ་ཡ་རབས་ཆོས་སུ་ མིང་བཏགས་ཤིང་། །ཡུལ་གྱི་རྒྱལ་པོའི་ཐུགས་དང་འཕྲོད་གྱུར་པས། ། མཁས་པ་རྣམས་ཀྱང་རྗེས་སུ་འཛུམ་སྟོན་པ། །བསམ་ཞིང་བསམ་ན་ ཡི་ཆད་སངས་དུས་མེད་“ཅེས་དང་། “དེས་ན་རིགས་མཐུན་སྐྱེ་བོའི་ མགྲིན་གཅིག་ཏུ། །བསྒྲགས་པའི་ངར་སྐད་ཁོ་ན་མི་ཉན་པར། །སྐབས་ སུ་བདེན་པའི་རྒྱུ་མཚན་དཔང་བཅོལ་ནས། །གཟུ་བོའི་དྲང་གཏམ་ཙམ་ ཡང་སྨྲ་བར་མཛོད་“ཅེས་གསུངས་པས་དགེ་འདུན་ཆོས་འཕེལ་གྱི་བསམ་ བློའི་སྙིང་སྟོབས་དང་སྤྱོད་པ་སོགས་ནི་ཤེས་ཡོན་ཅན་གྱི་རྩ་བའི་མིག་ དཔེར་འོས་པ་ཞིག་གོ། 5 དགེ་ཆོས་ཀྱིས་“ཤེས་བརྩོན་ཐོས་པ་ཅན་གྱི་ཉམས་ཆུང་གི་ཁ་སྟབས། ། བླུན་པོ་ནོར་རྐྱལ་ཁུར་བའི་དབང་ཤེད་ཀྱིས་བཅོམ་ནས། །ཆོས་མཐུན་ བཀུར་སྟིའི་བཞུགས་གྲལ་གོ་ལོག་ཏུ་བསྡེབས་ནས། །སེང་གེ་ཁྱི་ཡི་གཡོག་ ཏུ་གྱུར་ཚུལ་འདི་སྐྱོ་བ“ཞེས་གསུངས་པ་བཞིན་བླུན་རྨོངས་རྗེས་ལུས་ཀྱི་མི་རིགས་ཞིག་གི་གདོལ་སྤྱོད་སྣ་ཚོགས་ཀྱི་ཁྲོད་ནས། གཅིག་པུར་ལུས་ པའི་བདེན་པའི་བུ་ཆུང་དགེ་འདུན་ཆོས་འཕེལ་ནི། ཁོང་གིས་“ཕྲག་ དོག་ཁྲག་གིས་སྨྱོས་པའི་ཨུ་ཚུགས་སྟག །འཇིགས་པའི་ང་རོ་སྒྲོགས་པའི་ ཚང་ཚིང་དུ། །གཅིག་པུར་ལུས་པའི་བདེན་པའི་བུ་ཆུང་ལ། །ཤེས་རབ་ ཅན་གྱིས་སྙིང་རྗེས་ཡུལ་དུ་དགོངས་“ཞེས་གསུངས་པས་མཚོན་དེ་དུས་དགེ་ཆོས་ཀྱི་གནས་བབས་དང་། ལས་སྐལ་ཅི་འདྲ་ཞིག་ཡིན་པ་རྟོགས ་ཐུབ་ལ། གདོལ་སྤྱོད་ལམ་ལུགས་སྣ་ཚོགས་ཀྱི་གདུག་རྩུབ་འོག་ནས་ ཤེས་ཡོན་ཅན་ལ་བཟུང་བའི་ལྟ་ཚུལ་ངན་པས། མནར་གཅོད་ཇི་སྙེད་ གཅིག་མྱོང་བཞིན་ཡོད་པ་ཤེས་པར་འགྱུར། ལྷག་པར་དགེ་ཆོས་མཆོག་ གི་གནས་བབས་དང་ལས་སྐལ་ནི། “སྨྱོན་པ་“དང་། “ངོ་ལོག་“པ་་་་་ སོགས་ཀྱི་“ཞྭ་མོའི་“འོག་ཏུ་གནས་ཡོད་པ་ཞིག་ཡིན་མོད། འོན་ཀྱང་། ཁོང་གི་རྒྱུ་འབྲས་བློ་མིག་ལྡན་པའི་ཤེས་ཡོན་ཅན་གྱི་ལྟ་སྤྱོད་ལས་ལྡོག་་ཏུ་མེད་པ་ཞིག་ཡིན་ལ། འཚོ་གནས་ལ་ཇི་ལྟར་གནོད་ཀྱང་། མནར་་ གཅོད་ཀྱི་སྡུག་བསྔལ་ཇི་ལྟར་ཆེ་ཡང་། ཚེ་སྲོག་གི་་རྒོལ་བ་ཇི་ལྟར་ འཇིགས་རུང་། དྲང་བདེན་སྐྱོང་ཞིང་། བདེན་པ་སྨྲ་བའི་སྙིང་སྟོབས་ནི་ དེ་ལས་ཀྱང་ཆེའོ།། གཡོ་རྫུན་དང་། གདོལ་སྤྱོད་ཀྱི་དཔུང་ཁ་ཇི་ལྟར་རྒོད་ཀྱང་དེའི་ལྡོག་ ཕྱོགས་སུ་འགྲེང་ནས་དྲང་བདེན་སྐྱོང་བ་ནི་ཁོང་གི་མི་ཚེའི་སྙིང་པོ་དང་། དྲང་བདེན་གྱི་བསམ་གཞིག་བགྱི་བ། དྲང་བདེན་གྱི་རྩོམ་ལ་འཇུག་པ་ སོགས་ཁོང་གི་དམིགས་དབེན་མཐར་ཐུག་གོ། དགེ་ཆོས་ཀྱིས་བསམ་བློ་དང་། སྤྱོད་པ་སོགས་གཅིག་ཏུ་འདྲེས་པའི་ བླ་ན་མེད་པའི་བསམ་སྦྱོར་དེ་དག་གིས་ཁོང་གི་གསུང་རྩོམ་ལ་རིན་ཐང་་ལྡན་པར་མ་ཟད། མི་ཚེ་གཅིག་ལ་བཀླག་ཀྱང་བྲོ་བ་མི་འཆོར་བའི་རིན་ ཐང་ལྡན་པ་རེད། རྒྱུ་མཚན་དེ་དག་གིས་ཁོང་ནི་ཤེས་ཡོན་ཅན་གྱི་ཚད་གཞི་ཏུ་བདག་གིས་འཇོག་ལ། ཁོང་གི་མི་ཚེ་ཡོངས་རྫོགས་བླུན་རྨོངས། ལོག་སྤྱོད། རྗེས་ ལུས་ཀྱི་མི་རིགས་འདིའི་ཆེད་དུ་རྫོགས་པ་ཞིག་གོ། ང་ཚོའི་མི་རིགས་འདིའི་སྔོན་ཆད་ཀྱི་མཁས་པའི་དབང་པོ་ཐམས་ཅད་ ཀྱིས་བསམ་བློ་དང་། ལྟ་ཚུལ་གསར་པ་ཅི་ཡང་མེད་པར། བསྐྱར་ཟློས་ ཁོ་ན་ལས་“སྔོན་ཆད་མ་བྱུང་པ་ཡང་འདིར་བརྗོད་མེད་“ལ། འགྲེལ་ བ་དང་ཡང་འགྲེལ་བརྩམས་ཤིང་། དཔེ་རྙིང་གི་ཀློང་དུ་མགོ་བོ་འཁོར་ བ་ལས། དཔྱོད་ཤེས་ཀྱི་བློ་གྲོས་ལ་བརྟེན་ནས་དོགས་སློང་དང་། དགག་ སྒྲུབ། ཚུར་ལེན་བྱེད་པ་སོགས་ད་ལྟའི་དམིགས་མདུན་གྱི་གནས་བབས་ ལ་གཞིག་པའི་རྩོམ་ཡིག་རེ་གཉིས་ལས་མཐོང་རྒྱུ་མེད་པ་ནི་ཅི་འདྲ་་ སྐྱོ་འོས་པ་ཞིག་རེད་ཨང་། གནས་བབས་དེ་དག་གི་འོག་ནས་དགེ་ཆོས་ནི། ལོག་སྤྱོད་དང་། བླུན་ རྨོངས་གྱི་ཁ་ཡ་ངོ་ཡ་རུ་ལང་ནས། དྲང་བདེན་གྱི་བསམ་གཞིག་དང་། དོགས་སློང་། དགག་སྒྲུབ། ཚུར་ལེན་བྱས་པ་རྒྱུད་བདེན་པའི་རྗེས་སུ་ འབྲང་ཞིང་། བདེན་པའི་རྩོམ་ཡིག་བྲིས་ཏེ། མི་ཡི་རྩ་བའི་འདུ་ཤེས་ སླར་གསོ་བྱེད་པའི་ཕྱིར་དང་། བྱིས་པའི་ཚུལ་བབས་ལས་ཐར་བའི་ ཕྱིར་དུ་ངལ་བ་ཆད་དུ་བསད་པ་སྟེ། ཁོང་གིས་“མཐོ་རིས་ཐར་པའི་ དངོས་རྒྱུ་མི་བྱེད་ཀྱང་། །གསེར་དང་དངུལ་གྱི་འདུ་སྒོ་མི་ཡོང་བའི། ། བར་མ་དོ་རུ་གནས་པའི་གནད་འདི་དག །ཀུན་གྱིས་བོར་ཀྱང་ཁོ་བོའི་ ཞིབ་ཏུ་དཔྱད་“ཞེས་དང་། ཡ་མཚན་བུ་རམ་སྦྱར་བའི་སྦྲང་གི་ཆང་། ། ཡང་ཡང་འཐུང་བས་མགོ་བོ་དཀྲུགས་པ་ལ། །རྫུན་གྱི་ལན་ཚྭ་བྲལ་བའི་ གཙང་མའི་ཆུ། །ནན་གྱིས་སྦྱིན་པའི་ངལ་བ་ཁོ་བོས་བྱས་“ཞེས་པ་ལྟར་རོ།། 6 དགེ་འདུན་ཆོས་འཕེལ་མཆོག་དགུང་གྲངས་༤༨ལ་སོན་པའི་ལོ་སྟེ་ སྤྱི་ལོ་༡༩༥༡ནི་ཁོང་ལྷ་ལྡན་གྲོང་ཁྱེར་ནས་འུ་ཅག་དང་ཞལ་གྱེས་པའི་ ལོ་རེད། ཁོང་སྐུ་མ་གཤེགས་པའི་སྔོན་དུ་མི་ཚེའི་སྡོམ་ཚིག་ལྟ་བུ་ཞིག་ གསུངས་པ་འདི་ལྟར། “རོ་དང་མཚུངས་པའི་ལུས་པོ་འདི།། ག་དུས་ཤི་ ཡང་མི་འགྱོད་དེ། ། གསེར་དང་མཚུངས་པའི་རྣམ་དཔྱོད་འདི། ། མཉམ་དུ་ ཤི་ན་ཤིན་ཏུ་ཕངས་“ཞེས་དང་། “ངས་དཀའ་ལས་ཏོག་ཙམ་རྒྱབ་པ་ དེ། ཡིན་རྒྱུ་ནི་བོད་ཀྱི་དོན་དུ་བྱས་པའི་ཁུལ་ཡིན་ཡང་། གང་ཡང་བྱུང་ མ་སོང་། དེ་ལས་ཁྱོད་རང་འདི་འདྲ་བྱས་ནས་སེམས་ལ་ཞོགདཔེར་ན། ལུང་པ་ཁ་བྱང་ལྟ་ཞིག་གི་ནང་དུ་མེ་ཏོག་དཀར་པོ་སྙིང་རྗེ་བོ་ཞིག་སྐྱེས། དེ་དྲི་མ་སྣོམ་མཁན་ཕར་ཞོག མིག་ཟུར་ཞིག་གིས་ཀྱང་ལྟ་མཁན་མ་རྙེད་ པར་ལུང་པ་ཁ་བྱང་ལྟ་དེ་རང་ནང་དུ་སྐམ་པ་འདྲ་བ་ཞིག་རང་རེད།“ ཅེས་གསུངས་ལ། དེ་དག་ནི་ཁོང་གིས་མི་རིགས་ཀྱི་འགན་འཁྲི་ཕྲག་ ཏུ་བླངས་ཏེ་རྗེས་ལུས་དང་། བླུན་རྨོངས། ལོག་སྤྱོད་ཀྱི་མི་རིགས་ཞིག་ གི་མ་འོངས་བར་བསམ་ནས་མི་ཚེ་གཅིག་གི་རིན་ཐང་ཡོད་ཚད་དེ་ཡི་ ཕྱིར་དུ་ཕུལ་བའི་སྡོམ་ཚིག་ཅིག་རེད། དགེ་ཆོས་ཁོང་ང་ཚོ་དང་ཁ་བྲལ་ནས་མི་ལོ་༦༠འགོར་སོང་མོད། ཡིན་ ནའང་ཁོང་གི་བསམ་བློའི་སྙིང་སྟོབས་དང་། མི་གཞི་སྤྱོད་པ་སོགས་ཀྱི་ རིན་ཐང་ནི་ད་ལྟ་དངོས་སུ་ཇེ་ཆེ་ནས་ཇེ་གསལ་དུ་འགྱུར་བཞིན་པའི་སྒང་རེད་ཅེས་བརྗོད་ན་ཆོག་ཆོག་རེད། ལྷག་པར་དུ་ཉེ་ཆར་དགེ་ཆོས་ཀྱི་བསམ་བློའི་སྙིང་སྟོབས་རེ་རེ་དུས་རབས་གསར་བའི་རྟོགས་སད་པ་དག་གི་རྣམ་ཤེས་ཁྲོད་དུ་ལྷུང་བཞིན་པ་མཐོང་ལ། ཁོ་ཚོར་མཚོན་ན་ཡར་རྒྱས་ཀྱི་ལམ་དུ་འགྲོ་བར་དགེ་ཆོས་ཀྱི་བསམ་ བློའི་སྙིང་སྟོབས་དང་། མི་གཞི་སྤྱོད་པ་སོགས་ནི་གཏན་ནས་ཁ་བྲལ་ ཐབས་མེད་པ་ལྟ་བུ་ཞིག་ཏུ་གྱུར་འདུག བདག་གིས་འདི་ནས་ཁོང་གི་སྙིང་སྟོབས་ཞིག་གི་རིན་ཐང་གླེང་བཞིན་པའང་། ཁོང་གི་བསམ་བློའི་སྙིང་སྟོབས་རྒྱ་མཚོ་ལྟ་བུ་ལས་ཕྱོགས་ཙམ་མམ། ཟེག་ མ་ཙམ་ཞིག་མཐོང་བ་ཡིན་གྱི། དོན་ལ་ཁོང་གི་བསམ་བློའི་སྙིང་སྟོབས་ ནི་འདི་དང་འདི་ལྟར་ཞེས་བློ་དམན་བདག་གིས་དཔོག་ནུས་པ་ཞིག་ག་ ལ་ཡིན། འདི་ནི་ཤེས་ཡོན་ཅན་གྱི་གྲགས་ཅན་མི་སྣ་ལ་དགའ་ཞེན་དང་། བརྩི་དཀུར་གྱི་བསམ་བློ་མཚོན་ཕྱིར་དང་། དགེ་ཆོས་མཆོག་འཇིག་རྟེན་ སྒང་འདི་ནས་རང་ཅག་དང་ཞལ་གྱེས་ནས་ལོ་འཁོར་༦༠ལོན་པའི་རྗེས་ དྲན་དུ་ཕུལ་བའོ། །



གདོལ་སྤྱོད་དང་དོན་དམ།j


གནའ་ནས་ད་བར་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ལས་རྟོགས་ཐུབ་པ་ ཞིག་ནི། ཡང་དག་པའི་ཐབས་ལམ་དོན་དམ་དང་། ཡང་དག་མ་ཡིན་ པའི་གདོལ་སྤྱོད་སྟེ། ལམ་ལུགས་དེ་གཉིས་ཀྱི་འགལ་རྩོད་དང་། རྒྱལ་ཕམ་ ཁྲོད་ནས་མིའི་རིགས་ཀྱི་སྤྱི་ཚོགས་འཕོ་འགྱུར་དང་འཕེལ་རྒྱས་བྱུང་ བ་ཡིན་པ་ཤེས་ཐུབ། བོད་གངས་ཅན་པའི་སྤྱི་ཚོགས་ཡང་དེ་ལས་མ་འདས་པས་གནའ་ནས་ ད་བར་དུ་དོན་དམ་མམ་ཡང་དག་པའི་ཐབས་ལམ་དང་། གདོལ་སྤྱོད་ གཉིས་པོའི་ལམ་ལུགས་ཀྱི་འགྲན་རྩོད་འོག་ནས་འཕེལ་རྒྱས་དང་ཉམས་

j གདོལ་སྤྱོད་ནི་ལོག་སྤྱོད་དང་། གདུག་རྩུབས་ཀྱི་རང་བཞིན་ཅན་གྱི་ལམ་ལུགས་དང་། དོན་དམ་ནི་ ཡང་དག་པ་དང་། བདེན་པའི་རང་བཞིན་ཅན་གྱི་མི་གཤིས་རིང་ལུགས་སོ། ། རྒུད་ཅི་རིགས་རྒྱུད་ནས་འོང་བ་ལུས་ཡིན། དེ་ལས་བོད་སིལ་བུའི་དུས་སྐབས་ནས་བཟུང་ད་བར་དུ་གདོལ་སྤྱོད་ཀྱི་ བསྟན་པ་ཆེས་ཆེར་དར་བའི་དུས་སྐབས་ཤིག་རེད་ཅེས་བརྗོད་ན་ཆོག་ པར་སེམས། གང་ལགས་ཞེ་ན། བོད་ཀྱི་བཙན་པོ་འུ་དུམ་གྱི་དུས་སུ་ རྒྱལ་སྲིད་སྟོང་ཞིང་འབངས་གྱེན་ལོག་བྱུང་ནས། མི་ཆོས་ཀྱི་རྩ་བའི་ རྒྱུན་ཤེས་ཉམས་པ་དང་། རིམ་བཞིན་གདོལ་སྤྱོད་ཀྱི་སྤྱོད་པ་སྣ་ཚོགས་ དར་བས་རྒྱུད་མར་བསྐྱངས་ཏེ། བཙན་པོའི་སྐབས་ཀྱི་ཡང་དག་པའི་ རྒྱལ་ཁྲིམས་ཉམས་རལ་དུ་གྱུར་པ་དང་། ཆོས་ལུགས་སྐྱོང་བའི་བླ་ཆེན་ འགའ་རེའི་སྲིད་ཀྱི་བྱ་བར་རྐང་ལག་བརྐྱངས་ཏེ་སྤྱོད་པ་འཁྱར་མ་འཁྱོལ་ གྱི་ངང་ནས། གྲུབ་མཐའ་ཁག་གི་བླ་ཆེན་རྣམས་ཀྱིས་སྲིད་དབང་འཕྲོག་ རེས་ཀྱི་འགྲན་རྩོད་ཁྲོད་ནས་ཆོས་ལུགས་ཕན་ཚུན་བར་འཐབ་རྩོད་བྱས་ ཤིང་། བོད་ཀྱི་ལོ་རྒྱུས་ཁྲོད་ཁྲག་དྲི་བྲོ་བའི་གཏམ་རྒྱུད་མང་པོ་བསྐྲུན་ པ་སོགས་གདོལ་སྤྱོད་ལམ་ལུགས་ཁོ་ནས་ད་བར་རྒྱུན་བསྐྱངས་ཏེ་ཀྱག་ ཀྱོག་གི་ལོ་རྒྱུས་འདི་རྒྱུད་ནས་འོང་བ་ཡིན་ནོ།། བོད་རྗེས་ལུས་ཀྱི་རྣམ་པ་འདི་དུས་རབས་དང་མཐུན་པར། ཡར་རྒྱས་ ཀྱི་ལམ་དུ་གོམ་ཁ་སྒྱུར་བ་ལ་དཀའ་ཁག་འདི་འདྲའི་ཆེན་པོ་བྱུང་བའང་། གདོལ་སྤྱོད་ལམ་ལུགས་སྣ་ཚོགས་ཀྱི་བག་ཆགས་ངན་པ་དེའི་ས་བོན་ཕོག་ཚད་གཏིང་ཟབ་པའི་རྐྱེན་གྱིས་རེད་ཅེས་མི་བཤད་ཐབས་མེད་རེད། རྒྱུ་ མཚན་ནི། བཙན་པོའི་སྐབས་ཀྱི་ཆོས་ཆོས་བཞིན་དུ་སྒྲུབ་པའི་ལག་ལེན་དང་། སྲིད་སྲིད་བཞིན་དུ་སྐྱོང་བའི་ལམ་ལུགས་དོན་དམ་གྱི་ཐོག་ནས་འགྲོ་བའི་ཆོས་ ཁྲིམས་ལེགས་ཤིང་། རྒྱལ་ཁྲིམས་བཟང་བས། མི་ཆོས་ཀྱི་རྩ་བའི་ལག་ལེན་ ལག་ཏུ་ཐེབས་པའི་སྟབས་ཀྱིས་སྟོབས་འབྱོར་མངའ་ཐང་ཆེས་ཆེར་དར་ བ་དེའི་ཐབས་ལམ་ཕྱིན་ཅི་མ་ལོག་པ་སྐྱོངས་ཐུབ་ཡོད་ན། ད་ལྟའི་ཡ་ ང་བའི་གནས་བབས་འདི་འདྲ་ཡོང་མི་སྲིད་པས་སོ།། བོད་ཀྱི་kཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་སྐྱོང་སྟངས་དེ་ནི་གདོལ་སྤྱོད་རིང་ལུགས་ཀྱི་ཤན་ཤུགས་ཐེབས་པ་ཞིག་ཏེ། རང་དབང་དང་། དམངས་གཙོའི་ལམ་བཟང་བོད་ཏུ་སྤེལ་མི་ཐུབ་པའི་རྩ་བའི་འགོག་རྐྱེན་་་ དུ་གྱུར་ཡོད། གདོལ་སྤྱོད་ལམ་ལུགས་དེ་དག་སྐྱོང་མཁན་ལུགས་གཉིས་ལ་དབང་བསྒྱུར་བ་པོ་རུ་འདོད་པ་དག་དང་། ས་སྐྱོང་ཆེན་པོ་རུ་རློམ་པ་དེ་དག་གི་སྲིད་

kའདིའི་སྐོར་《ལུགས་གཉིས་ཟུང་འབྲེལ་ལམ་ལུགས་ལ་བལྟས་པའི་བསམ་གཞིག》 ཞེས་པར་བསྟན་ཡོད་པས་ དེར་བལྟས་ན་ངེས་ཤེས་ཅུང་ཟད་རེ་སྐྱེ་ཐུབ་བམ་སྙམ། 《དྲང་བདེན་སྙིང་སྟོབས་》ཞེས་པའི་དེབ་ཏུ་གསལ། ཟླ་བ་བཟང་པོས་བརྩམས། དབང་སྒེར་བཟུང་དང་། བྲན་གཡོག་ལམ་ལུགས་སོགས་རང་གི་སྲིད་ དོན་གྱི་རྩ་བར་བཟུང་བཞིན་ཡོད་པས། གདོལ་སྤྱོད་ལམ་ལུགས་སྐྱོང་མཁན་ ལུགས་གཉིས་ལ་དབང་སྒྱུར་བ་པོ་རུ་འདོད་པ་དག་དང་། ས་སྐྱོང་ཆེན་པོ་ རུ་རློམ་པ་དེ་དག་གི་སྲིད་དབང་སྒེར་བཟུང་དང་། བྲན་གཡོག་ལམ་ ལུགས་སོགས་རང་གི་སྲིད་དོན་གྱི་རྩ་བར་བཟུང་བཞིན་ཡོད་པས། ཁོ་ ཚོའི་ཆེས་རྩ་བའི་ལྡོག་ཕྱོགས་སུ་གྱུར་པ་ནི། དམངས་གཙོའི་ལམ་ལུགས་ སོགས་དོན་དམ་གྱི་ལམ་ལུགས་ཡིན་པས། ཁོ་ཚོའི་ལྟ་ཚུལ་སྤྱོད་ཚུལ་ དང་མི་མཐུན་པའི་དོན་དམ་གྱི་ལམ་ལུགས་ཡོད་ཚད་རྩད་ནས་འཇོམ་ བཞིན་འདུག ཆོས་པའི་ཆོས་ལུགས་ཀྱི་ལག་ལེན་དང་མི་མཐུན་ཞིང་། འཇིག་རྟེན་པའི་ མི་ཆོས་དང་ཡང་མི་འདྲ་བའི་སྤྱོད་པ་འཁྱལ་མ་འཁྱོར། ལམ་ལུགས་ འདྲ་མ་འདྲེས་དེ་དག་རིམ་བཞིན་དར་བས་ད་ལྟའི་བར་ཕྱུག་པོར་བཀུར་ཞིང་། དབུལ་པོར་སྡང་བ། མཐོན་པོར་གུས་ཤིང་། དམའ་མོར་སྨོད་པ། དྲང་པོ་དོར་ཞིང་། རྫུན་པར་འཇུག་པ་ལ་སོགས་པའི་གདོལ་སྤྱོད་སྣ་ཚོགས་ ཀྱིས་དུས་འདའ་བར་བྱས་སོ།། ད་དུང་གདོལ་སྤྱོད་མཁན་དེ་དག་གིས་སྤྱོད་ངན་ལེགས་པའི་སྲོལ་་ དང་། ལྷ་ཡི་སྤྱོད་པར་བསྒྲོགས་ཤིང་། སྲོག་ཟློས་ཀྱིས་སྐྱོང་བཞིན་་་་ ཡོད། དོན་དམ་གྱི་ལམ་ལུགས་སྐྱོང་མཁན་གྱི་སྐྱེ་བོའི་བསམ་སྦྱོར་ལ། འདྲེ་ཡི་ལྟ་སྤྱོད་དུ་མཐོང་ནས་ཆབ་སྲིད་ཀྱིས་མནར་གཅོད་གཏོང་ངེས། ཐ་ན་འཇིག་རྟེན་མི་ཡུལ་ནས་སྐྲོད་པའི་སྦྱོར་བའང་རྩོམ་སྲིད་པར་མ་ཟད། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་བྱེད་པ་རེད། ནུབ་ཕྱོགས་ཀྱི་ཕུལ་དུ་བྱུང་བའི་རྒྱལ་ཁབ་དང་། མི་རིགས་དག་གིས། དོན་དམ་གྱི་ལམ་ལུགས་དམངས་གཙོའི་ཐབས་ལམ་གྱིས་མི་དམངས་་ཀྱི་ཆེད་དང་། སྤྱི་ཚོགས་ཀྱི་ཆེད་དུ་བྱ་བ་སྣ་ཚོགས་བྱེད་བཞིན་འདུག་ ལ། བོད་མིས་གདོལ་སྤྱོད་ལམ་ལུགས་ཀྱིས་རང་གི་ཆེད་དང་། གོ་ཐོབ་ ཀྱི་ཕྱིར་དུ་བྱ་ངན་སྣ་ཚོགས་སྤེལ་བཞིན་མཆིས། ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་བུ་དག་གིས་ཉམས་ཆུང་མི་སེར་རེ་རེ་ནས་ཡར་སློང་བཞིན། མི་སེར་རྒྱལ་ཁབ་དང་། མི་སེར་སྤྱི་ཚོགས། མི་སེར་ ཆབ་སྲིད་ཞིག་བསྐྲུན་བཞིན་འདུག་ལ། བོད་མིས་ཚོགས་སྤྱི་ཆེན་པོ་ ཞིག་སྐྱོང་ཕྱིར་སྒེར་གཅོད་དང་། སྒེར་སྡོམ་བྱེད་བཞིན་མཆིས། ནུབ་ ཕྱོགས་ཀྱི་མི་རིགས་དག་གིས་ཤེས་འཇོན་ལྡན་པའི་མི་སྣར་བརྩི་བཀུར་ལྡན་པས། འདྲ་མཉམ་དང་། མཉམ་སྒྲུབ་ཀྱི་བྱ་བས་ལེགས་བཅོས་བྱེད་ བཞིན་འདུག་ལ། བོད་མིས་གྲགས་ཅན་མི་སྣར་དམའ་འབེབས་ཀྱིས། ལྐོག་གཡོ་ངན་འཕྲུལ་གྱི་གདོལ་སྤྱོད་ལམ་ལུགས་འཁྲེགས་འཛིན་བྱེད་བཞིན་མཆིས། ནུབ་ཕྱོགས་རྒྱལ་ཁབ་དག་གིས་འགྲོ་བ་མིའི་དཀྱེལ་ཡང་གི་བསམ་བློ་་དང་། ཡོངས་ཁྱབ་རིན་ཐང་ལ་དགའ་མོས་བྱེད་བཞིན། མི་སྐད་སྨྲ་ ཞིང་། མི་ཡི་སྤྱོད་པ་སྐྱོང་བ་དང་། མི་གྲལ་དུ་འགྲོ་བཞིན་འདུག བོད་ མིས་གུ་དོག་གི་བསམ་བློའི་ཨུ་ཚུགས་ཀྱི་ལྟ་བ་སྐྱོང་བཞིན་མི་མིན་ཟོག་མིན་དུ་འཚོ་བཞིན་མཆིས་སོ།། ཁྱད་པར་དང་། དབྱེ་བ། ལམ་བུ་ཐ་དད་འདི་དག་གི་སྟེང་ནས་གང་ ཞིག་གདོལ་སྤྱོད་དང་། གང་ཞིག་དོན་དམ་ཡིན་པའི་ངེས་ཤེས་རྙེད་ པར་མ་ཟད། ད་དུང་དེ་ལས་གང་ཞིག་རྗེས་ལུས་དང་། གང་ཞིག་ འཕེལ་རྒྱས་ཅན་ཡིན་པའང་རྟོགས་པར་འགྱུར་རོ།། སྤྱིར་ཆོས་དང་འཇིག་རྟེན་གང་གི་ལམ་ལུགས་ཡིན་ཡང་དོན་དམ་དང་། གདོལ་སྤྱོད་གཉིས་ཀྱིས་ཁྱབ་ཡོད་པ་ཞིག་རེད། ཆོས་ལུགས་འགའ་ ཞིག་དོན་དམ་དང་འགའ་ཞིག་གདོལ་སྤྱོད་ཀྱི་རང་བཞིན་ཡིན། དེ་ བཞིན་མི་ཆོས་ལམ་ལུགས་འགའ་ཞིག་དོན་དམ་དང་འགའ་ཞིག་གདོལ་ སྤྱོད་ཀྱི་རང་བཞིན་ནོ།། དོན་དམ་གྱི་ལམ་ལུགས་སུ་གཏོགས་པ་ཐམས་ཅད་འདྲ་མཉམ་དང་། གཞུང་དྲང་། སྙིང་རྗེ། བདེན་པ་འབའ་ཞིག་ཡིན་ལ། གདོལ་སྤྱོད་ ལམ་ལུགས་ཀྱི་རིགས་སུ་གཏོགས་པ་ཡོད་ཚད་གདུག་རྩུབ་དང་། སྒེར་གཅོད། བཙན་ཤེད། ཕུང་སྦྱོར་རྐྱང་པའོ།། ད་ལྟ་རྒྱུག་ཆེ་བའི་དོན་དམ་གྱི་ལམ་ལུགས་ནི་ཅི་འདྲ་ཞིག་རེད་ཟེར་ན། མི་ཡི་ཐོབ་ཐང་རྩི་་བ། དམངས་གཙོའི་བསམ་བློ་ཡོད་པ། འདྲ་མཉམ་ གྱི་ལྟ་བ་ཡོད་པ། དད་མོས་རང་དབང་ཡོད་པ། སྨྲ་བརྗོད་རང་དབང་ ཡོད་པ། ལས་རྒྱུ་འབྲས་ཀྱི་བློ་མིག་ལྡན་པ། ཕོ་མོ་འདྲ་མཉམ་གྱི་ལྟ་བ། ཁོར་ཡུག་སྲུང་སྐྱོབས་ཀྱི་བློ་ཡོད་པ། ཚེ་སྲོག་ལ་གཅེས་པ་ལ་སོགས་པ་དང་། ང་ཚོའི་མི་ཆོས་བསམ་སྦྱོར་གྱི་རྒྱུན་ཤེས་ཉམས་བརླག་ཏུ་གྱུར་པས་ད་ལྟ་་ རང་ཅག་གི་རྒྱུད་ལ་མེད་པ་མ་གཏོགས་བོད་བཙན་པོའི་སྐབས་ཀྱི་མི་ཆོས་་ ལྟ་བུ་སོགས་ཡོད་དོ།། ད་ལྟ་སྤྱི་ཚོགས་ཁྲོད་ཁྱབ་ཆེ་བའི་གདོལ་སྤྱོད་ལམ་ལུགས་ནི། སྒེར་གཅོད་ དང་། འདྲ་མཉམ་མིན་པ། མཐོ་དམན་དགར་བ། སྨྲ་བརྗོད་བཏང་ འཛིན་བྱེད་པ། ཚོགས་སྒྲིལ་བཏང་འཛིན་བྱེད་པ། དམངས་ཀྱི་བྱ་བར་ བཏང་འཛིན་བྱེད་པ་སོགས་དང་། དེའི་སྟེང་རང་ཅག་གི་ཡུལ་ནས་ བྱུང་བའི། ཆོས་ལུགས་ཕྱོགས་རིས་བྱེད་པ། སྲིད་དབང་སྒེར་གཅོད་ བྱེད་པ། བྲན་གཡོག་གི་འདུ་ཤེས་བཟུང་བ་སོགས་ཀྱང་གདོལ་སྤྱོད་ ལམ་ལུགས་སུ་བགྲངས་ཆོག་གོ། དོན་དམ་གྱི་ལམ་ལུགས་ཡོད་དགུ་ནི་མིའི་རིགས་ལ་སྔར་ལས་ལྷག་པའི་ཕན་ནུས་ལྡན་པའི་འཕེལ་རྒྱས་དང་། བདེ་སྐྱིད་བསྐྲུན་པའི་ཐབས་ལམ་ ཉག་ཅིག་ཡིན་ལ། གདོལ་སྤྱོད་ཀྱི་ལམ་ལུགས་ཐམས་ཅད་མིའི་རིགས་ལ་ གནོད་པ་དང་། ཉམས་རྒུད་དུ་འགྲོ་བའི་ལག་ལེན་ཁོ་ནའོ།། མིའི་རིགས་ཀྱི་ལོ་རྒྱུས་ནང་དུ་ཤེས་ཡོན་ཅན་གྱི་སྐྱེས་བུ་གང་མང་ཞིག་གིས་དོན་དམ་གྱི་ལམ་ལུགས་ལ་བརྟེན་ནས་མིའི་སྤྱི་ཚོགས་སྔར་ལས་ཕུན་སུམ་ཚོགས་པ་ཞིག་དང་། བདེ་སྐྱིད་ལྡན་པ་ཞིག་སྐྲུན་པར་ཅི་ འདྲའི་དཀའ་ལས་མང་པོ་རྒྱབ་ཡོད་པ་མཐོང་ཐུབ་ལ། དེ་བཞིན་རང་ ཅག་གི་ལོ་རྒྱུས་ཁྲོད་དུའང་། ཤེས་ཡོན་ཅན་གྱི་མི་བུ་འགའ་ཡིས་དོན་ དམ་གྱི་ལམ་ལུགས་ཀྱིས་རྗེས་ལུས་མི་རིགས་ཀྱི་སྤྱི་ཚོགས་འཕེལ་འགྱུར་ཡོངས་ བར་དཀའ་སྡུག་གང་མང་མྱང་ཡོད་པ་རེད་ཨང་། ཡིན་ནའང་བོད་ལ་གདོལ་སྤྱོད་ཀྱི་ལམ་ལུགས་ཤིན་ཏུ་དར་ཁྱབ་ཆེ་བ་སྟེ། དཔེར་ན། སྲིད་དབང་སྒེར་གཅོད་ཀྱིས་དབང་སྒྱུར་བྱེད་པ། གྲལ་ རིམ་གྱི་འཐབ་རྩོད་བྱེད་པ། མཐོ་དམན་འབྱེད་པ། ཉམས་ཆུང་བཙན་ པོའི་ཟ་བ་ལ་སོགས་གདོལ་སྤྱོད་ཁོ་ནས་མི་དགེ་བའི་ལས་བསགས་ཡོད་པའི་ལོ་རྒྱུས་དང་། དངོས་ཡོད་གནས་ཚུལ་ལ་བལྟས་ན་མི་མཐོང་མི་ ཤེས་བ་ཞིག་ག་ལ་ཡིན། ད་སྔོན་རྒྱ་ནག་གིས་བོད་ལ་ལྐོག་གཡོ་ངན་ འཕྲུལ་གྱིས་གདོལ་སྤྱོད་ལམ་ལུགས་སྣ་ཚོགས་སྤེལ་ནས་བོད་ལ་དབང་བསྒྱུར་བྱས་ཏེ། དཔེ་མི་སྲིད་པའི་མནར་གཅོད་དང་། སྲོག་བཅོམ། བཙན་གནོན་བྱས་པའི་མཐར་ཐུག་གི་དམིགས་ས་ནི། མངའ་རིས་ འཕྲོག་ཤིང་། དབང་བསྒྱུར་བྱེད་པའི་ཆེད་དུ་ལུས་ཡིན། ད་དུང་ ”འབྲོང་བསད་པ་མི་ཚད་རྔ་མ་ཕྱར་”ཏེ་”ཞི་བའི་བཅོས་སྒྱུར་”ལ་སོགས་ པའི་མིང་སྙན་པོའི་རྒྱན་པར་བྱེད་པ་འདི་དག་ནི་གདོལ་སྤྱོད་རིང་ལུགས་ ཀྱི་ལྟ་སྤྱོད་དང་། ལག་ལེན་ངོ་མ་བོ་རེད་ལ། དེས་རྒྱ་ནག་ནི་གདོལ་ སྤྱོད་ལམ་ལུགས་ཀྱི་དཀྱིལ་སྙིང་ལྟ་བུ་ཡིན་པ་མཚོན་འདུག བོད་ཀྱི་སྤྱི་ ཚོགས་ནི་ད་སྔོན་མི་ལོ་དུ་མའི་རིང་ལུགས་གཉིས་མཉམ་བསྲེས་ཀྱི་ལྟ་ཚུལ་དང་སྤྱོད་ཚུལ་དེའི་གནོན་ཤུགས་འོག་ནས། གདོལ་སྤྱོད་ལམ་ ལུགས་སྣ་ཚོགས་སིམ་འཛུལ་བྱུང་ཞིང་། བཀའ་ཤག་སྲིད་གཞུང་གི་དཔོན་ རིགས་དག་གིས་ཐོབ་གོ་ས་གཙིགས་སུ་འཛིན་ཞིང་། མཚན་སྙན་གྲགས་ རྒྱན་དུ་བཟུང་ནས་དེའི་ཆེད་དུ་གདོལ་སྤྱོད་སྣ་ཚོགས་སྤེལ་བར་མ་ཟད། ཤེས་ཡོན་ཅན་དང་། མཁས་པར་ཕྲག་དོག་གིས་ལྟ་ཚུལ་བཟུང་བ་དང་། ལུགས་དང་མི་མཐུན་པའི་མནར་སྤྱོད་གཏོང་བ། གཅེས་སྲོག་འཕྲོག་ པ་སོགས་གདོལ་སྤྱོད་ལམ་ལུགས་འབའ་ཞིག་གིས་ཆབ་སྲིད་དབང་སྒྱུར་ བྱེད་པ་ལས། ཉམས་ཆུང་མི་སེར་གྱི་བདེ་སྡུག་ལ་སེམས་ཁྲལ་དང་། དོ་ ཁུར་ནམ་ཡང་བྱེད་མ་མྱོང་ངོ་།། སྔོན་ཐོན་གྱི་མི་རིགས་དག་གིས་འཚོལ་སྙེགས་དང་རྩོད་ལེན་བྱ་རྒྱུ་ནི་་རང་དབང་དང་། བདེ་སྐྱིད། བདེན་པ་ཡིན་ལ། རང་ཅག་རེ་སྙེགས་ དང་། འཐབ་རྩོད་བྱ་ཡུལ་ནི་གོ་ས་དང་། མཚན་སྙན། རྒྱུ་དངོས་རེད་ འདུག སྔོན་ཐོན་གྱི་མི་རིགས་དག་གིས་བདེན་པ་སྐྱོང་ཞིང་། རྫུན་ པར་རྒོལ་བས་མི་ཆོས་ཀྱི་རྩ་བའི་ལག་ལེན་དང་མ་འགལ་བར་སྤྱོད་པ་སོགས་དོན་དམ་གྱི་ལམ་ལུགས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ནུས་་ཤུགས་ཡོད་རྒུ་དཀྲུགས་བཞིན་འདུག་ལ། རང་ཅག་གིས་སྣོག་ལས་བྱེད་ བཞིན། དྲང་པོར་འཐབ་སྟེ་མི་ཆོས་ཀྱི་རྒྱུན་ཤེས་བརླག་ཅིང་གདོལ་སྤྱོད་ ཀྱི་ལམ་ལུགས་ལ་ཤི་འཐམ་བྱེད་བཞིན་འདུག སྔོན་ཐོན་གྱི་མི་རིགས་དག་གིས་འཇིག་རྟེན་གྱི་བདེ་སྐྱིད་དང་། ལོངས་ སྤྱོད་སོགས་ཡོད་ཚད་ནས་ཡོད་ཚད་རང་རང་གི་རྩོལ་སྒྲུབ་བྱས་པའི་འབྲས་ བུ་ལ་བརྟེན་ནས་ཐོབ་བཞིན་འདུག་ལ། རང་ཅག་གིས་འཇིག་རྟེན་གྱི་ བདེ་སྐྱིད་དང། ལོངས་སྤྱོད་ཐམས་ཅད་ནས་ཐམས་ཅད་ལྷ་ཡིས་གནང་ ཡོང་བར་ལག་པ་བཟེད་བཞིན་འདུག་གོ། ལམ་ལུགས་དང་ལམ་ལུགས། སྤྱི་ཚོགས་དང་སྤྱི་ཚོགས་མི་འདྲ་བའི་གནས་ བབས་འདི་དག་གི་འོག་ནས་རང་ཅག་གིས་རྟོག་ཐུབ་པ་ཞིག་ནི། མིའི་ རིགས་ཀྱི་སྤྱི་ཚོགས་དོན་དམ་ལམ་ལུགས་ཀྱི་ཐོག་ནས་འགྲོ་མ་ཐུབ་ན། བདེ་སྐྱིད་ཡོད་མི་སྲིད་ལ། ཡར་རྒྱས་ཡོང་ཁག་པོ་རེད། རྒྱ་ལ་ཡར་རྒྱས་ ཕྱིན་པའི་དབང་དུ་བཏང་ནའང་ཕར་བལྟས་ཙམ་ཡིན། མིའི་རིགས་ ཀྱི་སྤྱི་ཚོགས་གདོལ་སྤྱོད་ལམ་ལུགས་ཁོ་ནའི་སྟེང་སོང་བ་ཡིན་ན། བདེ་ སྐྱིད་གཏན་ནས་ཐོབ་མི་སྲིད་ལ། ཡང་དག་པའི་འཚོ་གནས་ཡར་རྒྱས་ འབྱུང་མི་སྲིད། ངེས་ཤེས་འདི་དག་ལ་བརྟེན་ནས་རང་ཅག་གིས་གདོལ་སྤྱོད་རིང་ལུགས་ གཙང་སེལ་བྱེད་པ་དང་། དོན་དམ་ལམ་ལུགས་སྤེལ་བའི་ཕྱིར་དུ་བདེན་ འཚོལ་རྫུན་གཏོར་གྱི་ལས་འགུལ་ཞིག་གིས་གདོལ་སྤྱོད་ལ་འཐབས་ ཤིང་། དོན་དམ་ལ་འཚོལ་བསྙེག་བྱེད་པའི་ལམ་བུ་ཞིག་མི་བརྒྱུད་ ཐབས་མེད་རེད།

༢༠༡༡ /༣ /༢༢




འཚོལ་སྙེག་ཁྲོད་ཀྱི་ལམ་གྲོ།


1 བདག་གིས་འཚོལ་ཞིང་སྙེགས་པའི་མི་ཚེའི་བརྒྱུད་རིམ་ཁྲོད། བསམ་ སྦྱོར་གང་གི་ཐད་ནས་ཀྱང་། མིག་ལྟོས་སུ་གྱུར་པའི་མི་སྣ་ནི་རྒྱལ་དབང་ བཅུ་གསུམ་པ། ལུང་ཤར་རྡོ་རྗེ་ཚེ་རྒྱལ། དགེ་འདུན་ཆོས་འཕེལ། དོན་གྲུབ་ རྒྱལ་སོགས་དང་། ད་ལྟའི་ཞོགས་དུང་དང་། སྒོ་ཤེས་སོགས་ཡིན་ཞིང་། ཤུགས་རྐྱེན་ཆེས་ཟབ་པའི་བསམ་བློའི་ལམ་གྲོ་ལྟ་བུར་གྱུར་པའི་དཔེ་ཆ་ དགེ་ཆོས་ཀྱི་རྩམ་ཆོས། དོན་གྲུབ་རྒྱལ་གྱི་གསུང་རྩོམ། ཞོགས་དུང་གི་ 《དོགས་སློང་སྙིང་སྟོབས།》 སྒོ་ཤེས་ཀྱི་《ང་ཚོ་སད་རན།》 འདི་དག་་ ནི་བདག་གིས་ཆེས་རྩི་བཀུར་དང་། དགའ་ཞེན་བྱེད་པའི་མི་སྣ་དང་། ཆེས་ཀློག་པར་སྤྲོ་བའི་དཔེ་ཆ་ཡིན་ལ། དཔེ་ཆ་འདི་དག་ནི་ལྟ་རིན་ཡོད་ པའི་དཔེ་ཆ་སྟེ། ལན་བརྒྱར་ཀླག་ཀྱང་བྲོ་བ་མི་ཉམས་ཞིང་། བདག་གི་ མི་ཚེའི་འཚོལ་སྙེགས་ཁྲོད་བསམ་བློའི་རོ་བཅུད་ལྡན་པའི་ལམ་གྲོ་ལྟ་བུ་ ཡིན་ནོ།། མི་སྣ་འདི་དག་ནི་ཉམས་རུལ་དུ་གྱུར་པའི་རང་རིགས་ཀྱི་སྤྱི་ཚོགས་ སྨག་རུམ་ཁྲོད་ཀྱི་དཔལ་འབར་ལྟ་བུ་རེད་འདོད་ཅིང་། ཁོང་ཅག་གི་ རྩམ་ཆོས་དེ་དག་ནི་ནད་ཐོག་གི་སྨན་ལྟ་བུ་ཏག་ཏག་རེད་དོ།།

                 2

ཁོང་ཅག་ནི་དེང་གི་མཁས་པའི་ཁྲི་ལ་འཛེགས་པ་འགའ་རེའི་”ཁ་བཤད་་ ཆུ་ཡི་ལྦུ་བ་”དང་། ”ལག་ལེན་གསེར་གྱི་ཐིག་པའི་”རྗེས་སུ་སོང་བ་ དེ་དག་དང་མི་འདྲ་བར། ”ཁ་ཐོག་གི་རི་མོ་”དེ་”དོན་ཐོག་ལ་འབབས་ ”པའི་རླབས་ཆེན་གྱི་བསམ་སྤྱོད་མཐོང་ཡོང་དུས་སྒལ་ཚིགས་ཅན་གྱི་མི་བུ་དེ་དག་གི་མི་གཞི་དང་། མི་སྐད་རྣལ་མ་སྨྲ་བའི་སྙིང་སྟོབས་ལ་ ཁོ་བོའི་དགའ་ཞེན་དང་། ཡི་རངས་ཤིག་རང་དབང་མེད་པར་ཤ་དང་ རུས་པའི་གསེང་ནས་ཤོར་འགྲོ། ཤེས་ཡོན་ཅན་གྱི་གྲགས་ཅན་མི་སྣ་དེ་ དག་གི་མི་གཞི་དང་། གསུང་རྩོམ་ལ་བདག་གིས་ཡུན་རིང་འཚོལ་ རྟོག་དང་། ལྟ་བཀློག་བྱས་པ་བརྒྱུད་བློ་འབྱེད་ཀྱི་ནུས་པ་ཆེས་ཆེར་ལྡན་ ཞིང་། དཔྱོད་ཤེས་ཀྱི་བློ་སྒོ་ཕྱེས་པར་གྱུར་ལ། འཚོལ་སྙེགས་ཁྲོད་ཀྱི་བདག་ གི་མདུན་ཕྱོགས་ཀྱི་ལམ་བུ་ཇེ་གསལ་དང་། ལངས་ཕྱོགས་ཀྱི་རྩ་བ་ཇེ་ བརྟན་དུ་གྱུར། དེ་ལས་རང་དབང་གི་བསམ་གཞིག་གཏོང་བའི་ དབུ་ཁྱུད་བྲིས་ཤིང་། རང་དབང་གི་དྲང་གཏམ་བརྗོད་པའི་སྤོབས་པ་ ཞིག་སྐྱེས། དྲང་པོ་དང་། བདེན་པ་སྐྱོང་བའི་སྙིང་སྟོབས་ཞིག་ཀྱང་ རང་ཤུགས་སུ་སྐྱེས་པར་གྱུར་ཏོ།། 3 ད་ལྟ་བདག་གིས་མི་ཚེའི་འཚོལ་སྙེགས་ཁྲོད་དཔྱོད་ཤེས་ཀྱི་བློ་མིག་དང་། དྲང་བདེན་གྱི་སྙིང་སྟོབས་ཀྱིས། སྤྱི་ཚོགས་དང་། རིག་གནས། ལོ་རྒྱུས་ སོགས་ལ་རང་དབང་གི་བསམ་གཞིག་བགྱིས་ཏེ། རང་གི་ལྟ་ཚུལ་བརྗོད་ པའི་རྩོམ་ཡིག་འགའ་ཞིག་ཕྱོགས་སུ་བསྡུས་ནས་འགྲེམ་སྤེལ་བྱེད་བཞིན་ ཡོད་ལ། དེ་ནི་བདེན་དོན་འཚོལ་ཞིང་གཡོ་རྫུན་ལ་རྒོལ་བའི་ལངས་ ཕྱོགས་ཀྱིས་ལོ་རྒྱུས་དང་། བསམ་བློ སློབ་གསོ། སྤྱི་ཚོགས་སོགས་བརྗོད་ བྱར་བྱས་ཡོད་པར་རློམ་གྱིན་ཡོད། ཡིན་ནའང་།”ཁ་ཡིས་བཤད་ན་ལྷ་ བཞེངས་”ཤིང་། ”ལག་གིས་བླངས་ན་སྣབས་ལུག་”པའི་ཁོ་བོའི་རང་ གིས་རང་ལ་ཞིབ་འདང་རེ་རྒྱབ་ཡོང་དུས་དོན་དངོས་ཐོག་ཁ་ཡིས་བཤད་

《བསམ་གཞིག》ཟླ་བ་བཟང་པོས་བརྩམས། 《དྲང་བདེན་སྙིང་སྟོབས། 》ཟླ་བ་བཟང་པོས་བརྩམས། པ་དེ། ལག་ལེན་གྱི་ཐོག་ནས་འཁྱོང་ཐུབ་ཀྱིན་མི་འདུག རྩོམ་པ་པོ་ཞིག་ཡིན་ན་ཁ་བཤད་དོན་ལ་གནས་པ། བསམ་པ་དང་། སྤྱོད་པ་གཉིས་མི་འགལ་བ་ཞིག་དགོས་མོད། དེང་གི་རྩོམ་པ་པོར་〔རང་ཉིད་ཚུད་པའི་〕རློམ་པ་ཕལ་མོ་ཆེའི་ཁ་ཡིས་ཆེན་པོ་བཤད་ཀྱང་། ལག་ལེན་དངོས་ཀྱི་ཐོག་ནས་འཇོན་གྱི་མེད་ལ། བསམ་པ་དང་། བཤད་པ། སྦྱོར་བ་གསུམ་པོ་ཕྱིན་ཅི་ལོག་ཏུ་འགྲོ་བཞིན་འདུག གནད་དོན་འདི་ དག་གི་སྟེང་ནས་གོང་གི་རླབས་ཆེན་གྱི་ཤེས་ཡོན་ཅན་དེ་དག་གི་ཁ་་ བཤད་དོན་ལ་གནས་པའི་བསམ་སྦྱོར་ལ་ལྷག་ཏུ་ཡིད་སྨོན་སྐྱེ་ཡོང་།

                  4

ཤེས་ཡོན་ཅན་དང་ཤེས་ཡོན་ཅན་མ་ཡིན་པའི་གནད་དོན་འདིའི་སྟེང་ ནས་གནམ་སའི་ཁྱད་པར་བྱུང་བ་རེད་ལ། དོན་ངོ་མར་རྩོམ་པ་པོ་ ཞིག་ཡིན་ན་ཁ་ཡིས་བཤད་བཤད་པོ་ཐམས་ཅད་ལག་ལེན་དངོས་ཀྱི་ ཐོག་ནས་འཇོན་དགོས་པ་ཞིག་ཡིན་དུས། ཁོ་བོའི་རང་གི་རང་ལ་ཁ་ནང་ དུ་སྐོར་ནས་ལྟ་དུས་རང་གིས་བྲིས་བྲིས་པོ་ཐམས་ཅད་ལག་ལེན་གྱི་སྟེང་ ནས་དེ་འདྲ་བསམ་པ་དང་། སྤྱོད་པ་གཅིག་ཏུ་མཐུན་པ་ཞིག་ག་ལ་ཡིན། དེ་འདྲའི་ལམ་དུ་འགྲོ་བར་ཡང་ལས་སླ་མོ་ཞིག་ག་ལ་ཡིན། འོན་ཀྱང་ རང་གིས་མི་ཚེ་འདིར་གདམ་པའི་ལངས་ཕྱོགས་ཀྱི་ལམ་བུ་དེ་ལས་ཕྱིར་ མི་ལྡོག་ཤིང་། དཀའ་སྡུག་ཇི་ལྟར་འཕྲད་ཀྱང་མུ་མཐུད་མདུན་བསྐྱོད་ ཀྱི་གོམ་ཁ་མི་ལྷོད་ལ། སྤོབས་པ་དང་། རེ་ལྟོས་ཆེན་པོའི་ནམ་ཡང་སེམས་ པ་ཡིད་ཆེས་ཀྱིས་བརྟས་སོ།། ༢༠༡༡/༢ /༥








ན་གཞོན་གསར་བར་བཟུང་བའི་ལྟ་ཚུལ།

A བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ན་གཞོན་གསར་བའི་མྱུ་གུ་འབུས་པ་ནས་ བཟུང་ད་བར་མི་མང་པོ་ཞིག་གིས་དགག་པ་དང་། འགའ་ཞིག་གིས་ རྒྱབ་སྐྱོར་བྱེད་པ་སོགས་བསྟོད་སྨད་སྒྲོ་སྐུར་གྱི་རྩོམ་ཡིག་ཇི་སྙེད་སྤེལ་ དང་སྤེལ་བཞིན་མཆིས། དེ་དག་མཐར་ཐུག་ཁེ་དང་རྒྱལ་ཁ་གནས་ལུགས་ དང་། བདེན་དོན་གྱི་ཕྱོགས་སུ་སྦྱིན་པ་ལས། བརྗོད་མཁན་མང་ཉུང་གི་ རྗེས་སུ་འགྲོ་བ་ཞིག་གཏན་ནས་མ་རེད། འདི་ནས་བདག་གིས་ཀྱང་ན་ གཞོན་གསར་བར་བཟུང་བའི་ལྟ་ཚུལ་གྱི་སྐད་ཆ་ཞིག་བརྗོད་འདོད། འུ་ ཅག་གི་ལོ་རྒྱུས་ཁྲོད་དུ་ཡོ་རོབ་ཀྱི་《བློ་འབྱེད་ལས་འགུལ་》 དང་། རྒྱ་ནག་གི་《ལྔ་བཞི་ལས་འགུལ་》ལྟ་བུ་བྱུང་མ་མྱོང་ལ། དེ་ལྟ་བུ་འབྱུང་ སའི་ཁོར་ཡུག་ཅིག་ཀྱང་ད་སྔོན་མེད་མོད་ཀྱང་། དུས་རབས་ཉི་ཤུ་པའི་ སྟོད་སྨད་དུ། 《སྐྱིད་ཕྱོགས་ཀུན་མཐུན་》དང་། 《བོད་དམག་རྒྱ་ སྐྱེད།》 《ནུབ་བོད་ལེགས་བཅོས་སྐྱིད་སྡུག་》 《རྩོམ་རིག་གསར་་ པའི་ལས་འགུལ》སོགས་ཀྱི་ལས་འགུལ་གྱི་སྟ་གོན་བྱས་མྱོང་བ་ཙམ་ ཞིག་གི་ལོ་རྒྱུས་ཡོད་མྱོང་བ་རེད། དེ་དག་སྲོལ་རྒྱུན་རིག་གནས་རྙིང་པའི་རླབས་རྒྱུན་འཐུགས་པ་དང་། མི་ཡི་རྒྱུན་ཤེས་བྲལ་བའི་བསམ་བློའི་ཁོར་ཡུག་དོགས་མོ་དེ་ནས་ལས་་་་ འགུལ་གྱི་དངོས་གཞི་གཏན་ནས་འགྲུབ་ཐབས་མ་བྱུང་བ་རེད། སྤྱིར་ན་མིའི་རིགས་ཀྱི་ལོ་རྒྱུས་ནི་དར་རྒུད་དང་། འཕོ་འགྱུར་གྱི་ཁྲོད་ ནས་བྱུང་བ་ཞིག་ཡིན་ལ་བློ་འབྱེད་ལས་འགུལ་སྣ་ཚོགས་ཀྱིས་ཐོད་རྒལ་གྱི་འཕེལ་རྒྱས་དང་། བདེ་སྐྱིད་ཀྱི་ལམ་དུ་འགྲོ་བཞིན་པ་སོགས་ཀྱི་ གནས་ལུགས་ཡང་མིའི་འཚོ་གནས་ལ་ཁག་ཁུར་མཁན་ཞིག་ཡིན་ན། འདས་པའི་ལོ་རྒྱུས་ལ་འཚོལ་རྟོག་བྱས་པས་མི་རྟོགས་པ་ཞིག་ག་ལ་ཡིན། ཉེ་ལམ་བོད་ཀྱི་སྤྱི་ཚོགས་འཕོ་འགྱུར་ཅུང་ཟད་བྱུང་བ་ལྟར་དུ་སྣང་ཞིང་། ལྷག་པར་དུ་དེང་རབས་བོད་ཀྱི་ཤེས་ཡོན་ཅན་ཞོགས་དུང་སོགས་ཀྱིས་《བདག་དཔེ་ཚོགས་》དང་《བླ་དཔེ་ཚོགས་》སོགས་བཀྲམས་ཏེ། བསམ་བློ་དང་། སྙིང་སྟོབས་གསར་པ་ཞིག་གི་ས་བོན་བསྐྲུན་པ་ལྟ་བུ་ བྱུང་བ་དང་། མི་རིགས་ཤིག་གི་ལས་དབང་ཡང་སྒུལ་སྐྱོད་ཅན་དུ་གྱུར་ པ་རེད་ལ། འདི་ནི་མ་འོངས་བར་རེ་བ་དོན་མེད་དུ་མི་འགྱུར་བའི་ རྟགས་མཚན་ཞིག་མ་ཡིན་ནམ་སྙམ། གནས་བབས་དང་། རྒྱབ་ལྗོངས་དེ་དག་གི་འོག་ནས་《ན་གཞོན་གསར་ བ་》ནི་རིགས་གནས་སྙིང་སྟོབས་ཞིག་གི་ངོས་ནས། སྤྱི་ཚོགས་ཀྱི་གང་ སར་འགྲེང་ཞིང་། སོ་སོའི་རང་དབང་གི་བསམ་གཞིགས་བགྱིས་ཏེ། མི་ རིགས་ཤིག་གི་མ་འོངས་བར་འཚོལ་སྙེག་བྱེད་བཞིན་པ་ནི་ངོ་མ་(བསམ་ཤེས་ཅན་ཞིག་གིས་བལྟས་ན།)དགའ་འོས་པའི་དོན་དག་ཞིག་ཏུ་བལྟ་གི་ཡོད། B མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཁྲོད་ཕྱིར་མིག་དང་། བསམ་གཞིགས་ བྱས་པ་ལས་རྟོགས་ཐུབ་པ་ཞིག་ནི། ང་ཚོའི་སྤྱི་ཚོགས་ཀྱི་ཁོར་ཡུག་གུ་ དོག་མོའི་ནང་“ལྟ་ལོག་“དང་། “བསྟན་གཤིགས་“སོགས་ཀྱི་གླེང་ཕྱོགས་ མི་བྱེད་པར།“མིག་དཔེ་ཡར་ལྟ་“དང་། “བྱ་མིག་གྱེན་ལྟོས་“ཀྱི་དཔེ་ ལྟར་གནས་ལུགས་དང་། བདེན་དོན་གྱིས་ཡང་དག་པའི་ཁ་ཕྱོགས་ཞིག་ འཚོལ་དགོས་པ་ལས། ནམ་ཡང་དུང་ཞེན་ཁོ་ནའི་དབང་དུ་སོང་བའི་ སྲོལ་རྒྱུན་ངན་པའི་བག་ཆགས་ལ་དོགས་སློང་དང་། དགག་སྒྲུབ་མི་བྱེད་ པ་ནི་ནོར་འཁྲུལ་གྱི་སྤྱོད་ངན་ཞིག་ཡིན་པའི་ངེས་ཤེས་རྙེད་དགོས་པ་ ཞིག་གོ། དེ་ལས་བོད་ཀྱི་ན་གཞོན་གསར་བ་ནི་ཁོར་ཡུག་དང་། གནས་བབས་ དེ་དག་གི་འོག་ནས་སྤྱི་ཚོགས་ཁྲོད་དུ་འཚར་ལོངས་བྱུང་བ་ནི་མེད་དུ་་མི་རུང་བ་ཞིག་དང་། ཡོད་དགོས་པ་ཞིག་དང་། མེད་ན་ཐབས་ མེད་ཅིག་རེད་འདོད། ད་ལྟ་ན་གཞོན་རྟོགས་སད་པ་སྐོར་ཞིག་ཡོད་པ་ཕུད། དེ་མིན་བརྒྱ་ ཆ་དགུ་བཅུ་གོ་དགུ་ནི་སྲོལ་རྒྱུན་ལྟ་བའི་འཆིང་རྒྱ་ལས་ཐར་མེད་ལ། ལྟ་བ་དང་། སྤྱོད་པ་སོགས་གང་གི་ངོས་ནས་ཀྱང་ལམ་ལུགས་རྙིང་པའི་ ཐོག་ནས་འགྲོ་བཞིན་པ་མཐོང་ཐོས་མྱོང་གྱུར་དུ་གྱུར་ཡོད། དེ་ལྟ་བས་ན་གནས་བབས་ལྕི་མོ་འདི་དག་གི་འོག་ནས། མ་འོངས་འཕོ་ འགྱུར་དང་། འཕེལ་རྒྱས་ཀྱི་ལམ་བུར་སྒྱུར་ཕྱིར་ཅི་ཞིག་རྩོན་ལེན་བྱེད་ དགོས་པ་དང་། གང་ཞིག་འཚོལ་སྙེགས་བྱེད་དགོས་པའི་ཉམས་མྱོང་ ནི་སྔོན་འདས་ལོ་རྒྱུས་ཀྱིས་གནང་ཡོད་པ་བཞིན། 《ན་གཞོན་གསར་བ་》ནི་སྙིང་སྟོབས་ཞིག་ངོས་ནས། བདེན་པ་འཚོལ་ ཞིང་། གནས་ལུགས་སྐྱོང་བཞིན། གདོལ་སྤྱོད་ལམ་ལུགས་སྣ་ཚོགས་ཀྱིས་ གང་བའི་དེང་གི་སྤྱི་ཚོགས་འདིའི་ཁ་གཏད་དུ་ལངས་པ་ཞིག་ལུས་ཡིན་སྙམ། ལོ་རྒྱུས་ཀྱི་ལེགས་གྲུབ་ཡོད་ཚད་མི་ཡིས་བཟོས་པ་ཡིན་ལ། ལོ་རྒྱུས་ཀྱི་ ཕམ་ཉེས་དང་སྐྱོ་གར་ཡང་མི་ཡིས་བསྐྲུན་པ་ཞིག་རེད། ལོ་རྒྱུས་ཁྲོད་ འགལ་ཟླ་དང་། རྩོད་གླེང་ཡོད་པའི་དུས་རབས་ནི་འཕོ་འགྱུར་ཆེ་བའི་ དུས་རབས་ཤིག་ཡིན་པའི་ངེས་ཤེས་ཐར་ཐོར་ལ་བརྟེན་ནས། ད་ཐེངས་ ན་གཞོན་གསར་བ་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་མཚར་ལོངས་བྱུང་དང་འབྱུང་བཞིན་པ་དང་། དེ་དག་གིས་ཟུར་ངོས་གང་རུང་ནས་ནུས་པ་བླ་ ལྷག་འདོན་བཞིན་པ་ནི་འཕེལ་རྒྱལ་ཀྱི་ལམ་དུ་འགྲོ་བཞིན་པའི་སྔ་ལྟས་ མ་ཡིན་ནམ། C 《ན་གཞོན་གསར་བ་》ནི། ན་གཞོན་གསར་བའི་རིག་གནས་སྙིང་སྟོབས་ ཞིག་ལ་གོ་དགོས་པར་འདུག་སྟེ། བདེན་འཚོལ་དང་། དོགས་སློང་། དཔྱོད་ཤེས། དགག་སྒྲུབ། གསར་གཏོད་སོགས་ཀྱི་སྙིང་སྟོབས་ལྡན་པ་དང་། རང་ཉིད་ནས་འགོ་རྩོམ་པའི་བློ་སྟོབས་སུ་ལ་མངའ་བ་དེ་ནི་ན་གཞོན་ གསར་བར་ངེས། རྒྱུ་མཚན་ནི། ན་གཞོན་གསར་བར་ང་ཁྱོད་ཀྱི་ཕྱོགས་ རིས་མེད་ལ། ཚོགས་ཤོག་གི་དཔུང་ཁག་མེད། ན་གཞོན་གསར་བས་རིགས་ ཞེན་གྱི་བསམ་བློ་སྙིང་ལ་ཉར་ཏེ། རང་དབང་དང་། དམངས་གཙོ། ཐོབ་ཐང། བདེན་དོན་སོགས་ལ་དཔྱོད་ཤེས་དང་། དགག་སྒྲུབ་ཀྱིས་མིའི་འཚོ་གནས་ ལ་བདེ་ལེགས་བསྐྲུན་པའི་བྱ་བ་མཐའ་དག་ཚུལ་ལེན་དང་གཅེས་འཛིན་ བྱེད་པས་སོ།། གཞན་ཡང་།《ན་གཞོན་གསར་བ་》ཞེས་པའི་དུས་དེབ་སྤེལ་བ་ནས་ བཟུང་ན་གཞོན་གང་མང་ཞིག་འཚར་ལོངས་བྱུང་དང་འབྱུང་བཞིན་ཡོད་་པ་ནི། ངེས་པ་དོན་གྱིས་དགའ་འོས་གནས་སུ་འདུག ངོས་དེ་དག་ལ་བལྟས་ན་《ན་གཞོན་གསར་བ་》ནི། དྲང་བདེན་སྙིང་ སྟོབས་དང། གསར་གཏོད་སྙིང་སྟོབས། དཔྱོད་ཤེས་སྙིང་སྟོབས་སོགས་ རིགས་གནས་སྙིང་སྟོབས་ཤིག་གི་ངོས་ནས་སྒེར་ཚུགས་ཀྱིས་འགྲེང་སྟེ། མཚན་ཉིད་ཚང་བའི་མི་བུ་རེ་རེ་ཡར་ལ་སྐྱེད་སྲིང་བྱེད་བཞིན་ཡོད་པ་ མཐོང་ལ། མི་རིགས་ཤིག་གི་འབྱུང་འགྱུར་ལས་དབང་ནི་སྙིང་སྟོབས་ ཤིག་ལ་རག་ལས་ཤིང་། བསམ་བློའི་སྙིང་སྟོབས་དེ་དག་ཡོད་མཁན་ནི། ན་གཞོན་ན་གསར་བ་ཡིན་ལ། བོད་མི་རིགས་ཀྱི་འབྱུང་འགྱུར་ལས་ དབང་ནི་མཐར་གཏུག་ན་《ན་གཞོན་གསར་བ་》ཐུག་ཡོད་པ་ཤེས་སོ།། D དུས་ཀྱི་འཕེལ་འགྲོས་དང་། འགྱུར་ལྡོག་ལ་བརྟེན་ནས་འགྲོ་བ་མི་བྱུང་ བ་ནས། མི་རིགས་དང་། རྒྱལ་ཁབ་དག་ཀྱང་ཀྱག་ཀྱོག་གི་བརྒྱུད་རིམ་ ཁྲོད་ནས་འཕོ་འགྱུར་བྱུང་བ་ཞིག་ཡིན་ལ། སུ་ཞིག་ཡིན་ཡང་གནས་ ལུགས་དང་། དྲང་བདེན་གྱིས་མི་རིགས་གང་ཞིག་གི་ལོ་རྒྱུས་དང་། གནས་བབས་ལ་ཕྱིར་རྟོགས་དང་། དབྱེ་ཞིབ་བྱེད་པ་ནི་འགན་འཁྲི་ཡི་ འདུ་ཤེས་ཡོད་པའི་རྟགས་མཚན་ཡིན་ལ། དུང་ཞེན་དང་ཕྱོགས་ལྷུང་་་ གིས་མ་ལྷད་པའི་བསམ་གཞིག་དང་། སྨྲ་བརྗོད་རང་དབང་གི་ཐོབ་ཐང་ ལོངས་སུ་སྤྱད་ནས། འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་དང་། བསླབ་བྱ་ རེ་རེས་མ་འོངས་བར་ལམ་གང་དུ་འགྲོ་བ་དང་། ཚུལ་ཇི་ལྟར་འགྲོ་བ་ སོགས་ཀྱི་སྙིང་སྟོབས་ནི་ཤེས་ཡོན་ཅན་ལ་མེད་དུ་མི་རུང་བ་ཞིག་ཡིན་ལ། དེ་དག་རེ་རེ་ནི་《ན་གཞོན་གསར་བའི་》ལངས་ཕྱོགས་ཤིག་ཏུ་ངེས་ཤིང་། རྗེས་ལུས་ཀྱི་ང་ཚོའི་གུ་དོག་དང་། བླུན་རྨོངས་ཀྱི་བསམ་བློའི་འཆིང་ རྒྱ་ལས་གྲོལ་ཕྱིར། དཔྱོད་ཤེས་དང་། རྒྱུ་འབྲས་བློ་མིག་ལྡན་པའི་མི་བུ་ རེ་རེ་ཡར་ལ་སྐྱེད་སྲིང་བྱེད་པ་དམིགས་སུ་བཟུང་ནས་འབད་པ་རྒྱུན་ སྐྱོང་བྱེད་བཞིན་ཡོད་ལ། དེ་དག་ནི་མེད་དུ་མི་རུང་བའི་མི་རིགས་ཀྱི་ སྒལ་ཚིགས་དང་། སྲོག་ཤིང་ཞིག་ཏུ་གྲུབ་བཞིན་ཡོད་ཅེས་ཁོ་བོའི་སེམས་ཤིང་། ང་ཚོ་སུ་ཡང་《ན་གཞོན་གསར་བ་》ཞིག་ཡིན་པའི་ཆ་ནས་བསམ་བློའི་ སྙིང་སྟོབས་དེ་དག་ལ་འཚོལ་སྙེག་བྱེད་དགོས་པ་ཞིག་དང་། མི་བུ་རང་ ཉིད་ནས་འགོ་རྩོམ་དགོས་པ་ཞིག་ཡིན་པ་ནུབ་ཕྱོགས་ཀྱི་《བློ་འབྱེད་ ལས་འགུལ་》དང་། རྒྱ་ནག་གི་《ལྔ་བཞིའི་ལས་འགུལ་》སོགས་ སྔོན་གྱི་ལོ་རྒྱུས་དག་དང་། གཞན་ཡང་ཉེ་རབས་བོད་ཀྱི་ལས་འགུལ་གྱི་ སྙིང་སྟོབས་སོགས་ཀྱིས་གསལ་བཤད་བྱས་འདུག་གོ།





ངའི་བླང་དོར།










ལུགས་གཉིས་ཟུང་འབྲེལ་གྱི་ལམ་ལུགས་ ལ་བལྟས་པའི་བསམ་གཞིག

གཅིག ཐོག་མར་ཆོས་སྲིད་གཉིས་ཀྱི་ངོ་བོའི་ཆ་ནས་བལྟས་ཡོང་ན། jཆོས་ནི་ སྡུག་བསྔལ་ལས་འཕགས་པའི་བདེན་པ་དང་། སྲིད་ནི་འཁོར་བ་སྡུག་ བསྔལ་གྱི་རང་བཞིན་ནོ།། ཆོས་ཀྱི་ལག་ལེན་གཞན་ཕན་འབའ་ཞིག་ གཉེར་བ་དང་། སྲིད་ཀྱི་ལག་ལེན་རང་ཉིད་ཁོ་ནའི་དོན་དུ་བརྩོན་པའོ།། ཆོས་ཀྱི་དམིགས་ཡུལ་འཁོར་བ་ལས་གྲོལ་ཕྱིར་དང་། སྲིད་ཀྱི་དམིགས་ ཡུལ་འཁོར་བ་སྐྱོང་ཐབས་སོ།། རྩ་བའི་ངོ་བོ་དང་། ཁ་ཕྱོགས། དམིགས་ཡུལ་དེ་དག་གི་སྟེང་ནས་ངོས་ ཟིན་གསལ་པོ་ཞིག་བྱུང་རྗེས་ཚེ་འདིའི་ལྟོ་གོས་གཏམ་གསུམ་རླུང་ལ་ བསྐུར་ནས། ཕྱི་མ་དོན་དུ་གཉེར་བའི་ཆོས་ལུགས་དང་། ཚེ་ཕྱི་མའི་ཁེ་

jནང་ཆོས་གཞིར་བཞག་ནས་བཤད་པ་ཡིན། ཕན་རྒྱབ་ཏུ་བསྐྱུར་ནས་འདི་ག་གཙོ་བོར་འཛིན་པའི་འཇིག་རྟེན་ལུགས་གཉིས་དོན་དངོས་ཀྱི་ཐོག་ནས་ཟུང་འབྲེལ་དུ་རུང་བ་ཞིག་ཡིན་མིན་རྟོགས་ པར་འགྱུར་ངེས། ཆོས་སྲིད་གཉིས་ངོ་བོའི་ཆ་ནས་ལམ་གཉིས་སུ་ གྱེས་པའི་ལམ་ལུགས་ཞིག་ཡིན་པས་ན། དེ་གཉིས་འཛིན་སྐྱོང་བྱེད་མཁན་ ལ་ཆོས་པ་དང་། འཇིག་རྟེན་པ། གྲྭ་པ་དང་། གྲོང་པ། རང་བྱུང་བ་དང་། ཁྱིམ་པ་བ་སོགས་ཀྱི་ཐ་དད་པའི་ཐ་སྙད་འདི་དག་བྱུང་བ་ཡིན་ཞིང་།དེ་ལྟ་བས་ན་ཆོས་པ་དང་འཇིག་རྟེན་པ་རང་རང་གི་ངོས་ཐད་ནས་་་ཆོས་དང་སྲིད་ཀྱི་ལམ་ལུགས་ཡང་དག་པ་ཞིག་དང་བསྲེ་ལྷད་མ་འདྲེས་་ པའི་གཙང་མ་ཞིག་སྐྱོང་དགོས་པ་སྟེ། ཆོས་པ་ཞིག་ཡིན་ན་འཇིག་རྟེན་གྱི་བྱ་བར་མི་གཡེང་བར་ཆོས་ཀྱི་ལག་ ལེན་དང་མ་འགལ་བ་ཞིག་སྒྲུབ་དགོས་པ་དང་། འཇིག་རྟེན་པ་ཞིག་ཡིན་ ན་ཆོས་ལུགས་ཀྱི་གནོན་ཤུགས་མ་ཐེབས་པའི་སྲིད་ཀྱི་ལག་ལེན་ཡང་དག་ པ་ཞིག་སྐྱོང་དགོས་པ་རེད། དེ་ལྟར་བཤད་ན་འཇིག་རྟེན་པས་ཆོས་གཏན་ ནས་སྒྲུབ་མི་ཆོག་པ་ཞིག་ཡིན་ནམ་སྙམ་ན་མ་ཡིན་ཏེ། འཇིག་རྟེན་པ་ ལ་ཡང་རང་གི་ཐུབ་ཚོད་ཀྱི་མི་ཆོས་གཙང་མ་སྐྱོང་རྒྱུ་ཡོད་པས་དེ་དག་་ གིས་འཐུས་ཤིང་། དེ་དག་མི་སྒྲུབ་པར་ད་དུང་ལྷ་ཆོས་ཞིག་སྒྲུབ་འདོད་པ་ ནི་“མགོ་མ་ཚོས་གོང་། ལྕེ་ལ་སྙོབས་“པའི་དཔེ་རུ་འགྲོ་བ་མ་ཡིན་ནམ། ད་དུང་ངེས་འབྱུང་བཅོས་མ་མིན་པ་དང་། འཇིག་རྟེན་འཁོར་བར་ལྡོག་ ཏུ་མེད་པའི་ཞེན་ལོག་སྐྱེས་པ་ན་དམར་སེར་ངུར་སྨྲིག་རྒྱན་དུ་བརྟེན་ནས་ཆོས་པའི་གྲལ་དུ་སྙེགས་པར་རིགས་སོ། ། གོང་གི་རྩ་བའི་ཁ་ཕྱོགས་དང་། ལག་ལེན་དེ་དག་ཇི་བཞིན་མ་ཤེས་པའི་ རྐྱེན་གྱིས་ཆོས་མིན་སྲིད་མིན་གྱི་ལམ་དུ་གོལ་ཞིང་། སྐྱ་མིན་སེར་མིན་ གྱི་ཟློས་གར་འཁྲབ་མཁན་དུ་འགྱུར་འགྲོ། ཆོས་སྲིད་གཉིས་རྩ་བ་ནས་ལམ་གཉིས་ སུ་གྱེས་པའི་ལམ་བུ་ལྟ་བུ་ཡིན་ལ། ལམ་གང་ཞིག་ཏུ་འགྲོ་བ་ནི་རང་ཉིད་ ཀྱི་གདམ་ག་ཞིག་རེད། ལམ་གང་དུ་ཞུགས་པའི་རྗེས་སུ། སུ་ཞིག་ཡིན་ ཡང་རང་རང་གི་ཁ་ཕྱོགས་མ་ནོར་བར་སྐྱོང་རྒྱུ་ནི་གལ་ཆེན་ནང་གི་དོན་ ཆེན་རེད། ཆོས་ལུགས་ཆོས་པས་འཛིན་སྐྱོང་སྤེལ་གསུམ་དང་། སྲིད་ ལུགས་འཇིག་རྟེན་པས་སྐྱོང་དགོས་པ་ལས་ཆོས་དང་འཇིག་རྟེན་ནམ་་ ཡང་རྩོད་པའི་གཞིར་འགྱུར་དུ་མེད་ལ། གང་ལགས་ཞེ་ན་ཆོས་ལུགས་ནི་ ཆོས་པས་སྒྲུབ་རྒྱུ་ཞིག་དང་། སྲིད་ལུགས་ནི་འཇིག་རྟེན་པས་སྐྱོང་རྒྱུ་ ཡིན་པའི་ཕྱིར་རོ། ། ཚེ་འདིའི་དོན་དུ་ཅི་ཡང་སྒྲུབ་པའི་འཇིག་རྟེན་འཁོར་བའི་བྱ་གཞག་དང་། ཚེ་འདིའི་བྱ་གཞག་ཡོད་ཚད་མཆིལ་མའི་ཐལ་བ་བཞིན་དུ་ལྟ་ བའི་ནང་ཆོས་གཉིས་ཟུང་འབྲེལ་བྱས་ན་“ཁ་གཅིག་གི་ནང་ནས་ཚིག་ གཉིས་“བཤད་པ་དང་། “ལག་གཅིག་གིས་ལུགས་གཉིས་“སྒྲུབ་རྒྱུ་མེད་པའི་ གནས་ལུགས་འདི་དག་རྟོགས་རྗེས། མ་འོངས་པར་ཆོས་སྲིད་གཉིས་ཇི་ ལྟར་སྐྱོང་དགོས་པའི་ངེས་ཤེས་གསལ་པོར་འདྲོང་ངེས། གཞན་ཡང་འཇིག་རྟེན་འདིར་ཆོས་ལུགས་དང་། སྲིད་ལུགས་གཉིས་ཀ་ གཅིག་གིས་གཅིག་ལ་གནོན་ཤུགས་མེད་པར་གནས་དགོས་ལ། དེ་ ལས་ཆོས་ཀྱི་ལག་ལེན་ཡང་དག་པ་ཞིག་ཡོངས་མིན་ཆོས་པ་ཚོར་རག་ལས་ཤིང་། ཆོས་པས་འཐུས་ཚང་དང་། དར་སྤེལ་གཏོང་དགོས་པ་ཡིན་ ལ། སྲིད་ཀྱི་ལག་ལེན་ལེགས་པོ་ཞིག་འགྲུབ་མིན་འཇིག་རྟེན་པ་ཚོར་ཐུག་་ ཡོད་པས་ན། འཇིག་རྟེན་པ་རང་གིས་རྩོད་ལེན་བྱ་དགོས་པ་ཞིག་ཡིན་ དུས། ཆོས་དང་འཇིག་རྟེན་གཉིས་ཀྱི་ལམ་ལུགས་ཆོས་པ་དང་། འཇིག་རྟེན་པ་རང་རང་གིས་ཡང་དག་པ་ཞིག་དང་། བསྲེ་ལྷད་མེད་ པ་ཞིག གཙང་མ་ཞིག་སྐྱོང་དགོས་པའོ། ། གཉིས། ལུགས་གཉིས་ཟུང་འབྲེལ་ཞེས་པའི་གོ་དོན་གྱི་ཐད་མཁས་པ་སོ་སོའི་་བཞེད་ཚུལ་མི་འདྲ་བ་དུ་མ་འདུག་སྟེ། དཔེར་ན། ༡༽ ཆོས་ལུགས་དང་སྲིད་ལུགས་སྐྱོང་བའི་ཆོས་བདག་(རྒྱལ་པོ)མི་གཅིག་ གིས་བྱས་པའི་ལམ་ལུགས་དང་། ༢༽ ཆོས་ལུགས་ཀྱི་ལྟ་བ་དང་མ་འགལ་ བའི་སྒོ་ནས་སྲིད་སྐྱོང་བར་བྱེད་དགོས་པའི་ལམ་ལུགས། ༣༽ ཆོས་ལུགས་ ཀྱི་བསྒྲིག་འཛུགས་གཅིག་གིས་རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་ཆ་གཟུང་ ནས་ཆབ་སྲིད་ཆོས་ལུགས་ཀྱི་བསྒྲིག་གཞི་དང་མ་འགལ་བའི་ཐོག་ནས་ སྐྱོང་དགོས་པ། ༤༽ ཁྲིམས་ལུགས་དང་སྒྲིག་གཞི་ཆོས་ལུགས་དང་མ་ འགལ་བ་ཙམ་མིན་པར། མཐོ་རིམ་གྱི་དབང་ཆ་འཛིན་མཁན་སེར་མོའི་ གྲངས་འབོར་ལ་ལྟ་བ་སོགས་བཤད་ཚུལ་དང་འདོད་ཚུལ་མི་འདྲ་བ་ དུ་མ་མཆིས། དེ་དག་དོན་དངོས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་ལོ་རྒྱུས་དངོས་དང་སྦྱར་ན། མིང་དོན་མཚུངས་དགོས་པ་ཞིག་ཡིན་དུས། དང་ པོ་ལྟར་ན། འཛམ་གླིང་སྤྱི་མཐུན་དུ་འདོད་པའི་ཆོས་སྲིད་ཟུང་འབྲེལ་ ལམ་ལུགས་ཀྱི་གོ་དོན་ཞིག་ཡིན་པར་འདོད་ཀྱང་། དོན་ལ་ཡོ་རོབ་དུས་ རབས་བར་མའི་སྐབས་ཀྱི་བྲན་གཡོག་ལམ་ལུགས་བརྒྱུད་འཛིན་ལྟ་བུ་ཞིག་ལ་ངོས་འཛིན་གི་འདུག གཉིས་པ་ཡིན་ན་ཆོས་སྲིད་གཉིས་སྐྱོང་མཁན་ གང་ཟག་གཅིག་ཡིན་མིན་ལ་མ་ལྟོས་པར་འཚེ་མེད་ཞི་བའི་ལྟ་བ་དང་ གཞི་བཅོལ་བའི་ལམ་ལུགས་ཞིག་ཡིན་པར་འདོད། དེ་ནི་དངོས་ཡོད་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལོ་རྒྱུས་ལ་མ་བལྟས་པར་་་ རང་འདོད་དུ་བཏགས་པའི་ཐ་སྙད་ཅིག་སྟེ། གཙོ་བོ་དགོན་སྡེའི་ཤེས་ ཡོན་ཅན་དག་གི་འདོད་ཚུལ་རེད་ལ། དེ་ནི་མིང་དོན་མཚུངས་པ་ཞིག་ རེད་མི་འདོད། གསུམ་པའི་དབང་དུ་བྱས་ན་གཉིས་པའི་འདོད་ཚུལ་ དང་ཕལ་ཆེར་འདྲ་ལ། འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག རང་དབང་དང་། དམངས་གཙོའི་ལྟ་བ་སོགས་བོད་ཀྱི་ཆོས་སྲིད་ཟུང་ འབྲེལ་གྱི་གོ་དོན་ཡིན་པར་བརྗོད། འདི་ནི་བཙན་བྱོལ་བོད་མའི་ བཅའ་ཁྲིམས་སུ་གཏན་ལ་ཕབས་པ་ཞིག་ཡིན་འདུག་ལ། ཐ་སྙད་འདིའང་ དོན་དུ་ཆོས་སྲིད་ཟུང་འབྲེལ་གྱི་དངོས་ཡོད་ལོ་རྒྱུས་ལས་kགཡོལ་བའི་ མིང་ཚིག་ཅིག་རེད། བཞི་པ་ནི་ཁྲིམས་ལུགས་ཀྱི་སྒྲིག་གཞི་ཆོས་ལུགས་ དང་མ་འགལ་བ་ཙམ་མིན་པར། མཐོ་རིམ་གྱི་དབང་ཆ་འཛིན་མཁན་ སེར་མོའི་གྲངས་འབོར་ལ་ལྟ་བའི་བཤད་ཚུལ་འདི་ནི་ཤེས་ཡོན་ཅན་མང་པོ་ཞིག་གི་འདོད་ཚུལ་རེད། བདག་གིས་བོད་ཀྱི་ཆོས་སྲིད་ལམ་ ལུགས་ཀྱི་འདོད་ཚུལ་ནི་དེ་དག་གང་ཡང་མིན། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ ལམ་ལུགས་ཀྱི་དངོས་ཡོད་ལོ་རྒྱུས་དང་མཐུན་པའི་བདག་གི་ལྟ་ཚུལ་ནི།

k ཆོས་སྲིད་ཟུང་འབྲེལ་ཁྲོད་ཀྱི་ཁྲག་དྲི་བྲོ་བའི་དོན་རྐྱེན་དེ་དག་ལ་བལྟས་ན་འཚེ་མེད་ཞི་བའི་ལྟ་བར་གཞི་ བཅོལ་ཞིང་རང་དབང་དང་། དམངས་གཙོ་རྩ་དོན་དུ་བཟུང་བ་ཞིག་ཡིན་མིན་གསལ་པོ་རེད། རྒྱུ་མཚན་ དེའི་ཕྱིར་ན་ཐ་སྙད་འདི་ནི་རང་འདོད་ཀྱིས་བཏགས་པ་ཙམ་ལས་དོན་ལ་མིང་དོན་མཚུངས་པ་ཞིག་ཡིན་ མིན་ཤིན་ཏུ་གསལ་ལོ།།

“ཆོས་པས་ཆབ་སྲིད་སྐྱོང་བའི་ལམ་ལུགས་“ཤིག་ལ་ངོས་འཛིན་གྱི་ཡོད། 

རྒྱུ་མཚན་ནི། བོད་ཀྱི་ཆབ་སྲིད་སྐྱོང་བའི་གཅིག་གྱུར་གྱི་རྒྱལ་པོ་མེད་་་ པས་སྲིད་ཀྱི་ལམ་ལུགས་ཉམས་རྒུད་དུ་གྱུར་པ་དང་བསྟུན་ནས་ཆོས་པས་ སྲིད་ཀྱི་ལམ་ལུགས་སྐྱོང་བ་དང་། ཆོས་ཀྱི་གྲུབ་མཐའ་སོ་སོའི་ཆོས་ བདག་རྣམས་ཀྱིས་རང་གི་ཆོས་ལུགས་རྒྱ་བསྐྱེད་ཀྱི་དབང་ཆ་ཞིག་ཏུ་བེད་ སྤྱད་དེ་ཆབ་སྲིད་ཀྱི་དབང་ཆ་འཕྲོག་རེས་ཀྱི་འཐབ་རྩོད་དྲག་པོ་བྱུང་བ་དང་། ཆོས་པས་ཆོས་ཀྱི་ལག་ལེན་དང་རྒྱབ་འགལ་དུ་གྱུར་པ་མ་ཟད། སྲིད་ཀྱི་ལག་ལེན་ཡང་དག་པ་ཞིག་མ་བྱུང་བ་སོགས་ལམ་ལུགས་འཁྱལ་ འཁྱོར་ཞིག་གི་ཐོག་ནས་བསྐྱོད་བཞིན་པ་སོགས་དངོས་ཡོད་ལོ་རྒྱུས་ལ་ གཞིགས་ནས། ཆོས་པས་ཆབ་སྲིད་སྐྱོང་བའི་ལམ་ལུགས་གཅིག་ལ་ངོས་ འཛིན་པ་ནི་བདག་གི་ལྟ་ཚུལ་ལོ།། གསུམ། ཆོས་སྲིད་ཟུང་འབྲེལ་མ་བྱུང་སྔོན་བོད་བཙན་པོའི་སྐབས་ཀྱི་ཆོས་སྲིད་ ཀྱི་གནས་སྟངས་ལྟར་ན། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནི། ཏུན་ ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་ལས་“གནམ་ལྷབ་ཀྱི་བླ་ན་ཡབ་ བླ་བདག་དྲུག་བཞུགས་པ་ལ། སྲས་གཅེན་གསུམ། གཅུང་གསུམ་དང་། ཁྲིའི་བདུན་ཚིགས་དང་བདུན་ཡོད་པ་ལས། ཁྲི་བདུན་ཚིགས་ཀྱི་སྲས། ལྡེ་གཉའ་ཁྲི་བཙན་པོ། ས་དོག་ལ་ཡུལ་ཡབ་ཀྱི་རྗེ་དོག་ཡབ་ཀྱི་ཆར་དུ་ གཤེགས་སོ། །“ ཞེས་དང་། “གནམ་མཐའ་འོག་རྗེ་བོ་མཛད་པའི་ཕྱིར། གནམ་ཀྱི་དབུས། སའི་དཀྱིལ། གླིང་གི་སྤྱི་བོ། གངས་ཀྱི་རྭ་བ། ཆུ་བོ་ཀུན་གྱི་འགོ་བོ། མྱི་དཔའ་རུ་སྐྱེས། རྟ་མགྱོགས་སུ་འཕེལ་བའི་དུས། བོད་གཡག་དྲུག་གི་རྗེར་གཤེགས་སོ་“ཞེས་པ་ལྟར་གཉའ་ཁྲི་སྤོ་བོའི་ཡུལ་ ནས་གཤེགས་ཏེ། བཙན་ཐང་སྒོ་བཞི་ཞེས་པའི་ས་ནས་བོད་ཀྱི་ཤེས་པ་ ཅན་བཅུ་གཉིས་ཀྱིས་གཉའ་བར་ཁྲི་ལ་བཏེགས་ནས་ཁུར་ཏེ་བོད་ཀྱི་རྒྱལ་ པོར་མངའ་གསོལ་བས་གཉའ་ཁྲི་བཙན་པོ་ཞེས་གྲགས་སོ། ། གནའ་རབས་ལོ་རྒྱུས་ཁྲོད་ཁོང་ལ་བརྗོད་འོས་པའི་མཛད་རྗེས་གཉིས་་ཡོད་འདུག་སྟེ། ཡུལ་ཡར་ལུང་དུ་ཕོ་བྲང་ཡུམ་བུ་བླ་མཁར་བརྩིགས་པ་ དང། སུམ་པའི་ཡུལ་གྱི་ཨོ་ཡོང་རྒྱལ་བ་བཏུལ་ཏེ་བཙན་པོའི་རྒྱལ་ཁབ་ བཙུགས་པ་དེ་གཉིས་རེད། རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་དང་། མཁར་ལ་སྔ་བ་ཡུམ་བུ་བླ་མཁར། ཡུལ་ལ་སྔ་བ་ཡར་ལུང་སོག་ཁ། གྲོང་ལ་སྔ་བ་འཕྱིང་བ་སྟག་རྩེ་ཞེས་ གྲགས་པའོ།། ལོ་རྒྱུས་དུམ་བུ་དེ་དག་ལ་བལྟས་ན་གཉའ་ཁྲིའི་བོད་ཀྱི་བཙན་པོའི་རྒྱལ་ཁབ་བཙུགས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་གཉིས་སྣང་ཏེ། གཅིག་ནི་གཉའ་ ཁྲི་མ་བྱུང་སྔོན་བོད་ཀྱི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཙམ་ཡོད་ལ། གཉའ་ཁྲིའི་སྐབས་སུ་བོད་འབངས་རྣམས་དམག་འཁྲུགས་དང་། མུ་ གེའི་སྡུག་བསྔལ་གྱིས་མནར་བའི་སྐབས་དང་ཁེལ་བས་ཁོང་གིས་བཙན་་ པོའི་རྒྱལ་ཁབ་བཙུགས་ཐུབ་པའི་རྒྱུ་རྐྱེན་དུ་གྱུར་པ་དང་། གཉིས་ནི་ བོན་ཆོས་ལ་དད་པའི་རུས་བརྒྱུད་ཚོ་ཁག བཙན། བཙུན། གཉན་ གསུམ་འཛོམ་པ་དེ་དག་གིས་རྒྱབ་སྐྱོར་ལ་བརྟེན་ནས་བཙན་པོའི་རྒྱལ་ཁབ་བཙུགས་ཐུབ་པ་བྱུང་བ་རེད། བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་ནས་ཐོ་རི་གཉན་བཙན་བར་རྒྱལ་རབས་ཉེར་བདུན་རིང་བོད་ཀྱི་ཆབ་སྲིད། སྒྲུང་དང་། ལྡེའུ། བོན་ གསུམ་གྱིས་lབསྐྱངས་པར་ལོ་རྒྱུས་ཡིག་ཚང་ཁག་ལས་གསལ། དངོས་ཡོད་ལོ་རྒྱུས་དེ་དག་ལ་གཞིགས་ན་སངས་རྒྱས་ཆོས་ལུགས་བོད་ ལ་མ་དར་བའི་སྔོན་གཉའ་ཁྲི་ནས་བཟུང་ཐོ་རི་གཉན་བཙན་གྱི་བར་ཆོས་སྲིད་ཟུང་འབྲེལ་ཞིག་མིན་པའི་ར་སྤྲོད་བྱེད་ཐུབ། དེ་དུས་ཀྱི་རྒྱལ་པོའི་ སྐུ་དབོན་ཟེར་བ་དེ་དག་ཀྱང་རྒྱལ་པོའི་རིམ་གྲོ་བ་ཙམ་ཞིག་ལས་ཆབ་སྲིད་ ཀྱི་ཐད་ལ་དབང་ཆ་ཅུང་ཙམ་ཡོད་ཚོད་མི་འདུག ལོ་རྒྱུས་དེ་དག་

lསངས་རྒྱས་ཆོས་ལུགས་མ་དར་སྔོན། གིས་གོང་གི་ཆོས་སྲིད་ཟུང་འབྲེལ་གྱི་ལྟ་ཚུལ་ཁག་བཞི་བྱུང་བ་དེ་དག་ གི་མཚན་ཉིད་ཚང་མེད་པའོ།། གྲི་གུམ་བཙན་པོ་དང་། བྱ་ཁྲི་བཙན་པོའི་དུས་སུ་འཁྱར་བོན་དར་བ་་་་ དང་། ལེགས་དྲུག་དང་ལྡེ་བརྒྱད་ཀྱི་དུས་སུ་ཞིང་ལས་འབྲོག་ལས་་་ དར་ཁྱབ་ཆེས་ཆེར་ཕྱིན་ཏེ། ཞིང་ལ་དོར་དང་། འབྲོག་ལ་ཐུལ་རྩི་ བའི་སྲོལ་དར། བཙན་ལྔ་ཡི་དུས་སུ་སངས་རྒྱས་བསྟན་པ་དབུ་བརྙེས་ པར་གྲགས་ཤིང་གསོ་བ་རིག་པའི་སྐོར་དར་ཁྱབ་བྱུང་བའོ།། སྤྱིར་ན་བོད་ཀྱི་རྒྱལ་རབས་ཉེར་བདུན་པ་ཐོ་རི་གཉན་བཙན་གྱི་དུས་སུ་དམ་པ་ཆོས་ཀྱི་དབུ་བརྙེས་པར་འདོད་ཀྱང་། བོད་ཡུལ་དུ་ཆོས་ཀྱི་དཔེ་ ཆ་འགའ་རེ་ཁྱེར་ཡོངས་བ་ཙམ་ལས་དོན་དུ་ཆོས་ལུགས་བོད་དུ་དར་ཁྱབ་བྱུང་མེད། སྟག་རི་གཉན་གཟིགས་དང་། གནམ་རི་སྲོང་བཙན་ གྱི་དུས་སུ་ཚོང་ལས་ཐོག་མར་དར་བ་དང་། བྲེ་སྲང་ཕུལ་གསུམ་གཏན་ ལ་ཕབས་ཤིང་། རྒྱ་བོད་ཀྱི་འབྲེལ་བ་ཐོག་མར་བྱུང་། བོད་གཅིག་གྱུར་ བཟོ་བའི་དམག་འཁྲུགས་ལངས། བཞི། སྤྱི་ལོ་༦༢༩ལོར་བོད་རྒྱལ་སྲོང་བཙན་སྒམ་པོ་རྒྱལ་སྲིད་ཀྱི་ཁྲི་ལ་འཁོད། རྒྱ་བལ་གྱི་བཙུན་མོ་ཁབ་ཏུ་བཞེས་ནས་སངས་རྒྱས་ཀྱི་སྐུ་བརྙན་བོད་ དུ་གདན་དྲངས་ནས་མཐའ་བཞི་རྒྱལ་ཕྲན་དབང་དུ་བསྡུས་ཤིང་རྒྱལ་་ ས་ལྷ་སར་སྤོས། དེ་ནས་བཟུང་ལྷ་ས་ནི་བོད་ཀྱི་ཆབ་སྲིད་དང་། དམག་ དོན། རིག་གནས། དཔལ་འབྱོར་བཅས་དར་བའི་ལྟེ་གནས་སུ་གྱུར། སྲིད་འཛིན་གྱི་སྒྲིག་གཞི་དང་དམག་དཔུང་གི་སྒྲིག་འཛུགས་སོགས་གཏན་ ལ་ཕབས། ཐོན་མི་རྒྱ་གར་དུ་བཏང་ཤིང་ལོ་ཙཱ་བསླབས་ནས་བོད་ཡིག་ གསར་བཟོ་བྱེད་དུ་བཅུག་པ་དང་། ཐོ་རི་སྐབས་སུ་བྱུང་བའི་མདོ་རྒྱུད་ ཉེར་གཅིག་བོད་ཡིག་ཏུ་ཕབས་བསྒྱུར་བྱས་ཤིང་། སངས་རྒྱས་ཆོས་ ལུགས་དར་འགོ་ཚུགས། མི་ཆོས་གཙང་མ་བཅུ་དྲུག་སོགས་རྒྱལ་ཁྲིམས་ གཏན་ལ་ཕབས་པ་དང་། མཐའ་བཞི་རྒྱ་སྐྱེད་བྱས་པ་སོགས་སྲིད་ཀྱི་བྱ་ གཞག་སྲ་བརྟན་ཡོངས་བར་བྱས་རྗེས་རླབས་ཆེན་བཞག་པ་སྟེ། བོད་ ཆེན་པོའི་རྒྱལ་ཁབ་གཅིག་གྱུར་བྱས་པ་སོགས་བོད་ཀྱི་ལོ་རྒྱུས་ཁྲོད་ཆེས་ དར་རྒྱས་ཆེ་བའི་དུས་སྐབས་སུ་འདོད། དེ་དག་གི་དུས་སུ་ཡང་ཆོས་སྲིད་ཟུང་འབྲེལ་ཡིན་པར་བརྗོད་དཀའ་སྟེ། ཁོང་གིས་མཐའ་གཞི་རྒྱ་སྐྱེད་དང་། སྲིད་གཞུང་གིས་སྒྲིགས་ཁྲིམས་ བསྡམས་པ་སོགས་ཀྱི་སྐབས་སུ་རང་གི་བཀའ་ལ་མི་རྩི་བའི་མི་གྲངས་མང་་ པོ་བསད་པའི་ལོ་རྒྱུས་དེ་དག་ལ་བལྟས་ན་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་་ ཀྱི་གོ་དོན་འཇུག་མིན་ཤིན་ཏུ་གསལ་ལོ།། འགའ་ཞིག་གིས་སྲོང་བཙན་གྱིས་བསད་པའི་མི་རོ་རྣམས་སླར་སོས་པར་མཛད་ཅིང་སོགས་བརྗོད་པ་ནི་ཆོས་ལུགས་པ་ཁག་གཅིག་གི་ཨུ་ཚུགས་་ཀྱི་རྫུན་སྒྲིག་བྱས་པས་མི་ཡི་ལོ་རྒྱུས་ལྷ་སྒྲུང་དུ་བསྒྱུར་བ་སྟེ། དེ་དག་ནི་ མི་ཡི་ལོ་རྒྱུས་རླུང་ལ་བསྐུར་བའི་ལོ་རྒྱུས་རྫུན་མ་རེད་ཅེས་མི་བཤད་་་ རང་དབང་མ་བྱུང་ངོ་།། 《མ་ཎི་བཀའ་འབུམ་》དང་། 《བཀའ་ཆེམས་ཀ་ཁོལ་མ་》སོགས་ཀྱང་ སྲོང་བཙན་གྱིས་བརྩམས་པར་གྲགས་པའང་དོགས་གནས་སུ་འདུག སྲོང་བཙན་སྒམ་པོའི་ཆེ་བ་བརྗོད་པའི་ལོ་རྒྱུས་སུ་མི་ཆོས་དང་མཐུན་་་པའི་མཛད་རྗེས་བླ་ན་མེད་པ་བཞག་པར་བརྗོད་ན་དོན་ལ་གནས་ཤིང་།སྲོང་བཙན་བསྟོད་ནས་ལྷ་རུ་བཏང་ན་ནི་ཆེ་བ་བརྗོད་པ་རྫུན་མའི་ལོ་རྒྱུས་སུ་འགྱུར་རོ། ། གང་ལྟར་ལོ་རྒྱུས་ནི་དུང་ཞེན་གྱི་དབང་གིས་རང་རང་གི་ལྟ་ཚུལ་གྱིས་འགལ་ཟླ་བྱུང་བ་ཞིག་ཡིན་པ་སྲོང་བཙན་གྱི་ཆེ་བ་བརྗོད་པ་འདི་གཅིག་པུར་ལྟས་ན་ཤེས་པར་འགྱུར་བ་ཞིག་སྟེ། ཆོས་ལུགས་པ་ཚོས་སྲོང་བཙན་ ལ་དབུ་གཉིས་ཡོད་པར་སྨྲ་བ་དང་། སྤྱན་རས་གཟིགས་ཀྱི་སྤྲུལ་པར་ བརྗོད་པ། སྤྲུལ་པས་མི་རོ་སློང་མཁན་ཞིག་ཡིན་པར་གླེང་བ། ཆོས་ སྲིད་ཟུང་འབྲེལ་དུ་སྐྱོང་བའི་ཆོས་བདག་ཞིག་ཡིན་པར་འདོད་པ་སོགས་རེད་ལ། འཇིག་རྟེན་པས་སྲོང་བཙན་ནི་ཆབ་སྲིད་མཁན་དང་། མི་ རིགས་ཀྱི་དཔའ་བོ། དྲག་རྩལ་འགྲན་མེད་ཅིག བོད་མི་གཅིག་གྱུར་ བྱས་པའི་རྒྱལ་པོ་རླབས་ཆེན་ཞིག་ཡིན་པར་བརྗོད་པ་སོགས་ལ་བལྟས་ ན་ཤིན་ཏུ་ནས་ཀྱང་གསལ་པོ་མ་ཡིན་ནམ། སྲོང་བཙན་གྱིས་དུས་རབས་ཀྱི་དགོས་མཁོ་ལ་དམིགས་ནས་ནང་ཆོས་་ལྟ་གྲུབ་དང་ལྡན་པའི་ཁྲིམས་བཅས་ཤིང་། དེ་ནས་བཟུང་ནང་ཆོས་ དར་བའི་རྨང་གཞི་གཙུག་པ་ལྟ་བུར་གྱུར་པ་དང་། མི་འདོད་བཞིན་ བོན་ལ་རང་བཞིན་གྱིས་ཕམ་ཉེས་བྱུང་ཞིང་། དུས་སྐབས་དེ་ནས་བཟུང་ བན་བོན་གཉིས་འགལ་བ་ཇེ་ཆེ་ནས་ཇེ་ཆེར་གྱུར་པ་དང་། དེ་དང་ བསྟུན་ནས་རིམ་བཞིན་སྲིད་དོན་ལ་ཡང་གནོད་པའི་གཤེད་དུ་གྱུར། དཔེ་ན་མེས་ཨག་ཚོམ་གྱི་དུས་སུ་བློན་པོ་ལྡོང་ཙབ་དང་། ལང་མྱེས་གཟིགས་ གཉིས་ཀྱིས་བོན་ཆོས་དར་རྒྱས་ལ་དམིགས་ནས་རྒྱལ་པོ་བཀྲོངས་ཤིང་། མདུན་བློན་འགའ་ལ་དབང་ཆ་མེད་པར་བཟོ་ཆེད་ཆོས་བྱེད་མི་ཆོག་་པའི་ཁྲིམས་ལུགས་ཁྱབ་བསྒྲགས་བྱས་པ་སོགས་དོན་དུ་བན་བོན་གཉིས་ཀྱི་འགལ་རྩོད་ཁྲོད་བོད་བཙན་པོའི་སྲིད་དོན་ཀྱི་ཐད་བྱུང་བའི་ཆག་་གྲུམ་དང་པོ་དེ་རེད། དེ་དུས་ཁྲི་སྲོང་ལྡེ་བཙན་སྐུ་ན་ཕྲ་བས། བློན་མ་ཞང་གྲོམ་པ་སྐྱེས་ཀྱིས་ སྲིད་དབང་ཡོངས་རྫོགས་བཟུང་ནས་ཆོས་ལུགས་ལ་དད་མོས་བྱེད་པ་བཀག་་འགོག་བྱས་ཤིང་། གལ་སྲིད་ཡོད་ན། རྒྱུ་ནོར་གཞུང་བཞེས་དང་། མཐའ་ འཚམས་སུ་རྒྱང་འཕུད་བྱས། ནང་ཆོས་ཀྱི་གཙུགས་ལག་ཁང་འགའ་རེ་གཏོར་ནས། ཆོས་ལ་དད་ པའི་བློན་པོ་གཉིས་ལ་སྲོག་ཁྲིམས་བཅད། ཁྲི་སྲོང་ལྡེ་བཙན་སྐུ་ན་ སོན་ཏེ་རྒྱལ་སྲིད་ཀྱི་ཁྲི་ལ་འཁོད་རྗེས་བློན་མ་ཞང་བསད་པ་དང་། ཆོས་བྱེད་མི་ཆོག་པའི་ཁྲིམས་ལུགས་མེད་པར་བཟོས་ཤིང་། ནང་ འཁྲུགས་ཕལ་ཆེར་མེད་པར་བཏང་། ཡིན་ནའང་རྒྱུ་རྐྱེན་དུ་མས་བན་་ བོན་གཉིས་ཀྱི་འགལ་བ་ཇེ་སྡུག་ཏུ་གྱུར་སྐབས། རྒྱལ་པོས་བན་ བོན་གཉིས་ཁུང་གང་ཞིག་བཙུན་མིན་རྩོད་དུ་བཅུག་པས། བོན་ཕམ་ ནས་བོན་པོ་རྣམས་མངའ་རིས་སུ་བསྐྱུགས་ཤིང་། བོན་ཆོས་མེད་པར་ བཟོས་པས་སངས་རྒྱས་ཆོས་ལུགས་དར་བའི་རྨང་གཞི་ལྟ་བུ་དེ་ནས་བྱུང་། སྤྱི་ལོ་༦༧༦ལོར་སད་མི་མི་བདུན་རབ་ཏུ་བྱུང་ནས་བོད་དུ་གྲྭ་པ་ཐོག་ མར་བྱུང་ཞིང་། རྒྱལ་པོས་རབ་ཏུ་བྱུང་བ་རྣམས་ལ་མཐོང་ཆེན་བྱས་ ཏེ་ཁྲལ་ལས་མི་དགོས་པར་བཏང་བ་དང་། ད་དུང་ཟས་གོས་སོགས་ རྒྱལ་པོའི་མཛོད་ནས་ཕུད་པར་མ་ཟད། གྲྭ་པ་རེ་ལ་དུད་ཁྱིམ་གསུམ་ རེ་སྤྲད་པས་ཟླ་རེ་བཞིན་འཚོ་བའི་ཡོ་ཆས་འབུལ་དགོས་པས། ཁྱིམ་ ཚང་དག་ལ་ཁྲལ་ལས་དེ་དག་གིས་དཀའ་ངལ་ཆེན་པོ་འཕྲད་པ་རེད། དེ་ལྟར་སེར་མོ་བའི་འཚོ་བར་འདང་རྒྱག་མེད་པར་གྱུར་པ་དང་བསྟུན་ ནས་སེར་མོ་བའི་གྲངས་འབོར་ཡང་ཇེ་མང་དུ་གྱུར། རྒྱུ་རྐྱེན་དེ་དག་གི་་ དབང་གིས་སེར་མོ་བའམ། ཆོས་པའི་དབང་ཤུགས་འཕེལ་རྒྱས་སུ་ཕྱིན་ པ་དང་། ཆོས་པས་སྲིད་ལ་རྐང་ལག་སྐྱོང་བའི་མཐུན་རྐྱེན་བསྐྲུན་པ་ ལྟ་བུ་གྱུར་པས།བོད་ཀྱི་ཆོས་པས་ཆབ་སྲིད་སྐྱོང་བའི་ཆོས་སྲིད་ཟུང་འབྲེལ་ ལམ་ལུགས་དེ་འབྱུང་བའི་གཞི་རྩ་གཅིག་ནི་འདི་ནས་བྱུང་བ་མ་ཡིན་ ནམ་སྙམ་མོ།། མངའ་བདག་ཁྲི་རལ་པ་ཅན་གྱིས་སྤྱི་ལོ་༨༡༥ལོར་དངོས་སུ་སྲིད་དབང་བཟུང་བས། སྔོན་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་གྲྭ་པ་རེ་ལ་དུད་ཁྱིམ་གསུམ་ སྤྲད་པ་དེའི་གྲངས་འབོར་སྤར་ཏེ་གྲྭ་པ་རེ་ལ་དུད་ཁྱིམ་བདུན་རེ་སྤྲད་པར་་མ་ཟད། གྲྭ་པར་མིག་ལོག་བལྟས་ན་མིག་འདོན་པ་སོགས་ཀྱི་ཁྲིམས་ བཅས་པས་གྲྭ་པའི་དབང་ཤུགས་སྔར་ལས་ཆེན་པོར་གྱུར་པ་དང་། མང་ཚོགས་ལ་མནར་གཅོད་དང་། གནོན་ཤུགས་མི་དམན་པ་ཐེབས་ ཤིང་། ཆོས་པས་ཆོས་ཀྱི་ལག་ལེན་ཕྱིན་ཅི་ལོག་ཏུ་སྤྱོད་ཅིང་། སྲིད་ལ་་ རྐང་ལག་སྐྱོང་བའི་རྩ་བའི་རྒྱུ་རྐྱེན་ལ་ཤུགས་སྣོན་ཆེན་པོ་བཟོས་པ་ལྟ་་བུར་གྱུར་པ་རེད། དེ་ནས་གླང་དར་མ་འུ་དུམ་བཙན་རྒྱལ་སྲིད་ཀྱི་ཁྲི་ལ་འཁོད། ཆོས་ལ་ མི་དགའ་བའི་བློན་པོ་དག་དང་ལྷན་དུ་སངས་རྒྱས་ཆོས་ལུགས་རྩ་མེད་བཟོ་བའི་འཆར་གཞི་བཀོད། གླང་དར་གྱིས་ཆོས་ལུགས་བསྣུབས་ཐུབ་ པའི་རྒྱུ་རྐྱེན་གཙོ་བོ་ནི། དེ་སྐབས་སྔོན་ཆད་དང་མི་འདྲ་བའི་སད་སེར་ དང་། ཆུ་ལོག་སོགས་རང་བྱུང་གི་གནོད་འཚེ་བྱུང་བས་དེ་ནི་སངས་རྒྱས་ ཆོས་ལུགས་བྱས་པའི་རྐྱེན་གྱིས་ཡིན་པར་སྙད་བཏགས་ནས་ཆོས་ལུགས་་རྩ་མེད་བཟོ་བའི་སྐུལ་མ་བཏང་བས། མང་ཚོགས་དག་ཀྱང་དོགས་པ་ ཟ་བཞིན་ཡོད་པའི་སྐབས་དང་ཁེལ་བས་སངས་རྒྱས་ཆོས་ལུགས་གཏོར་བཅོམ་བྱེད་ཐུབ་པར་གྱུར་པ་རེད་ལ། ཐོག་མར་གཙུགས་ལག་ཁང་ གི་སྐུ་གསུང་ཐུགས་རྟེན་མེར་བསྲེགས་པ་དང་། ཆུར་བསྐྱུར་བ་སོགས་ ཆོས་བསྣུབས་པའི་ལས་འགུལ་ཚབས་ཆེན་སྤེལ་བ་དང་། རབ་བྱུང་ རྣམས་ཁྱིམ་དུ་ཕབས་ཤིང་། བཀའ་སྲུང་དང་ལེན་མི་བྱེད་མཁན་རྣམས་ འགའ་ཞིག་བསད། འགའ་ཞིག་རྒྱང་འཕུད་བཏང་བ་སོགས་གནར་ གཅོད་ཚད་མེད་བཏང་བས་རབ་བྱུང་བ་མང་པོ་མངའ་རིས་དང་མདོ་སྨད་ཕྱོགས་སུ་བྲོས། གླང་དར་གྱིས་རང་གི་སྲིད་དབང་སྲ་བརྟན་ཡོང་བར་དམིགས་ནས། ཆོས་ལུགས་རྩ་མེད་བཟོ་བའི་ལས་འགུལ་ཡ་ང་བ་སྤེལ་ཡང་། དོན་འབྲས་ མ་སྨིན་པར་ལྷ་ལུང་དཔལ་རྡོར་གྱིས་མདའ་མོ་གཅིག་གིས་རྒྱལ་པོ་མངའ་ལམ་དུ་བཏང་ཞིང་། བོད་བཙན་པོའི་དར་སྤེལ་བཏང་བའི་ཆོས་ལུགས་ ཀྱི་བདག་པོའི་བོད་ཀྱི་རྒྱལ་སྲིད་འཐོར་ཞིག་གཏོང་བའི་གཤེད་མར་ གྱུར། དེ་ནས་mརྒྱལ་རྒྱུད་མ་འཆམས་པར་གཉིས་སུ་གྱེས་པ་དང་། ནང་ ཁུལ་གྱི་འཁྲུགས་རྩོད་ཇེ་སྡུག་ཏུ་གྱུར་པ་དང་བསྟུན།nསྤྱི་ལོ་༩༧༨ལོར་་བླ་ཆེན་དགོངས་པ་རབ་གསལ་གྱིས་བསྟན་པའི་མེ་རོ་མདོ་ཁམས་སྨད་་ ནས་གསོས་པར་གྲགས་ཤིང་། དབུས་གཙང་གི་མི་བཅུས་ཁོང་གི་མདུན་ ནས་འདུལ་བའི་སྡོམ་རྒྱུན་བླངས་ནས་དབུས་གཙང་སོགས་སུ་དགོན་སྡེ་གསར་སྐྲུན་དང་། རབ་བྱུང་སྡོམ་རྒྱུན་སྤེལ་བ་སོགས་ཀྱི་བསྟན་པ་སླར་་ དར་ཞིང་རྒྱས་པར་གྱུར། གཞན་ཡང་མངའ་རིས་ནས་ལྷ་བླ་མ་ཡེ་ཤེས་

mའོད་སྲུང་དང་ཡུམ་བརྟེན་གཉིས་མ་འཆམས་པར་རྒྱལ་རྒྱུད་གཉིས་སུ་གྱེས། nཕྱི་ལོ་༨༦༩ལོར་དབའ་ཁོ་བཞིར་ལེགས་སྟེང་གི་སྣེ་ཁྲིད་དེ་འབངས་གྱེན་ལོག་བྱུང་བ། འབངས་གྱེན་ལོག་ བྱུང་ཏེ་བོད་བཙན་པོའི་སྐྱོང་བའི་རྒྱལ་ཁབ་ཀྱི་ཆབ་སྲིད་རྩ་འཐོར་དུ་སོང་བ་དང་། མཐའི་ས་མཚམས་ཇེ་ཆུང་ དང་།ཆབ་སྲིད་ཉམས་རྒུད། དཔལ་འབྱོར་ཇེ་སྡུག་ཏུ་གྱུར་ནས། ས་ཁུག་རེ་རྒྱལ་ཕྲན་རེའི་བཟུང་ཞིང་ འཁྲུགས་རྩོད་ཀྱིས་གང་བ་དང་། བོད་གཅིག་གྱུར་གྱི་རྒྱལ་པོ་མ་བྱུང་བར་ཀློ་ཀློ་དང་མུན་ནག་གི་དུས་རབས་ གང་མཚམས་ཞིག་བརྒྱུད་པ་རེད། འོད་ཀྱིས་ཇོ་བོ་རྗེ་རྒྱ་གར་ནས་གདན་དྲངས་ཏེ། ཆོས་དར་སྤེལ་བཏང་ བ་དང་། བཀའ་གདམས་པའི་ཆོས་ལུགས་དར་རྒྱས་བྱུང་ཞིང་། སྒྲུབ་ བརྒྱུད་ཤིང་རྟ་བརྒྱད་ཀྱི་བསྟན་པ་རིམ་བཞིན་དར་རྒྱས་བྱུང་བ་ཡིན་ནོ། ། ལྔ། བོད་ཀྱི་ལུགས་གཉིས་ཟུང་འབྲེལ་གྱི་ལམ་ལུགས་དངོས་སུ་བྱུང་བའི་་ སྐབས་ཀྱི་གནས་ཚུལ་ལ་གཞིག་ན། སྤྱི་ལོ་༡༡༨༩ལོར་ཧོར་ཇིང་གེར་རྒྱལ་་ པོས་རྒྱ་ནག་གི་ས་ཁུལ་མང་ཆེ་བ་དབང་བསྒྱུར་བྱས་ཤིང་སོག་པོའི་རྒྱལ་ ཁབ་སྟོབས་ཅན་དུ་ཆགས་པའི་སྐབས། བོད་གཅིག་གྱུར་གྱི་ནུས་པ་ཉམས་་ ཤིང་སིལ་བུར་འཐོར་བའི་དུས་དང་བསྟུན་ནས་སྤྱི་ལོ་༡༢༠༦ལོར་སོག་ དམག་དབུས་གཙང་དུ་བཏང་ནས་བོད་ཡུལ་དབང་བསྒྱུར་བྱས་པས་མངའ་ རིས་དང་། དབུས་གཙང་སོགས་ཀྱི་རྒྱལ་ཕྲན་དག་གིས་རྒོལ་བའི་ནུས་ པ་མེད་པར་མགོ་བཏགས་ཞུས་པ་དང་། སོག་པོ་དང་ས་སྐྱའི་བར་འབྲེལ་ བ་ཐོག་མར་བྱུང་བར་གྲགས་ཤིང་དེ་ནས་བོད་ཡུལ་གྱི་བླ་གྲྭ་ཚོས་ཆོས་་ དཔེ་མང་པོ་ཁྱེར་ནས་སོག་ཡུལ་དུ་ཆོས་སྤེལ་བའི་འགོ་ཚུགས། དེ་རྗེས་ ཧོར་གོ་དན་རྒྱལ་པོས་དམག་དཔོན་རྟ་ནག་ཅན་གྱིས་སོག་དམག་བོད་ དུ་དྲངས་ནས། མདོ་སྨད་ལང་ཇུའི་ཕྱོགས་སུ་ས་སྐྱ་པཎ་ཆེན་གདན་དྲངས་ ཤིང་། དེ་ནས་བཟུང་ས་ཧོར་མཆོད་ཡོན་འབྲེལ་བར་བཤད། དེ་དང་ བསྟུན་ནས་ཆོས་ལུགས་ཁག་གི་བླ་ཆེན་རྣམས་སོག་ཡུལ་དུ་ཕེབས་ནས་ སོག་པོར་མགོ་བཏགས་ཞུས། ལྷག་པར་དུ་སྤྱི་ལོ་༡༢༥༥ལོར་ཀརྨ་པཀྴི་ སོག་ཡུལ་དུ་གདན་དྲངས་ནས་སོག་པོ་དང་བཀའ་བརྒྱུད་པའི་བར་འབྲེལ་ བ་ཐོག་མར་བྱུང་། དེ་རྗེས་སྤྱི་ལོ་༡༢༥༣ལོར་སེ་ཆེན་རྒྱལ་པོས་འགྲོ་མགོན་ཆོས་འཕགས་་ལས་དབང་ཐོག་མ་ཞུས་ཤིང་། དབང་ཡོན་དུ་བོད་ཡུལ་ཁྲི་སྐོར་བཅུ་ གསུམ་ཕུལ་བ་དང་། རྒྱལ་པོའི་དབུ་བླར་བཀུར། དབང་བར་པ་ཞུས་པའི་ སྐབས་སུ་བོད་ཡུལ་ཆོལ་ཁ་གསུམ་གྱི་བདག་དབང་ཡར་ཕུལ། དབང་རྗེས་མ་ཞུས་པའི་སྐབས་སུ་oརྒྱ་ཡི་མི་ཡུར་ཆེན་མོ་ཕུལ་དེ་ནས་ མི་ཡུར་མཚམས་འཇོག་བྱས་པར་བཤད། དེ་ལྟར་ཧོར་གྱི་རྒྱལ་པོའི་འགྲོ་ མགོན་ཆོས་རྒྱལ་འཕགས་པ་ལས་དབང་ཐེངས་གསུམ་ཞུས་ཤིང་བོད་ཀྱི་་ བདག་དབང་ཡར་ཕུལ་བ་དང་། འཇའ་ས་མུ་ཏིག་མ་སྩལ་ཏེ་ལུགས་གཉིས་་་ ཀྱི་བདག་པོར་བསྐོས་ཤིང་། དེ་ནས་བཟུང་ལུགས་གཉིས་ཟུང་འབྲེལ་

oམི་ཡུར་ཆེན་མོ་ཞེས་པ་ནི་སྔར་ཇིང་གེར་ཧན་གྱིས་རྒྱ་རིགས་དབང་སྒྱུར་བྱས་པའི་རྗེས་སུ། ངོ་རྒོལ་དང་ གྱེན་ལངས་ཡང་ཡང་བྱུང་རྐྱེན་དེ་ནས་བཟུང་ལོ་ལྟར་དམག་བཏང་ནས་རྒྱལ་རིགས་མི་གྲངས་ཁྲིསྟོང་མང་པོ་་་་་་ བཙན་འདེད་བྱས་ཏེ། རྨ་ཆུའི་ནང་དུ་འདེབས་ཀྱི་ཡོད་པ་དང་། དེ་སྐབས་རྨ་ཆུའི་ནང་དུ་རོ་དང་ཁྲག་གིས་ ཁེངས་ནས་ནམ་མཁའི་མདོག་ཀྱང་དམར་མདངས་སུ་འགྱུར་འགྲོ་བ་དེ་ལ་ཟེར་ཞིང་། བླ་མ་འཕགས་པའི་་་་་ བཀའ་ལྟར་མི་ཡུར་མཚམས་འཇོག་བྱས་པར་བཤད། ལམ་ལུགས་དངོས་སུ་བྱུང་བ་ཡིན་ནོ།། དེ་ནས་ས་སྐྱ་བས་ལུགས་གཉིས་ཟུང་འབྲེལ་གྱི་ལམ་ལུགས་འཁྱལ་མ་་འཁྱོར་གྱིས་བསྐྱངས་ཀྱང་། མཐར་ནང་ཁུལ་ཕན་ཚུན་བར་འཁྲུགས་རྩོད་ བྱུང་ནས་ལུགས་གཉིས་ཟུང་འབྲེལ་ལམ་ལུགས་བསྐྱོང་བའི་སྟོབས་ཤུགས་་ཉམས་པ་དང་བསྟུན་ནས་སྲིད་དབང་pཕག་གྲུས་འཕྲོག་ཤིང་ས་སྐྱའི་་ སྲིད་དབང་ཤོར། དེ་དུས་རྗེ་དགེ་འདུན་གྲུབ་པས་ཕག་གྲུའི་གཞིས་རྩེའི་རྫོང་དཔོན་ཧོར་དཔལ་ འབྱོར་བཟང་པོའི་རྒྱབ་སྐྱོར་ལ་བརྟེན་ནས་སྤྱི་ལོ་༡༤༤༧ལོར་བཀྲ་ཤིས་ ལྷུན་པོའི་དགོན་པ་བཏབ་ནས་དགེ་ལུགས་ཀྱི་བསྟན་པ་ཆེས་ཆེར་དར་ བར་གྱུར། ༡༤༣༥ལོར་ཕག་གྲུའི་ནང་འཁྲུགས་《སྟག་ལོའི་སྡེ་གཟར་ ཆེན་མོ་》ཞེས་ལོ་རྒྱུས་ཁྲོད་ཡ་ང་བའི་སྐྱོ་གར་དེ་དག་བྱུང་ཞིང་། མི་ ལོ་དུ་མའི་རིང་མནར་གཅོད་དང་སྡུག་བསྔལ་ཁྲོད་ནས་ཕག་གྲུས་ལུགས་ གཉིས་ཟུང་འབྲེལ་ལམ་ལུགས་ཤི་མ་གསོན་དུ་བཟུང་ཞིང་། མཐར་ནང་ ཁུལ་གྱི་འཁྲུགས་རྩོད་རྒྱུན་མ་ཆད་པས་ཆོས་སྲིད་ཉམས་རྒུད་དུ་གྱུར་པ་

pའདིར་བརྒྱུད་རིམ་ཙམ་སྨོས་པ་ལས་དོན་དུ་དེ་དག་གིས་སྐབས་འཁྲུགས་རྩོད་དང་། འགལ་ཟླ་བྱུང་བའི་ སྐོར་འདིར་ཞིབ་ཏུ་མ་བརྗོད་པས། མཁྱེན་འདོད་ན་ལོ་རྒྱུས་ཡིག་ཚང་རྒྱས་པ་འཚོལ་ཞིག དང་བསྟུན་ནས་ཕག་གྲུའི་སྲིད་དབང་ཕལ་ཆེར་རིན་སྤུངས་པའི་ལག་ཏུ་ཤོར། དེ་དུས་བཀའ་བརྒྱུད་དང་དགེ་ལུགས་གཉིས་འགལ་རྩོད་ཆེན་པོ་བྱུང་་ བས། བཀའ་བརྒྱུད་པའི་ཆོས་གྲགས་ཡེ་ཤེས་ཀྱིས་རིན་སྤུངས་པའི་་་ རྒྱབ་སྐྱོར་ལ་བརྟེན་ནས་གཙང་དམག་ཆིག་ཁྲི་ལྷག་ལྷ་སར་དྲངས་ཤིང་། དགེ་ལུགས་པའི་སྦྱིན་བདག་ཁག་གནས་དབྱུང་བཏང་། དགེ་ལུགས་་ པའི་“ལྷ་ལྡན་སྨོན་ལམ་ཆེན་མོ་“ཡང་འཚོགས་མི་ཆོག་པར་བྱས་པ་སོགས་་ ལུགས་དང་མི་མཐུན་པའི་གྲུབ་མཐའི་འགལ་རྩོད་ཆེན་པོ་བྱུང་ཞིང་། དགེ་ ལུགས་པའི་གྲུབ་མཐར་ཕམ་ཉེས་ཆེན་པོ་ཐེབས། སྤྱི་ལོ་༡༥༡༨ལོར་རྒྱལ་དབང་གཉིས་པའི་ཐབས་ལ་བརྟེན་ནས་དགེ་ལུགས་པའི་སྨོན་ལམ་འཚོགས་རྒྱུ་བྱུང་བ་དང་། མི་ལོ་དུ་མའི་རིང་དཀའ་སྡུག་ མྱང་བའི་དགེ་ལུགས་པའི་ཆོས་པ་དང་། སྦྱིན་བདག་རྣམས་ལ་རང་དབང་ ཅུང་ཟད་ཐོབ། དེ་རྗེས་འབྲས་སྤུངས་རྡོ་མཁར་སྔོན་མོ་བྱུང་ཞིང་། དེར་ དགེ་ལུགས་པའི་དབང་ཤུགས་འཕེལ་བའི་རྨང་བཞི་ལྟ་བུར་གྱུར་པས་ཕྱིས་དགའ་ལྡན་ཕོ་བྲང་དུ་གྲགས། ད་དུང་མུ་མཐུད་དགེ་ལུགས་དང་ བཀའ་བརྒྱུད་པའི་འགལ་རྩོད་ཇེ་སྡུག་ཏུ་གྱུར་པ་དང་། འབྲི་གུང་པས་ དགེ་ལུགས་པའི་དགོན་སྡེ་ཁག་བཅོམ་ཞིང་། ཞྭ་མདོག་བསྒྱུར་དུ་བཅུག་ པ་སོགས་ཚོད་མེད་བྱ་ངན་མང་པོ་བྱས་པས་དགེ་འབྲི་བར་དམག་འཁྲུགས་ བྱུང་ངོ་། སྡེ་བ་ཡར་རྒྱབ་པ་དང་། གཙང་པ་སྡེ་བ་གཉིས་ནང་འཁྲུགས་བྱུང་ ནས་གཙང་པ་སྡེ་སྲིད་ལ་རྒྱལ་ཁ་ཐོབ་པ་དང་། དབང་ཤུགས་སྔར་ ལ་རྒྱས་པར་གྱུར། བཀའ་བརྒྱུད་པའི་ཆོས་པ་དང་། སྦྱིན་བདག་དག་ གིས་དགེ་ལུགས་པར་མཐའ་གཅིག་ཏུ་བསོད་བཅོམ་འཕྲོག་གསུམ་ཚད་ མེད་བྱས་པས། དགེ་ལུགས་པའི་སྦྱིན་བདག་སྡེ་སྲིད་བསོད་ནམས་རྣམ་ རྒྱལ་གྱིས་སོག་དམག་ལ་སྐྱབས་བཅོལ། དེ་དུས་ཕུན་རྣམ་གྱིས་གཙང་ དམག་ཆིག་ཁྲི་ལྷག་དྲངས་ཏེ་གདན་ས་སེ་འབྲས་ལ་གཏོར་བཅོམ་བྱས་ པས། པཎ་ཆེན་ཆོས་རྒྱན་མངའ་རིས་སུ་བྲོས་ཤིང་། སེ་འབྲས་ཀྱི་གྲྭ་པ་ ཕལ་ཆེ་བ་མཚོ་སྔོན་ཕྱོགས་སུ་བྲོས་པ་སོགས་འཐབ་འཁྲུགས་རྒྱུན་མ་ཆད་ པར་བྱུང་བ་དང་། སོག་པོའི་ལྷ་བཙུན་བསྟན་འཛིན་གྱིས་དམག་ཉིས་ སྟོང་ལྷག་སྐྱིད་ཤོད་སྡེ་བའི་དམག་དཔུང་དང་ལྷན་དུ་གཙང་དམག་དང་ འཐབ་ཅིང་། མི་གྲངས་སྟོང་ཕྲག་མང་པོ་བསད་རྨས་བྱུང་། ཡིན་ནའང་། གཙང་རྒྱལ་གྱིས་མཐའ་གཅིག་ཏུ་དགེ་ལུགས་པར་སྡང་བས་བེ་རུ་དང་། སོག་པོ་ལེན་ཏན་གཉིས་དང་བསྡོངས་ནས་དགེ་ལུགས་པ་གཙོས་པའི་དགོན་སྡེ་ཁག་གཏོར་བ་དང་། གྲྭ་མང་དང་སྦྱིན་བདག་མང་པོ་དམར་ གསོད་བཏང་བ་སོགས་འཐབས་འཁྲུགས་རྒྱུན་མ་ཆད་པར་བྱུང་བས། སྤྱི་ལོ་༡༦༣༩ལོར་གུ་ཤྲཱི་ཧན་གྱིས་དམག་དྲངས་ནས་བེ་རུ་གཏོར་ཞིང་།གཙང་རྒྱལ་ཕམ་པར་རྒྱབ་ནས་རྒྱལ་དབང་ལྔ་པ་བོད་གཅིག་གྱུར་ཀྱི་ལུགས་གཉིས་ཟུང་འབྲེལ་ལམ་ལུགས་ཀྱི་བདག་པོར་མངའ་གསོལ། བོད་ ཀྱི་བླ་ཆེན་དག་གིས་རང་རང་གི་གྲུབ་མཐའ་ཁྱབ་བརྡལ་གཏོང་བའི་ཆེད་དུ་ཆབ་སྲིད་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཡ་ང་བའི་གདོལ་སྤྱོད་སྣ་ ཚོགས་ཀྱི་འགལ་རྩོད་ཁྲོད་ནས། མི་སེར་ལ་མནར་གཅོད་ཚད་མེད་བཏང་ བ་དང་། སོག་གུ་ཤྲཱི་ཧན་གྱིས་བོད་མི་ཁྲི་ཕྲག་མང་པོ་དམར་གསོད་བྱས་ པ་དེའང་དོན་དངོས་སུ་ནང་ཁུལ་འཁྲུགས་རྩོད་དེ་དག་གིས་བསྐྱེད་པ་ ཞིག་ཡིན་ལ། མདོར་ན་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་གྱུར་པ་ ནས་བཟུང་། ལུགས་མིན་གྱི་སྤྱོད་པ་ཁོ་ནས་ཆབ་སྲིད་འཕྲོག་རྩོད། གྲུབ་ མཐའི་འགལ་རྩོད་ཡ་ང་བ་། ནང་ཁུལ་འཁྲུགས་རྩོད་ཀྱི་ཁྲོད་ནས་ཕྱིའི་ སོག་པོ་དང་། མིང་རྒྱལ་རབས། ཆིན་རྒྱལ་རབས། ཀྲུང་རྒྱལ་སོགས་ ཀྱིས་དབང་བསྒྱུར་ཁྲོད་ནས་མི་སེར་ལ་མི་ཡུལ་གྱི་དམྱལ་བ་ལྟ་བུའི་སྐྱོ་ གར་ཁོ་ནས་ད་ལྟའི་བར་མུན་ནག་གི་དུས་རབས་ཞིག་བརྒྱུད་ནས་འོང་ བ་ཡིན་ལ། ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱིས་བོད་ཀྱི་ཆོས་ལུགས་ དང་ཆབ་སྲིད་གང་ཡང་འཕེལ་རྒྱས་དང་། འཛིན་སྐྱོང་བྱེད་མ་ཐུབ་ པར་རྒུད་པ་ནས་ཡང་རྒུད་དུ་འགྲོ་བའི་གཞིར་གྱུར་པ་རེད། དྲུག བོད་ཀྱི་དངོས་ཡོད་ལོ་རྒྱུས་བདེན་པའི་བཞིན་རས་དེ་དག་ལ་བརྟེན་ནས། ལུགས་གཉིས་ཟུང་འབྲེལ་ལམ་ལུགས་ཀྱི་དགེ་སྐྱོན་ལ་བལྟས་ན། མ་འོངས་བར་ལམ་གང་ཞིག་གི་ཐོག་ནས་འགྲོ་དགོས་པ་གསལ་པོ་གསལ་ རྐྱང་རེད། བདག་གི་ལྟ་ཚུལ་ནི་ཆོས་སྲིད་སོ་སོར་ཡང་དག་པ་ཞིག་དང་ གཙང་མ་ཞིག་གིས་སྐྱོང་དགོས་པར་འདོད་བཞིན་ཡོད། གང་ལགས་ ཤེ་ན། བཙན་པོ་ཁྲི་སྲོང་གི་དུས་སྐབས་ནས་གྲྭ་པར་དུད་ཁྱིམ་སྤྲད་པ་ དང་། ཁྲི་རལ་པ་ཅན་གྱི་དུས་སུ་གྲྭ་པར་དུད་ཁྱིམ་བདུན་རེ་སྤྲད་པ་དང་། ས་ཞིང་དང་། སྒོ་ཕྱུགས་སོགས་སྤྲད་པར་མ་ཟད་གྲྭ་པར་མིག་ལོག་བལྟས་ ན་མིག་འདོན་པ་སོགས་ཁྲིམས་བཅས་པ་ནས་བཟུང་ཆོས་པའི་སྡེ་ལ་སྤྱི་ ཚོགས་ཐོག་དབང་ཤུགས་ཆེ་རུ་ཕྱིན་པ་དང་། ཕྱིས་བོད་སིལ་བུའི་དུས་ སུ་ཧོར་གྱི་རྒྱལ་པོས་ཆོས་འཕགས་ལུགས་གཉིས་ཀྱི་བདག་པོར་བསྐོས་པ་ནས་བཟུང། གྲྭ་པའམ་ཆོས་པའི་དབང་ཤུགས་ལྷག་ཏུ་མཐོ་རུ་ཕྱིན་ ཏེ་ཆབ་སྲིད་ཀྱི་དབང་ཆ་ཡོད་ཚད་ཆོས་པས་བཟུང་ཞིང་། ཆོས་ལུགས་ ཁག་ཕན་ཚུན་བར་སྲིད་དབང་འཕྲོག་རེས་ཀྱི་འཐབ་རྩོད་བྱུང་ཞིང་མི་ སེར་ལ་གནར་གཅོད་ཚད་མེད་ཐེབས་པར་མ་ཟད། ཆོས་སྲིད་གཉིས་ རྒུད་པའི་རྩ་བར་གྱུར་པ་དང་། ཆབ་སྲིད་ཀྱི་དབང་ཆ་ནི་ཆོས་ལུགས་ འགལ་རྩོད་ཀྱི་རྟེན་གཞིར་གྱུར་པ་རེད། རྒྱུ་རྐྱེན་དེ་དག་གིས་འཇིག་རྟེན་གྱི་སྲིད་ལུགས་ནི་ཆོས་པའི་ལག་འོག་ཏུ་ གྱུར་ན་མཇུག་འབྲས་ཅི་འདྲ་ཞིག་ཡིན་པ་གསལ་བཤད་བྱས་འདུག ལུགས་ གཉིས་ཟུང་འབྲེལ་ལམ་ལུགས་སྐྱོང་བས་ཆོས་སྲིད་གཉིས་ཀར་གནོད་སྐྱོན་ ཅི་བྱུང་དཔེར་ན། ཆོས་ཀྱི་ཕྱོགས་ནས་ཆོས་པས་ཆབ་སྲིད་ལ་མགོ་འཁོར་བའི་ རྐྱེན་གྱིས་ཆོས་ཀྱི་ལག་ལེན་དང་རྒྱབ་འགལ་དུ་གྱུར་པའི་འཁྲུགས་རྩོད་དེ་དག་ལ་བལྟས་ན་ཤེས་ཤིང་། སྲིད་ཀྱི་ཕྱོགས་ནས་ཆོས་ཀྱི་ལག་ལེན་ཡང་དག་པ་ ཞིག་མ་བྱུང་བར་འགལ་རྩོད་ཁོ་ནས་དུས་འདས་པས། སྲིད་ཀྱི་བྱ་གཞག་མ་ འགྲུབ་པར་ཉམས་རྒུད་དུ་གྱུར་པ་སོགས་གནས་ཚུལ་བཅོས་པ་མིན་པའི་ མིག་མཐོང་ལག་ཟིན་དེ་དག་གིས་ར་སྤྲད་འདུག་གོ། བཙན་པོའི་སྐབས་ཀྱི་བན་བོན་བར་གྱི་འགལ་རྩོད་དང་། ཕྱིས་ཆོས་ལུགས་ དང་ཆབ་སྲི་ཀྱི་འགལ་རྩོད་དང་། ལུགས་གཉིས་ཟུང་འབྲེལ་ཁྲོད་ ཀྱི་གྲུབ་མཐའི་འགལ་རྩོད་དང་། སྲིད་དབང་འཕྲོག་རེས་ཀྱི་འགལ་རྩོད་ དེ་དག་གིས་མདོར་ན། འཇིག་རྟེན་པའི་སྲིད་ལུགས་དང་། ཆོས་པའི་ ཆོས་ལུགས་ཉམས་རྒུད་དུ་འགྲོ་བའི་གཞིར་གྱུར་པ་མ་ཟད། སྔར་བོད་ བཙན་པོའི་རྒྱལ་ཁབ། སྟོབས་འབྱོར་མངའ་ཐང་སོགས་ནི་《རྒྱལ་ རབས་དེབ་ཐེར་དཀར་པོ་》ལས་“ གཡོ་མེད་སྙིང་རྗེའི་དབང་ཕྱུག་སྤྱན་ རས་གཟིགས། །ཡུད་ཙམ་ཁྲོས་པའི་སྤྱན་གྱི་སྡང་མིག་གིས། །གསེར་ འབྲུག་སྡེར་ལྔའི་ཁྲི་ལ་འགྱིངས་པ་ཡི། །མཐུན་ལྡན་གནམ་གྱི་བུ་ཡང་ འདར་བས་བྱས་“ཞེས་དང་། “སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་ པ་ལ། །རྟ་མཆོག་ཁྲོས་པའི་བཀའ་ཡི་རྒྱས་བཏབ་པའི། །སྲིན་པོ་གདོང་ དམར་བོད་ཀྱི་དམག་དཔུང་གིས། །སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་ ཞེས་གྲགས་“ཞེས་པ་ལྟར་སྟོབས་འབྱོར་མངའ་ཐང་གང་གི་ཐད་ནས་ཀྱང་ སྟོད་རྒྱ་གར། སྨད་རྒྱ་ནག་སོགས་གང་ལའང་འགྲན་པའི་ཟླ་བོ་ནུས་པའི་ བོད་ཆེན་པོའི་རྒྱལ་ཁབ་དེ་ཉིད་རྩ་འཐོར་དུ་གྱུར་ཅིང་། རིམ་བཞིན་མཐའི་ ས་མཚམས་ཇེ་ཆུང་ནས་ཇེ་ཆུང་དང་། སྟོབས་འབྱོར་མངའ་ཐང་ཇེ་ སྡུག་ནས་ཇེ་སྡུག ཆབ་སྲིད་ཉམས་རྒུད་ནས་ཡང་རྒུད་དུ་གྱུར་པར་ མ་ཟད། ཕྱིའི་བཙན་རྒྱལ་གྱི་བཙན་གནོན་ཇེ་ཆེ་ནས་ཇེ་ཆེར་གྱུར་པ་ ཡིན་ལ། ནང་ཁུལ་འཁྲུགས་རྩོད་ཀྱིས་གཅིག་གྱུར་མ་བྱུང་བས། དབང་ བསྒྱུར་མཁན་བཙན་འཛུལ་བྱེད་པའི་སྒོ་ཆེན་ཕྱེས་ཤིང་། མཐར་ཡོད་ ཚད་གཞན་གྱི་མངའ་འོག་ཏུ་གྱུར་ནས་ད་ལྟའི་དུས་རབས་ཉེར་གཅིག་ པའི་དབུ་ཁྱུད་བྲིས་པ་ཡིན་ནོ།། བཙན་པོའི་སྐབས་ཀྱི་སྟོབས་འབྱོར་མངའ་ཐང་དང་། སྲིད་འབྱོར་ རིག་གསུམ་སོགས་གང་ཅིའི་ཐད་ནས་གཞན་ལ་ངོ་གནོང་མི་དགོས་་་་ པ་བྱུང་བ་དེའི་རྩ་བ་ནི། མི་ཆོས་བསམ་བློ་བླ་ན་མེད་པ་དེ་དག་མཐོ་ བཙན་པོ་དབང་། དམའ་འབངས་མི་ཡོངས་ཀྱི་བསམ་སྦྱོར་གྱི་ཐོག་་་ ན་ཡོད་པའི་རྐྱེན་གྱིས་རེད། དེ་རྗེས་བོད་སིལ་བུའི་དུས་ནས་བཟུང་ཆོས་ཀྱི་རྒྱུན་ཤེས་བོར་ཞིང་། སྲིད་ཀྱི་ལག་ལེན་བྲལ་བའི་ཡ་མ་བརླའི་སྤྱོད་ཚུལ་འདི་དག་མིན། ཆོས་ ཆོས་བཞིན་སྒྲུབ། སྲིད་སྲིད་བཞིན་དུ་སྐྱོང་བའི་བཙན་པོའི་སྐབས་ཀྱི་ ཆོས་དང་། འཇིག་རྟེན་གྱི་བསམ་བློ་དང་། སྤྱོད་ཚུལ་དེ་དག་རྒྱུན་སྐྱོང་ བྱེད་རྒྱུ་བྱུང་ཡོད་པའི་དབང་དུ་བཏང་ན། ད་ལྟའི་ང་ཚོའི་གང་གིས་ ཀྱང་འཚབ་མི་ཐུབ་པའི་ཕམ་ཁ་དང་། གང་གིས་ཀྱང་བརྗོད་མི་ཐུབ་ པའི་སྐྱོ་གར་དང་སྡུག་གྱོང་། རྗེས་ལུས་ཀྱི་ཁྲོད་ནས། མི་རིགས་གཞན་ གྱི་དབང་བསྒྱུར་དང་། གཉའ་གནོན་འོག་ཏུ་མུན་ནག་གི་དུས་རབས་ འདི་གཏན་ནས་རྒྱུད་མི་དགོས་སྙམ།

འདི་ལྟར་བཤད་པས་མང་མང་ཞིག་གིས་མི་རིགས་ཀྱི་རྐང་འདྲེན་དང་། ཆོས་ལུགས་ཀྱི་ལྟ་ལོག་པ་སོགས་ཀྱི་ཞྭ་མོ་གཡོགས་སྲིད་ཀྱང་། བདག་ གི་དམིགས་ཡུལ་ནི་ལུགས་གཉིས་གང་ཞིག་ཡིན་ནའང་རང་རང་གི་ངོས་ ནས་ཡང་དག་པ་ཞིག་དང་གཙང་མ་ཞིག་སྐྱོང་ཐུབ་པའི་ཆེད་དང་། མ་འོངས་བར་བོད་ཀྱི་ཆོས་ལུགས་དང་། སྲིད་ལུགས་སུ་ཡང་འགལ་རྩོད་ ཀྱི་དཀའ་རྙོག་མི་འཕྲད་པར་རྗེས་ལུས་ཀྱི་རྣམ་པ་གཏོར་ཐུབ་པའི་ཆེད་ ཁོ་ནར་དམིགས་པ་ཡིན། ཆོས་ལུགས་ལ་དགག་པ་གཏོང་བ་མིན་ལ། སྲིད་ལུགས་ལ་རྨོངས་དད་དེ་བས་བྱེད་པ་མིན། ཆོས་དང་འཇིག་རྟེན་ གྱི་ལམ་ལུགས་གང་ཞིག་ཡིན་ཡང་དེ་གདོལ་སྤྱོད་ཀྱི་རང་བཞིན་ཞིག་ མ་རེད་ལ། ཆོས་པ་དང་འཇིག་རྟེན་པ་རང་གིས་གདོལ་སྤྱོད་ཅན་དུ་ བསྒྱུར་བ་རེད། དོན་དུ་ནང་ཆོས་ནི་འཚེ་མེད་ཞི་བ་ལྟ་བར་བཟུང་བའི་ ཡང་དག་པའི་ཆོས་ལུགས་ཞིག་ཡིན་པ་དང་། སྲིད་ལུགས་ཀྱང་མི་ཆོས་ གཙང་མ་སྤྱོད་པའི་ལམ་ལུགས་ཞིག་ཡིན་པ་རེད།

ཡིན་ནའང་ལམ་ལུགས་དེ་དག་སྐྱོང་མཁན་གྱིས་མ་འཇོན་པར་གདོལ་སྤྱོད་རང་བཞིན་ཅན་དུ་བསྒྱུར་བ་རེད། དེ་བས་སྲིད་ལུགས་ལ་སྨོད་པ་བྱེད་རྒྱུ་མེད་ ལ། ཆོས་ལུགས་ལ་དགག་པ་དེ་བས་བྱེད་རྒྱུ་མེད། རྗེས་ལུས་ཀྱི་རྩ་བ་ནི་ ཆོས་ལུགས་ཀྱིས་གནོད་ཤུགས་བཟོས་པ་མིན་ལ། སྲིད་ལུགས་ཀྱིས་ལན་ པ་དེ་བས་མིན། རྒྱུ་མཚན། བདག་ཅག་གི་ཆོས་ནི་འཚེ་མེད་ཞི་བདེའི་ རང་བཞིན་ཡིན་པ་དང་། སྲིད་ལུགས་ནི་མི་ཆོས་གཙང་མ་སྤྱོད་པའི་ ལམ་ལུགས་ཡིན་པས་སོ། ། དེས་ན་གང་གིས་མ་འཇོན་པ་རེད་ཟེར་ན། ཆོས་དང་སྲིད་སྐྱོང་མཁན་ གྱི་མི་བུ་(རང་ཅག)དག་གིས་མ་འཇོན་པ་རེད། གང་ནས་མ་འཇོན་པ་ དང་ཇི་ལྟར་མ་འཇོན་པ་རེད་ཟེར་ན། ཆོས་ཆོས་བཞིན་སྒྲུབ་པའི་ལག་ ལེན་ལག་ཏུ་མ་ཐེབས་པ་དང་། སྲིད་སྲིད་བཞིན་དུ་སྐྱོང་བའི་ལམ་ལུགས་རྒྱུན་འཁྱོང་མ་བྱས་པར། ལུགས་ གཉིས་མཉམ་བསྲེས་ཀྱི་ལམ་ལུགས་ཞིག་གི་ཐོག་ནས་འཁྱལ་འཁྱོར་དུ་ བསྐྱོད་པ་སོགས་གོང་ནས་བཤད་པ་ལྟར་དང་། ལམ་ལུགས་དེའི་ཁྲོད་ ནས་བཙན་པོའི་སྐབས་ཀྱི་ཆོས་དང་འཇིག་རྟེན་ཡང་དག་གི་ལྟ་སྤྱོད་ཉམས་ ཤིང་། ལམ་ལུགས་སྐྱོང་བའི་བདག་པོ་ནི་ལུགས་གཉིས་ཟུང་འབྲེལ་ ལམ་ལུགས་ཀྱི་བྲན་དུ་གྱུར་པ་རེད།

གནས་ལུགས་དང་རྒྱུ་མཚན་དེ་དག་བཙལ་བའི་རྗེས་སུ། མ་འོངས་པར་ རྗེས་ལུས་ཀྱི་རྣམ་པ་གཏོར་ཞིང་། འཛམ་གླིང་གི་མིའི་འགྲོ་བ་སྤྱི་དང་ མཐུན་པར་འཕེལ་རྒྱས་ཀྱིས་ལམ་དུ་འགྲོ་བའི་ཕྱིར་ཅི་ཞིག་འདོར་དགོས་པ་དང་། གང་ཞིག་ཚུར་ལེན་བྱེད་དགོས་པའི་གནས་ལུགས་མི་ཉུང་བ་ ཞིག་རྟོགས་པར་འགྱུར་ལ། དེ་ལས་སྔོན་འདས་ལོ་རྒྱུས་ཀྱི་ནག་ཉེས་ལ་ བཟོད་མེད་ཀྱི་འགྱོད་གདུང་ཞིག་སྐྱེས་པ་དང་འབྲེལ། ཕྱིར་བཅོས་ཀྱི་ བསམ་བློ་ལྡོག་ཏུ་མེད་པ་ཞིག་སྐྱེ་ངེས་ལ། མ་འོངས་བར་ཆོས་སྲིད་གཉིས་ ཀྱི་ལམ་ལུགས་ཀྱང་ཅི་འདྲ་ཞིག་གི་ཐོག་ནས་བསྐྱོད་དགོས་པའི་ངེས་་ ཤེས་ཐར་ཐོར་རེ་ཅིས་ཀྱང་སྐྱེ་ངེས་སོ།།

                                ༢༠༡༠/༡༠/༢༥                          







རྩོམ་ལ་འཇུག་དོན། དོན་རྐྱེན། ཉིན་ཞིག་ཁོ་བོས་སྨྱུ་གུ་དང་འབྲི་ཤོག་ལག་ཏུ་བཟུང་ནས་བསམ་གཞིག་ གི་སྐོར་ཡིག་ངོར་འདེབས་བཞིན་པའི་སྐབས་སུ། གྲོགས་པོ་ཞིག་ངའི་ སར་ཡོངས་ནས། སྙིང་རྗེ་རྗེ་དང་། ཤ་ཚ་ཚའི་ཚུལ་དུ་“ཁྱོད་ཀྱིས་རྟག་ ཏུ་སྨྱུ་གུ་དང་། ཤོག་བུ་ཞིག་བཟུང་ནས་གཅིག་འབྲི་གི་འདུག་མོད། ཡིན་ནའང་དེས་གོ་ཅི་ཡང་ཆོད་ཀྱི་མ་རེད། དེ་བས་རང་གི་ལག་ཤེས་ ལ་བརྟེན་ནས་བྱ་བ་ཞིག་གམ། ཡང་ན་གོ་གནས་ཞིག་ལག་ཏུ་རེག་ཐབས་ བྱས་ན་མི་དགའ་འམ“ཟེར། བདག་གིས་འདི་སྙམ་དུ་སེམས། ང་ཚོའི་ ཤ་ཐང་ཆད་ཆད་དང་། འབད་འབུངས་སྣ་ཚོགས་ཀྱིས་མི་ཚེ་ལྕགས་ སྨྱུག་དང་ལྷན་དུ་རྫོགས་པའི་བར་དུ་རྩོམ་ལ་འཇུག་པའི་དམིགས་ཡུལ་ནི། མིའི་འཚོ་གནས་བདེ་སྐྱིད་ལྡན་པ་ཞིག་ཡོངས་ཕྱིར་དང་། མི་བུའི་རང་ དབང་གི་ཆེད་དུ་མ་ཡིན་ནམ། དེ་ལས་གཞན་དུ་རྩོམ་འབྲི་བའི་ངལ་ བ་ལྷུར་ལེན་མཁན་ཞིག་ཡོད་ན་ནི། རང་གི་མཚན་སྙན་དང་། ཐོབ་ དངུལ་གྱིས་ཟིན་པ་ཞིག་ཡིན་ངེས་ལ། དེ་ནི་འགན་འཁྲི་མེད་པའི་ལྦུ་ སིབ་རྩོམ་རིག་རེད་འདོད་ཅིང་ཁོ་བོ་ནམ་ཡང་དེའི་ལམ་དུ་གོལ་མི་ སྲིད་སྙམ། ཡིན་ནའང་གོང་གི་གྲོགས་པོ་དེས་སྐད་ཆར་གནས་ལུགས་ མི་འདུག་ཀྱང་། ལྷག་བསམ་རྣམ་དག་གི་སྐད་ཆ་ཡིན་ཚོད་འདུག་པས་ ཚིག་ལན་གང་ཡང་མ་བཏབ། འཕྲོས་བཤད། གོང་གི་དོན་རྐྱེན་དེ་ལས་དེ་རིང་ཅུང་ཟད་འཕྲོས་ཏེ་བཤད་ན། དཔྱོད་ ཤེས་དང་། དགག་སྒྲུབ། བླང་དོར། བདེན་དོན་གྱིས་ཟིན་པའི་རྩོམ་ནི་ མིའི་འཚོ་གནས་ཁོར་ཡུག་བདེ་སྐྱིད་ལྡན་པའི་ལམ་དུ་གོམ་ཁ་བསྒྱུར་བའི་ ཕྱིར་དང་། མིའི་རང་དབང་གི་ཐོབ་ཐང་རྩོད་ལེན་བྱེད་པའི་ཕྱིར་དུ་ རང་རང་གི་ལྟ་ཚུལ་བརྗོད་པ་ཡིན་ཞིང་། འགན་འཁྲི་ཡི་འདུ་ཤེས་ ལྡན་པས་བསམ་པ་ཡར་སེམས་དང་། ལྷག་བསམ་རྣམ་དག་གིས་གྲོས་ སུ་བགྲོ་བ་གལ་ཆེན་ཡིན་པར་མཐོང་ནས་འབད་འབུངས་བྱེད་བཞིན་ ཡོད་པ་ལས། དོན་མེད་རྣམ་པར་གཡེང་བས་ཉི་མ་འགྲོ་ཐབས་བྱེད་པ་ ག་ལ་ཡིན། དགེ་ཆོས་ཀྱིས།“མཐོ་རིས་ཐར་པའི་དངོས་རྒྱུ་མི་བྱེད་ཀྱང་། ། གསེར་དང་དངུལ་གྱི་འདུ་སྒོ་མི་ཡོང་བའི། །བར་མ་དོ་རུ་གནས་པའི་ གནད་འདི་དག །ཀུན་གྱི་བོར་ཀྱང་ཁོ་བོའི་ཞིབ་ཏུ་དཔྱད་“ཅེས་གསུངས་ པ་བཞིན་འགའ་ཞིག་གིས་ཇི་ནར་བོར་ཞིང་། དོན་མེད་དུ་མཐོང་ཡང་ ཁོ་བོས་ཞིབ་ཏུ་འབད་པས་བརྩོན་བཞིན་ཡོད་པར་རློམ་གྱིན་ཡོད། རྩོམ་ལ་འཇུག་པའི་མི་བུ་སུ་ཞིག་ཡིན་ཡང་བདེ་སྐྱིད་དང་རང་དབང་གི་ཆེད་ དུ་ཡིན་དགོས་པ་ལས། རང་ཁོ་ནའི་ཁེ་ཕན་དང་། མཚན་སྙན་གྱི་དོན་ དུ་ཡིན་ན་གཏན་ནས་མི་འགྲིག དེ་བས་ང་ཚོའི་འཚོ་གནས་བདེ་སྐྱིད་ ལྡན་པ་ཞིག་བསྐྲུན་པའི་ཆེད་དུ་རྩོམ་ལ་འཇུག་ཅིང་། མི་བུ་བྱེ་བྲག་རེ་ རེ་ནས་རང་དབང་གི་ཐོབ་ཐང་ལྡན་པ་ཞིག་ཡར་ལ་སློང་བའི་ཆེད་དུ་ རྩོམ་ལ་འཇུག་པར་བྱའོ།། ཕན་ཚུན་གཅིག་གིས་གཅིག་ལ་ལྟ་ཚུལ་དང་། བློ་གཟུ་བོར་མི་གནས་པར་ གུ་དོགས་པོས། སྨོད་ཚིག་དང་། དམའ་འབེབས་བྱེད་མི་རིག་ལ། ལྟ་ བ་མཉམ་གནས་དང་། དཀྱེལ་ཡང་གི་བསམ་བློའི། མ་འོངས་ང་ཚོའི་ འཚོ་གནས་ལེགས་ལམ་དུ་བསྒྱུར་བའི་ཐབས་ལ་བསམ་བློ་དང་ལྟ་ཚུལ་སྣ་ཚོགས་ཀྱིས་བགྲོ་གླེང་བྱེད་པར་འོས་སོ།། སྒེར་གཅོད་ཀྱི་རྩོམ་ལ་འཇུག་མཁན་ནི་རང་ཉིད་ཁོ་ནའི་གོ་ཐོབ་དང་། རྒྱུ་ནོར། མཚན་སྙན་འབའ་ཞིག་གི་ཆེད་དུ་བརྩོན་པ་ཞིག་ཡིན་ཕྱིར། གདོལ་སྤྱོད་ཀྱི་ལག་ལེན་ལག་ཏུ་སྟར་མཁན་ཞིག་ཡིན་པས་མི་སེར་གྱི་བདེ་སྡུག་དང་། དཀའ་ངལ་ལ་བསམ་ནས་དྲང་བདེན་གྱི་གཏམ་་་་ སྨྲས་པའི་རྩོམ་ཡིག་ཅིག་གཞི་ནས་མེད། རྨོངས་དད་དང་དག་སྣང་ གིས་རྩོམ་ལ་འཇུག་མཁན་དག་ནི་བདེན་རྫུན་དང་ལེགས་ཉེས་མི་དཔྱོད་ པར། མི་ཡི་ལོ་རྒྱུས་ལྷ་སྒྲུང་དུ་བསྒྱུར་ཞིང་། ལམ་ལུགས་ལྷ་ཡི་སྲོལ་དུ་ སྒོམ་ནས་དག་སྣང་གི་བསྟོད་པ་འབྲི་བ་ལས་དྲང་བདེན་གྱིས་མི་སྐད་སྨྲ་མཁན་ཞིག་གཞི་ནས་བྲལ། དེ་དག་ནི་དུང་ཞེན་གྱི་རླབ་རྒྱུན་འཐུག་ པོའི་གནས་ལུགས་དང་། བདེན་དོན་མི་རྩི་བའི་ངོ་བསྟོད་བྱེད་མཁན་ རྐྱང་རྐྱང་རེད། རྩོམ་ལ་འཇུག་དོན་ནི་བདེན་པ་སྐྱོང་ཞིང་། རྫུན་པ་ གཏོར་བའི་ཕྱིར་དུ་ཡིན་པས། བདེན་པ་དང་གནས་ལུགས་ལ་འགལ་ བའི་མཁས་པ་སུ་ཡི་གསུང་ཡིན་ཡང་དག་སྣང་སྒོམ་རྒྱུ་མིན་ལ། བདེན་ པ་དང་གནས་ལུགས་ཡོད་པའི་མུ་སྟེགས་པའི་ལམ་ལུགས་ཡིན་ཡང་ཚུར་ ལེན་བྱེད་པའི་སྙིང་སྟོབས་དང་། ངན་པའི་བྱ་བ་ལྷ་ཡི་སྲོལ་དུ་འདོད་ ཀྱང་མི་དད་ལ། འཚོ་གནས་ཀྱི་ཁོར་ཡུག་བདེ་སྐྱིད་ལྡན་པ་དང་། རང་དབང་ ཡོད་པ་ཞིག་ཡོངས་ཕྱིར་གནས་བབས་གང་ལའང་མ་འཛེམས་པར་དྲང་ བདེན་གྱིས་ཡང་དག་པའི་ཐབས་ལམ་འཚོལ་བའི་ཕྱིར་དུའོ།། འགན་འཁྲི་མེད་པའི་རྩོམ་ལ་འཇུག་མཁན་གྱིས་ད་ལྟའི་སྤྱི་ཚོགས་ཀྱི་གནས་ བབས་དང་ཁ་བྲལ་ཞིང་། འདས་སོང་ལོ་རྒྱུས་ཀྱི་སྟོང་འདང་འབྲི་ཞིང་། འོལ་ ཚོད་ཀྱིས་བསྟོད་དེ་ལྷ་རུ་གཏོང་བ་དང་། རང་འདོད་ཀྱིས་སྨད་དེ་ འདྲེ་རུའང་བསྒྱུར་བཞིན་འདུག་ལ། མི་ཡི་ལོ་རྒྱུས་ལྷ་སྒྲུང་དུ་བསྒྱུར་ ཞིང་། མི་ཡི་རྒྱུན་ཤེས་རླུང་ལ་བསྐུར་ཏེ། སྤྱོད་པ་འཁྱར་འཁྱོལ་དང་། ལམ་ལུགས་ཡ་ཡོ་ཞིག་ལ་མེས་པོ་ལྷ་ཡིས་སྲོལ་ཆེན་པོར་བསྔགས་ཤིང་། ཨུ་ཚུགས་ཀྱིས་བསྐྱོངས་བཞིན་ཡོད་པར་མ་ཟད། དོན་དམ་དུ་གནས་ ལུགས་དང་བདེན་དོན་ཡོད་པའི་མི་སྐད་རྣལ་མ་ཞིག་བཤད་མ་མྱོང་ལ། མི་བུ་སྒེར་གྱི་འདུ་ཤེས་ལྡན་ཞིང་སྒལ་ཚིགས་ཅན་གྱི་མི་བུ་ངོ་མ་ཞིག་བྱུང་ མ་མྱོང་བ་རེད། ལྷག་ཏུ་མི་སྐད་ངོ་མའི་རྩོམ་ཡིག་ཞིག་དེ་བས་འབྲི་མ་ མྱོང་ངོ་། ། ང་དང་བསམ་བློ་གཅིག་པའི་སྤུན་ཟླ་ཚོ། ང་དང་ཁ་ ཕྱོགས་གཅིག་པའི་སྨྱུག་ཐོགས་ཀུན། ང་དང་མདུན་ལམ་གཅིག་པའི་ རིགས་མཐུན་དག ང་ཚོའི་བདེན་པ་འཚོལ་ཞིང་གནས་ལུགས་སྐྱོང་ བཞིན་མི་སྐད་ངོ་མའི་རྩོམ་ཡིག་འབྲི །

                                                          ༢༠༡༡/༣/༨




 འདི་ནི་ཧ་ཅང་སྒེར་གཅོད་ཀྱིས་རྩོམ་གྱི་གད་སྙིགས་སྤུང་མཁན་དག་ལ་གཟས་ནས་བཤད་པ་ཡིན།







ངའི་གླེང་གཞི།












མི་སེར་དཀྱུས་མའི་སྐྱིད་སྡུག་དང་ བསམ་སྦྱོར། ༼ཁག་དང་པོ།༽

                           ང་རང་ནི་མི་སེར་དཀྱུས་མའི་བུ་ཕྲུག་ཏུ་སྐྱེས་ཤིང་། མི་སེར་དཀྱུས་མའི་

ཁྱིམ་ཚང་ནས་ནར་སོན་པ་ཞིག་ཡིན་པས། མི་སེར་དཀྱུས་མ་དག་དང་ འབྲེལ་འདྲིས་ཆེ་ཞིང་། ཁོ་ཚོའི་སྐྱིད་སྡུག་དང་། བསམ་སྦྱོར་ལ་ཆ་རྒྱུས་ ཡོད་པ་ཞིག་རེད། ཅུང་ཟད་མི་འདྲ་ས་ནི་ང་རང་ཤེས་ཡོན་ལ་སྦྱང་བརྩོན་ བྱེད་པའི་སྐལ་བ་དང་ལྡན་ཞིང་། གོ་མྱོང་རྟོགས་གསུམ་ཐར་ཐོར་ཡོད་ པ་ལས་གཞན་པའི་ཆ་ནས་མི་སེར་དཀྱུས་མ་དག་དང་གཅིག་པ་རེད། དེ་བས་ང་ནི་ནམ་ཡང་མི་སེར་དཀྱུས་མའི་བུ་ཕྲུག་ཡིན་ལ།མི་སེར་དཀྱུས་ མའི་ཁྲོད་དུ་སྐྱིད་སྡུག་མཉམ་མྱོང་གི་འཚོ་བ་རོལ་མཁན་ཞིག་ཀྱང་ཡིན་ པས། མི་སེར་དཀྱུས་མའི་བདེ་སྡུག་ལ་སེམས་ཁྲལ་དང་། འཚོལ་རྟོག་ བྱ་རྒྱུ་ནི་ངའི་འོས་འགན་ཞིག་ཏུ་འདོད་ཅིང་། ལྷག་ཏུ་རྩོམ་ལ་འཇུག་ མཁན་ཞིག་ཡིན་པར་རློམ་གྱིན་ཡོད་པའི་ཆ་ནས་མི་སེར་དཀྱུས་མའི་བདེ་ སྡུག་ནི་ངའི་གླེང་གཞི་གཙོ་བོ་ཡིན། ངའི་ཕ་ཡུལ་མཚོ་སྔོན་ཡུལ་ཤུལ་ ནང་ཆེན་རྫོང་ཀ་གཞུང་རྩྭ་ཐང་ནི་རང་བྱུང་ཐོན་ཁུང་ལེགས་ཤིང་། རི་ཆུའི་བཀོད་པ་མཛེས་པའི་ས་ཆ་ཞིག་ཡིན་ལ། གནས་དེར་སྡོད་ པའི་མི་སེར་དཀྱུས་མ་དག་ནི་དབྱར་རྩྭའི་ངལ་རྩོལ་དང་། ཕྱུགས་ཟོག་འཚོ་ སྐྱོང་གིས་འཚོ་བ་རོལ་ཐབས་བྱེད་བཞིན་ཡོད། མཁར་གྲོང་དུ་གནས་ སྤོས་པའི་འབྲོག་པ་དག་ནི་དབྱར་རྩྭའི་ངལ་རྩོལ་ཁོ་ན་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། ཁྱིམ་ཚང་མི་གྲངས་ཆེས་མང་བ་༡༤ནས་༡༦ ཅན་དང་། མི་གྲངས་ཆེས་ཉུང་བ༢ནས་༣ཅན་རེད། ཁྱིམ་ཚང་ཕལ་ཆེ་ བའི་མི་གྲངས་༦དང་༧དང་༨ཅན་རེད། ལོ་རེའི་ངལ་རྩོལ་གྱི་ཡོངས་ འབབ་ལོ་རེའི་འཚོ་བའི་འགྲོ་གྲོན་དུ་བཏང་ནས་ཉི་མ་འགྲོ་ཐབས་བྱེད་ པ་ལས་མ་འོངས་བར་འདང་རྒྱག་ཆེར་མེད། འབྲོག་ཕྱོགས་སུ་སྡོད་ པའི་མི་སེར་དཀྱུས་མ་དག་ནི་དབྱར་དགུན་སྟོན་དཔྱིད་མེད་པར་ཁོམ་ ལོང་མེད་ལ། རུ་སྤོ་བ། ཕྱུགས་སྐྱོང་བ། དབྱར་རྩྭ་རྐོ་བ། རྩྭ་དྲེགས་པ། ཞིང་ལས་པ་སོགས་ཀྱིས་ལོ་ཧྲིལ་པོར་ངལ་རྩོལ་ཁོ་ནས་ཁ་སོས་ཐབས་ དང་། ནམ་ལངས་ཐབས་བྱེད་བཞིན་ཡོད། ཁོ་ཚོའི་དཀའ་སྡུག་དང་། འབད་འབུངས་སྣ་ཚོགས་རྒྱབ་རྒྱབ་པའི་རྗེས་སུ་ཐོབ་པ་ནི་ཁྱིམ་ཚང་མི་ གྲངས་འོས་འཚམས་དང་། ཕྱུགས་ཟོག་སྐྱོང་བར་མཁས་པ། རྩྭ་་ས་བཟང་ བ་དག་ལ་ལོ་རེ་བཞིན་ཤ་མར་ཐུད་གསུམ། ཞོ་འོ་སྐྱུར་གསུམ་གང་འདོད་ ལོངས་སུ་སྤྱོད་རྒྱུ་འདུག་ལ། ད་དུང་དབྱར་རྩྭ་ཡང་མང་པོ་ལོན་པས་ ལོ་རེའི་འཚོ་བར་འདང་རྒྱག་མེད། ཁྱིམ་ཚང་མི་གྲངས་མང་〔མང་ཆེ་ བ་བྱིས་པ་ཡིན་〕བའམ་ཡང་ན་ཧ་ཅང་ཉུང་བ་དང་། རྩྭ་ས་ཡང་མི་བཟང་ ཞིང་། ཕྱུགས་ཟོག་ཀྱང་ཉུང་བ། དབྱར་རྩྭ་ཡང་ཆེར་མི་ལོན་པའི་ འབྲོག་ཁྱིམ་འགའ་རེར་འབྲོག་ལས་ཁོ་ནས་འབྲོག་པའི་འཚོ་བ་མི་འདང་ ཞིང་། དགུན་ཁར་ཤ་མར་སོགས་གཞན་ནས་ཉོ་དགོས་པའི་དཀའ་ངལ་ འཕྲད་བཞིན་འདུག ཤ་དང་། མར། རྩམ་པ། ཞོ་འོ་སོགས་ནི་འབྲོག་ཕྱོགས་ ཀྱི་མི་སེར་དཀྱུས་མ་དག་གི་རྒྱུན་ཟས་ཡིན་ལ། ཕལ་ཆེར་དེ་དག་དང་ ཁ་བྲལ་ཐབས་མེད་པ་ལྟ་བུ་ཆགས་འདུག ལྷག་པར་དུ་འབྲོག་པའི་ རྒན་རབས་པ་དག་ནི་འབྲོག་པའི་འཚོ་བ་དང་ཉིན་གཅིག་ཁ་བྲལ་ཐབས་ མེད་པ་ལྟ་བུར་གྱུར་འདུག རྫོང་མཁར་དུ་གནས་སྤོས་པའི་འབྲོག་པ་ དག་ནི་ལོ་གཅིག་གི་ནང་དབྱར་རྩྭ་རྐོ་བའི་ངལ་རྩོལ་ཟླ་གཅིག་ལྷག་དཀའ་ སྡུག་མྱོང་བ་ལས། འབྲོག་ཕྱོགས་ཀྱི་མི་སེར་དག་དང་བསྡུར་ན་ཟ་ཉལ་ ཁོ་ནས་དུས་འདའ་བར་བྱེད། ཡིན་ནའང་། འབྲོག་ཕྱོགས་ཀྱི་མི་སེར་ དག་གི་འཚོ་བ་དང་མི་འདྲ་བར། སྔོ་ཚོད་དང་། འབྲས། གྲོ་ཐུག་སོགས་ རྒྱུན་ཟས་ཡིན་ལ། ཤ་མར་སོགས་དེ་འདྲ་མོད་པོ་ཞིག་ག་ལ་ཡོད། ལོ་གཅིག་ རིང་འཚོ་བའི་ཡོ་ཆས་ཡོད་ཚད་སྒོར་གྱིས་ཉོ་དགོས་པས་ཁྱིམ་ཚང་མི་གྲངས་མང་པོ་ཅན་ཞིག་ཡིན་ན། ལོ་རེའི་འཚོ་བའི་འགྲོ་གྲོན་སྒོར་ཁྲི་ ༥ནས་༦བར་ཡིན་ལ། དངུལ་གྱི་ཡོངས་ཁུང་དབྱར་རྩྭ་དགུན་འབུ་ ཁོ་ན་ཡིན་པས། མི་གྲངས་ཉུང་ཞིང་དབྱར་རྩྭ་རྐོ་བའི་འཇོན་ཐང་ དམན་པའི་ཁྱིམ་ཚང་ཕལ་པ་དག་ལ་འཚོ་བའི་དཀའ་ངལ་ཙག་ཙིག་་ འཕྲད་བཞིན་འདུག སྤྱིར་ན་འབྲོག་ཕྱོགས་དང་། མཁར་གྲོང་གི་མི་སེར་དཀྱུས་མའི་ཁྲོད་ དུ་ཁྱིམ་ཚང་རབ་འབྲིང་ཐ་གསུམ་ཡོད་པར་མ་ཟད། འཚོ་བའི་མཐུན་ རྐྱེན་ཡང་འཛུབ་མོའི་རིམ་པ་ལྟར་བཟང་ངན་སྣ་ཚོགས་རེད། མཁར་གྲོང་དུ་གནས་སྤོས་པའི་ཁྱིམ་ཚང་ལེགས་གྲས་ཀྱི་ལོ་རེའི་་ ངལ་རྩོལ་〔མང་ཆེ་བ་དབྱར་རྩྭའི་ཡོང་འབབ་རེད།〕 སྣ་ཚོགས་ལས་བྱུང་བའི་ ཡོངས་བབ་བསྡོམས་གོར་ཁྲི་༡༠ནས་༡༥དང་༢༠ལྷག་དང་། ཁྱིམ་ཚང་ འབྲིང་གྲས་དག་གི་ལོ་རེའི་ཡོངས་བབ་གོར་ཁྲི་༥ནས་༡༠བར། ཁྱིམ་ ཚང་དམན་གྲས་ཐམས་ཅད་ལ་ཡང་ལོ་རེའི་ཡོངས་འབབ་གོར་ཁྲི་༢ ནས་༥བར་ཡོད། ཁྱིམ་ཚང་ཆེས་དབུལ་བ་ཞིག་ཡིན་ཡང་ལོ་རེའི་ངལ་ རྩོལ་གྱི་ཡོང་བབ་སྒོར་ཁྲི་༡དང་༢མེད་པ་ཕལ་ཆེར་མི་འདུག〔འདི་དག་ ནི་རང་ཡུལ་ཕྱོགས་ཀྱི་གནས་ཚུལ་ཙམ་ཡིན།〕འབྲོག་ཕྱོགས་ཀྱི་མི་སེར་དཀྱུས་མའི་ ཁྱིམ་ཚང་དག་ཀྱང་གོང་གི་མཁར་གྲོང་དུ་གནས་སྤོས་པའི་འབྲོག་པ་་ དེ་དག་དང་འདྲ་བར་ལོ་རེའི་ངལ་རྩོལ་གྱི་ཡོང་བབ་རབ་འབྲིང་ཐ་གསུམ་ གཅིག་མཚུངས་ཡིན་ལ། དེའི་སྟེང་འབྲོག་ལས་ཐོན་སྐྱེད་དཔེར་ན། ཁྱིམ་ཚང་རབ་གཅིག་ལ་ལོ་རེའི་ཡོང་བབ་མར་རྒྱ་མ༦༠༠ ཕྱུར་བ་རྒྱ་མ་ ༣༠༠ཐུད་རྒྱ་མ་༡༥༠གཞན་ཡང་ཞོ་དང་འོ་མ་དབྱར་རྒུན་ཆད་མེད་ལོངས་ སུ་སྤྱོད་རྒྱུ་འདུག ཁྱིམ་ཚང་འབྲིང་ཞིག་ལ་ལོ་རེར་མར་རྒྱ་མ༣༠༠ ཕྱུར་ བ་རྒྱ་མ་༡༠༠ ཐུད་རྒྱ་མ་༨༠ཞོ་དང་འོ་མ་〔དབྱར་ཀ་〕གང་འདོད་ཡོད། ཁྱིམ་ཚང་ཐ་མ་ཞིག་ཡིན་ཡང་ལོ་རེར་མར་རྒྱ་མ་༥༠ལྷག་དང་། ཐུད་ རྒྱ་མ་༢༠ཕྱུར་བ་རྒྱ་མ་༣༠ད་དུང་ཞོ་དང་འོ་མ་ཡང་〔དབྱར་ཀ་〕མ་ ཆད་ཙམ་ཡོད་འདུག གཞན་ཡང་རྒྱལ་ཁབ་ཀྱི་འཚོ་བའི་ཁ་སབ་རོགས་ དངུལ་ཅུང་ཟད་ཡོད་པ་སོགས་ཀྱིས་ཕལ་ཆེར་ལྟོ་རྒྱབ་མི་ཁེབས་པའི་ དཀའ་སྡུག་མྱོང་མཁན་རེ་གཉིས་ལས་མེད་ཚོད། དེ་ནི་གཅིག་ནས་དབྱར་རྩྭའི་ངལ་རྩོལ་གྱི་འབྲས་བུ་དང་། གཉིས་ནས་འབྲོག་ ལས་ཐོན་སྐྱེད་མི་དམན་པའི་སྟབས་ཀྱིས་རེད་འདོད། གང་ལྟར་དབྱར་རྩྭ་ དགུན་འབུ་མེད་པའི་ས་ཕྱོགས་དང་། ཕྱུགས་ཟོག་སྐྱོང་བའི་ཐབས་ཚུལ་མི་ ལེགས་པའི་ས་ཁུལ་གཞན་དག་དང་བསྡུར་ན་ཅུང་ཟད་ཡར་ཐོན་ཡིན་ པ་མཐོང་ཐུབ། དེ་དག་མིའི་ངལ་རྩོལ་གྱི་འབྲས་བུ་དང་། དབྱར་རྩྭ་ དགུན་འབུའི་རིན་ཐང་གིས་ཡིན། འོན་ཀྱང་འགའ་རེའི་དབུལ་ཕོངས་ མིན་ཡང་། མེད་མུག་གི་སྡུག་སྨྲེ་འདོན་པར་བྱེད། དེ་དག་ནི་ངས་བལྟས་ ན་དེ་འདྲའི་སྡུག་སྨྲེ་འདོན་དགོས་ཚོད་རེད་མི་འདུག་སྙམ། འཚོ་བའི་ མཐུན་རྐྱེན་ཞན་པའི་ས་ཁུལ་གཞན་གྱི་མི་སེར་དཀྱུས་མ་དག་གི་ལྟོ་རྒྱབ་ མི་ཁེབས་པའི་དཀའ་སྡུག་སྣ་ཚོགས་མཐོང་བ་ཡིན་ན། དེ་འདྲའི་ཐབས་ ཆག་ཞིག་རེད་ཨི་འདུག་གསལ་ངེས་རེད། དེ་བས་བདག་གིས་བལྟས་ན་ཕྱི་དངོས་པོའི་སྟེང་ནས་སྔོན་ཆད་དང་བསྡུར་ན་དེ་འདྲ་རྗེས་ལུས་རེད་མི་འདུག་སྙམ། གང་རྗེས་ལུས་རེད་འདུག་ཟེར་ན། ནང་བསམ་བློ་དང་། སྤྱོད་པའི་ཐོག་ནས་འཕོ་འགྱུར་བྱུང་མི་འདུག་ལ་ ད་དུང་རྗེས་ལུས་རེད། ལྟ་ཚུལ་དང་། སྤྱོད་ཚུལ་གང་གི་ངོས་ནས་ཀྱང་ཡང་དག་པའི་ལམ་ ལུགས་ཀྱིས་དུས་རབས་གསར་བའི་འཛམ་གླིང་གི་འགྲོ་བ་སྤྱིའི་འགྲོ་ ལུགས་དང་མཐུན་པའི་རྗེས་སུ་བསྙེག་དགོས་ལ། དུས་རབས་གསར་བའི་ མི་ཡི་རྗེས་ཟིན་པར་བྱེད་དགོས་པ་ནི་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་་ ཏུ་ཁོ་བོའི་སེམས། དེ་ཕྱིར་རྗེས་ལུས་ཀྱི་ལྟ་ཚུལ་དང་སྤྱོད་ཚུལ་གང་མང་ ཞིག་ལེགས་བཅོས་མི་བྱེད་ཐབས་མེད་དུ་མཐོང་ལ། དེ་དག་རེ་རེ་ནས་ མཐར་ཆགས་སུ་བརྗོད་པ་ཡིན་ན་འདིར་སྐབས་སུ་མ་བབ་པས། དམིགས་ གསལ་གྱི་གནད་དོན་ཁ་ཤས་སྤྲོ་བའི་ངལ་བ་ལྷུར་ལེན་རྒྱུ་ཡིན་ནོ།། ༡ འདྲ་མཉམ་གྱི་ཐད།

འདྲ་མཉམ་གྱི་ཐད་ནས་བལྟས་ན་མི་དང་མི་ཡི་བར་གྱི་འདྲ་མཉམ་དང་།ཕོ་མོའི་བར་གྱི་འདྲ་མཉམ་ལ་སོགས་པའི་ངོས་ཐད་ནས་འདྲ་མཉམ་ལ་ གཏན་ནས་བརྩི་སྲུང་བྱེད་གི་མེད་ལ་དེ་ནི་རྗེས་ལུས་ཀྱི་ལྟ་ཚུལ་ཞིག་རེད། འདྲ་མཉམ་ནི་སྤྱི་ཚོགས་ཀྱི་གོ་གནས་དང་། ལས་རིགས། ཕོ་མོའི་དབྱེ་བ། དཔལ་འབྱོར་གྱི་གནས་སྟངས། རིགས་རུས། ཤ་མདོག ཆོས་ལུགས་ སོགས་དང་། གཞན་ཡང་ཆབ་སྲིད་ཀྱི་དད་མོས་སོགས་གང་ཞིག་ཇི་ ལྟར་ཡིན་ཡང་རུང་། མིའི་ཐོབ་ཐང་དང་། ལ་རྒྱ། རང་དབང་ཚང་མ་ འདྲ་མཉམ་ཡིན་དགོས། སྤྱི་ཚོགས་དང་། དཔལ་འབྱོར། རིག་གནས། ཆབ་སྲིད་སོགས་ཀྱི་ཐོབ་ ཐང་འདྲ་མཉམ་ཡིན་དགོས་པའི་རྩ་དོན་ཞིག་རེད། མི་ཞིག་ཡིན་ན་མི་ཡི་གྲལ་དུ་འདྲ་མཉམ་གྱིས་འཚོ་ཆོག་པའི་ཐོབ་ཐང་ དང་། ཁེ་དབང་ཡོད་པ་ཞིག་ཡིན་དུས། ཕྱུག་པོས་དབུལ་པོར་སྡང་ཞིང་། དབང་ཆེན་གྱིས་དབང་མེད་ལ་ཐུབ་ཚོད་བྱེད་པ་སོགས་དབང་ཆེན་དང་། རྒྱུ་ཆེན་རིགས་ཀྱིས་དབུལ་པོ་དང་། ཉམ་ཆུང་དག་ལ། གང་འདོད་ གཡོག་ཏུ་བཀོལ་བ། སྡང་སྡིག་བྱེད་པ། ཁ་ལོ་སྒྱུར་བ། བཀས་བཀོད་བྱེད་ པ་བཅས་དང་། ཕོ་མོའི་བར་གཙང་བཙོག་ལྟ་བ་སོགས་ནི་གདོལ་སྤྱོད་ ཀྱི་ལམ་ལུགས་ཡིན་པས་གཏན་ནས་བྱེད་མི་རུང་བ་ཡིན་ལ་བཅོས་སྒྱུར་ བྱེད་དགོས་པ་ཞིག་རེད། དེ་དག་གིས་ཉམ་ཆུང་མི་སེར་དཀྱུས་མའི་ དབུལ་པོ་དང་། དྭ་བུ་སོགས་ཀྱིས་མནར་གཅོད་ཀྱི་སྡུག་བསྔལ་མྱོང་ བཞིན་ཡོད་ལ། འདྲ་མཉམ་གྱི་ཐོབ་ཐང་ལ་རྩི་སྲུང་མ་བྱས་ན་ཞི་བདེ་ དང་འཆམ་མཐུན་ཡོང་ཐབས་མེད་པས་མི་སྤྱི་ཆ་སྙོམས་ཀྱིས་འདྲ་མཉམ་ གྱི་ཐོབ་ཐང་ལ་ལོངས་སུ་སྤྱོད་ཐུབ་པའི་ཕྱིར་དུ་ལེགས་བཅོས་བྱེད་པར་ བསམ་གཞིག་བྱེད་དགོས། ༢ རང་དབང་གི་ཐད།

རང་དབང་གི་ཐད་ནས། མི་ཕན་ཚུན་བར་གཅིག་གིས་གཅིག་ལ་ དབང་ཤུགས་ལ་བརྟེན་ནས་དྲག་གནོན་དང་། སྡམ་བཅུན་བྱེད་པ་ནི་ མིའི་རང་དབང་གི་ཐོབ་ཐང་ལ་མཐོང་ཆེན་མ་བྱས་པ་ཞིག་རེད། རང་ དབང་ནི་ཡོངས་ཁྱབ་རིན་ཐང་གི་ཡང་སྙིང་ཡིན་ཞིང་། སྨྲ་བརྗོད་ རང་དབང་དང་། དད་མོས་རང་དབང་སོགས་མིའི་རང་དབང་གི་ཐོབ་ ཐང་ལ་གནོན་ཤུགས་མེད་པའི་ཐོག་ནས་འགྲོ་དགོས་པ་ཞིག་ཡིན། གནའ་ ནས་ད་བར་རང་ཅག་གི་རྒྱུད་ལ་རང་དབང་གི་དོན་དང་། མི་མཐུན་ པའི་ལྟ་སྤྱོད་གང་མང་ཞིག་འདྲེས་ནས་ཡོད་པ་དཔེར་ན། མི་ཕན་ཚུན་ བར་མཆོག་དམན་འཛིན་པ། བཟང་ངན་དབྱེ་བ། གཙང་བཙོག་ལྟ་བ་ སོགས་ཀྱིས་མི་ཕན་ཚུན་བར་རང་དབང་གི་ཐོབ་ཐང་ལ་མི་རྩི་བ་དང་། ལྷག་པར་དུ་བུད་མེད་དམན་པར་འཛིན་ཞིང་། ངན་པར་ལྟ་བ། བཙོག་ པར་འདོད་པ་སོགས་ཀྱིས་ལྟ་སྤྱོད་ངན་པའི་ས་བོན་རྒྱུད་ལ་ཕོག་ཚད་ཆེ་བའི་སྟབས་ཀྱིས་གཡོག་ཏུ་བཀོལ་ཞིང་། བྲན་དུ་སྤྱད་ནས། བུད་མེད་ མི་གྲལ་དུ་འཇོག་གི་མེད་ལ། མ་འོངས་མི་ཚེའི་འདུན་མའང་རང་དབང་ མེད་པར། དབང་ཆེན་གྱི་བཀའ་བཀོད་དང་། རྒྱུ་ཆེན་གྱི་སླུ་བྲིད་འོག་ ནས་མནར་གཅོད་གང་མང་མྱང་དང་མྱོང་བཞིན་ཡོད། འདི་དག་ཀྱང་ དུས་རབས་གསར་བའི་མི་གྲལ་དུ་འགྲོ་དགོས་ན་ངེས་པར་དུ་དཀྱེལ་ཡང་ དང་། དོ་སྣང་བྱེད་དགོས་པའི་གལ་ཆེན་ཞིག་ཏུ་འཇོག་དགོས། ༣ སློབ་གསོའི་ཐད། སྤྱིར་སློབ་གསོ་ནི་མིའི་རིགས་འཕེལ་རྒྱས་སུ་འགྲོ་བའི་རྨང་གཞི་ཡིན་་་ པར་འདོད་པ་ལྟར་དོན་ལ་གནས་ཏེ། འཛམ་གླིང་སྔོན་ཐོན་མི་རིགས་ ཐམས་ཅད་པོས་སློབ་གསོར་མཐོང་ཆེན་དང་། སློབ་གསོའི་ལག་ལེན་ ལེགས་ལམ་དུ་བསྒྱུར་བའི་མཐུ་ལས། སྟོབས་ལྡན་མི་རིགས་སུ་གྱུར་པ་ ཡིན་ལ། སློབ་གསོ་ལ་མཐོང་ཆེན་མི་བྱེད་པའི་མི་རིགས་ནི་ཅི་འདྲའི་ རྗེ་ལུས་དང་། ལོག་སྤྱོད་ཀྱི་རང་བཞིན་ཡིན་པ་རང་རིགས་ལ་དཔེ་བླང་ ན་གསལ་ཞིང་། དེ་ནི་གཞན་མིའི་དབང་བསྒྱུར་གྱི་མནར་གཅོད་དང་། རང་ཅག་གི་རྗེས་ལུས་ཀྱི་ལྟ་ཚུལ་ངན་པའི་བག་ཆགས་འཐུགས་པའི་རྐྱེན་ གྱིས་རུལ་སུངས་དང་། གདོད་སྤྱོད་ཁོ་ནའི་ལམ་དུ་གོལ་བས་ཆུ་འགོ་ ནས་ཉོག་སྟེ་ཏེ་ཆུ་རྔ་ནས་དྭངས་མི་ཐུབ་པ་འདི་ལྟ་བུ་བྱུང་བ་རེད། མཁར་གྲོང་དུ་གནས་སྤོས་པའི་འབྲོག་པའི་ཁྱིམ་ཚང་ཁྲོད་དུ་བུ་ཕྲུག་སློབ་གྲྭར་ མི་སྐྱེལ་མཁན་ཕལ་ཆེར་མི་འདུག་ཀྱང་། འབྲོག་ཕྱོགས་ཀྱི་མི་སེར་དཀྱུས་ མའི་བུ་ཕྲུག་འགའ་རེའི་ད་དུང་སྒོ་ཕྱུགས་སྐྱོང་བའི་ལས་དཀའ་དང་། རང་ཁྱིམ་གྱི་བྱ་བ་ཙག་ཙིག་ལས་མ་ཐར་བས་དཀའ་སྡུག་ཡང་མི་ཉུང་ བ་འཕྲད་བཞིན་འདུག་པར་མ་ཟད། སློབ་གྲྭའི་སྒོ་ཐེམ་བརྒལ་བའི་ སྐལ་བ་དེ་བས་ཀྱང་བྱུང་མི་འདུག དེ་ནི་བདག་གིས་བཟོད་མི་ཐུབ་ པ་ཞིག་རེད་ལ། འདི་ནས་ཁྱིམ་ཚང་དེ་དག་གི་ཁྱིམ་བདག་ཚོར་དྭ་བུ་ དེ་དག་དང་གདུང་སེམས་མཉམ་སྐྱེས་ཀྱིས། གནས་སྐབས་རང་ཁྱིམ་གྱི་ དཀའ་ངལ་ཅུང་ཟད་ལ་མི་བསམ་པར་མིག་རྒྱང་རིང་པོའི་བྱིས་པའི་མི་ ཚེ་གཅིག་གི་མདུན་ལམ་ལ་གཏོར་བརླག་མི་བྱེད་པར། སློབ་གྲྭར་གཏོང་ རོགས་ཞེས་ཞུ་བ་ལན་བརྒྱར་འབུལ་བ་ལགས། གཞན་ཡང་ཁྱིམ་ཚང་ འགའ་རེའི་ཁྱིམ་བདག་ཚོས་བྱིས་པ་སློབ་གྲྭར་སྐྱེལ་བའི་དམིགས་ཡུལ་ ནི་ཟླ་ཕོགས་ཞིག་ལག་ཏུ་རེག་ཐབས་དང་། གོ་གནས་ཞིག་ཨི་ཟིན་ལ་ རེ་བ་ཁོ་ནས་བྱིས་པར་སློབ་གསོ་སྤྲད་བཞིན་པ་མཐོང་ལ། གལ་སྲིད་ཟླ་ ཕོགས་ཞིག་གམ་བྱ་བ་ཞིག་ལག་ཏུ་མ་རེག་ཚེ་ཅི་ཡང་གོ་མི་ཆོད་པའི་ལྟ་ཚུལ་ཞིག་འདུག་པ་ཁོ་བོའི་རྟོགས། དེ་ནི་ཧ་ཅང་ནོར་འཁྲུལ་ཞིག་ རེད། བྱིས་པ་སློབ་གྲྭར་སྐྱེལ་བའི་དམིགས་ཡུལ་ནི་བྱིས་པ་ཁོ་རང་གི་་་ ངོས་ནས་མི་གཞི་ལེགས་པོ་ཅན་ཞིག་དང་། ཤེས་ཡོན་ལྡན་པ། ཁྲེལ་གཞུང་ ཡོད་པ། དྲངས་པོ་ཡིན་པ། རང་ཚུགས་ཡོད་པའི་མི་བུ་ཞིག་སྐྱེད་སྲིང་ བྱུང་བ་ཡིན་ན་དེ་ལས་ལྷག་པ་ཅི་དགོས། རང་ཉིད་ཁོ་ན་དོན་དུ་ གཉེར་ཞིང་། ལོག་སྤྱོད་སྣ་ཚོགས་བྱེད་པའི་དེང་གི་སྤྱི་ཚོགས་འདིར་ ཤེས་འཇོན་ལྡན་པའི་མི་བུ་རེ་རེ་ཡར་ལང་ཡོང་ན་དེ་ནི་མི་རིགས་ཀྱི་སྒལ་ཚིགས་ཡིན་ལ་མ་འོངས་མི་རིགས་ཀྱི་རེ་བའང་སྟོང་ཟད་མི་འགྲོ། དེ་བས་ཟླ་ཕོག་དང་གོ་གནས་གལ་ཆེན་ཞིག་རེད་མི་འདོད་དོ།། སློབ་ གསོའི་གང་ཅིའི་ཐད་ནས་དུས་རབས་ཀྱི་འགྲོས་དང་མཐུན་པའི་བཅོས་་ བསྒྱུར་གྱིས་གང་ལ་གང་འཚམས་ཀྱིས་སློབ་གསོའི་ལག་ལེན་མཐུས་ཚང་ དུ་བཏང་ནས། ཁྱབ་བརྡལ་དུ་ལག་ལེན་ཐེབས་པར་འབད་དགོས་སོ།།

                                ༢༠༡༡ /༥/ ༨








མི་སེར་དཀྱུས་མའི་མནར་གཅོད་དང་། སྡུག་གྱོང་། ༼ཁག་གཉིས་པ། ༽

ཕ་ཡུལ་ནས་བྱུང་བའི་དོན་རྐྱེན་དང་དེ་ལས་འཕྲོས་པའི་བསམ་གཞིག

དོན་རྐྱེན་འདི་ནི་ང་རང་ཕ་ཡུལ་དུ་ཡོད་དུས་ཐོས་ཞིང་། དེ་རྗེས་དོན་ རྐྱེན་དེར་ཡོད་པའི་མི་ལ་དངོས་སུ་ཁ་བརྡ་བྱེད་པའི་གོ་སྐབས་བྱུང་བ་་དང་། ཞིབ་ཏུ་རྒྱུས་ལེན་བྱས་པས་དོན་རྐྱེན་ནི་འདི་ལྟར་ཡིན་འདུག རང་ཡུལ་གྱི་ལུང་ཤོག་ཕན་ཚུན་བར་གྱི་འགལ་ཟླ་ཅུང་ཟད་ལ་བརྟེན་ནས། མི་སྐོར་ཞིག་གིས་གོང་རིམ་ལ་ཞུ་གཏུག་བྱས་པས། གོང་རིམ་གྱི་ ལས་བྱེད་པ་འགའ་ཞིག་ཡོངས་ནས་གནས་ཚུལ་ལ་གཞིགས་ཏེ་ཁྲིམས་་ལུགས་ལྟར་ཐག་གཅོད་མི་བྱེད་པར། སྡིགས་སྨོད་དང་། གཅར་རྡུང་ སྣ་ཚོགས་བྱས་པ་རེད་ཟེར། ད་དུང་ལས་བྱེད་པ་ཞིག་གིས་མི་སེར་ལ་བརྙས་སྨོད་དང་། མཐོང་ཆུང་། ཐུབ་ཚོད་བྱས་པའི་སྐད་ཆ་འདི་ལྟར་བརྗོད་འདུག་སྟེ། ”ཁྱོད་ཚོས་ཁྲིམས་ལུགས་ཀྱི་འགྲོ་སྟངས་མ་ཤེས་ན་ངས་དེ་ལྟར་བྱ་བ་་སྒྲུབ་ཆོག” ”ཁྱོད་ཚོར་ཉེས་པ་མེད་ཀྱང་ཉེས་མིང་བཏགས་ཏེ་བཙོན་དུ་ཁྲིད་ཀྱང་ཆོག” ”ཁྱོད་ཚོས་ཚོད་མ་བཟུང་ན་ང་ཚོའི་ལོ་ཀེ་〈བལྟ་ཞིབ་ཁང་〉རུ་མི་རྩིས་ སྤྲོད་རྒྱུ་མ་རྙེད་བསྡད་ཡོད།” སྐད་ཆ་དེ་དག་གིས་གདོལ་སྤྱོད་ལམ་ལུགས་སྐྱོང་བའི་གདོལ་སྤྱོད་པ་་དངོས་ཀྱི་ངོས་ཟུར་འཇིགས་སུ་རུང་བ་ཞིག་མཐོང་ཡོང་། གོང་རིམ་ལས་བྱེད་པ་དེས་དེ་ལྟར་སྡིགས་སྨོད་ཀྱིས། ཉམ་ཆུང་མི་སེར་ དག་ལ་ཐུབ་ཚོད་བྱས་ཤིང་། དོན་དངོས་དོན་རྐྱེན་ལ་དབྱེ་ཞིབ་དང་ འབྲེལ། ཁྲིམས་ལུགས་ལྟར་ཐག་གཅོད་མི་བྱེད་པར་ད་དུང་མི་རེས་ ཆད་པ་གོར་༡༠༠༠ཤོར་(སྡོམ་མི་གྲངས་བཅུ་ལྷག་ཡོད་འདུག)བ་རེད་འདུག དོན་རྐྱེན་དེ་དག་ལས་ཅུང་ཟད་འཕྲོས་ན། སྤྱིར་གོང་རིམ་གྱི་ལས་བྱེད་ མི་སྣ་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་ལེགས་་ ཉེས་ཕྱོགས་རིས་མེད་པར་བདེན་དོན་གྱིས་ཐག་གཅོད་བྱེད་མཁན་དང་། བཙན་པོ་གཉའ་ནས་གནོན་མཁན་དང་། ཉམ་ཆུང་མཐའ་ནས་སྐྱོང་ མཁན་ཞིག་ཡིན་ན་འོས་པ་ལས། བཙན་པོར་ངོ་དགའ་བྱེད་མཁན་ དང་། ཉམ་ཆུང་མི་སེར་ལ་ཐུབ་ཚོད་བྱེད་མཁན་ཞིག་ཡིན་ན་ག་ལ་ འཐད། གོང་གི་དོན་རྐྱེན་གྱི་གནས་ཚུལ་དང་མཇུག་འབྲས་སོགས་ ལ་བལྟས་ན་ལས་བྱེད་པ་དེ་དག་ནི་བཙན་པོ་ལ་ངོ་དགའ་སྤྲེལ་ལད་་་བྱེད་མཁན་དང་། ཉམ་ཆུང་མི་སེར་ལ་སྡིགས་རྡུང་བྱེད་མཁན་ཞིག་ དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་དོ་སྣང་མི་བྱེད་པའི་མི་སྐོར་ཞིག་ མ་རེད་ཅེས་སུས་ཀྱང་བརྗོད་ཐུབ་ཚོད་མ་རེད། དེ་དག་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ལ་བརྩི་སྲུང་མི་བྱེད་པ་དང་། ཁྲིམས་དང་མཐུན་པའི་བྱ་བ་མི་བསྒྲུབ་པ་དང་། སྣོག་ལས་ཁོ་ནས་རྒྱལ་ ཁབ་ཀྱི་བཅའ་ཁྲིམས་རྡོག་རྫིས་བྱས་པའི་ཉེས་པ་དང་། མི་སེར་ལ་བརྙས་ སྨོད་དང་། གཉའ་གནོན་བྱས་པའི་སྐད་ཆ་དེ་དག་ནི་རྒྱལ་ཁབ་ཀྱི་ བཅའ་ཁྲིམས་ལ་དོ་སྣང་མི་བྱེད་པའི་དན་རྟགས་དང་། མི་སེར་ དག་ལ་དོན་མེད་ཆད་དངུལ་རྒྱབ་པ་དེ་དག་ནི་ཁྲིམས་ལྟར་བྱ་བ་མི་བསྒྲུབ་ཅིང་དོན་མེད་དམངས་རྒྱུ་ཟོས་པའི་ནག་ཉེས་ཏེ། དོན་དངོས་ རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ལག་ལེན་མ་ནོར་བ་བྱེད་པ་དང་།ཁྲིམས་ལྟར་ཐག་གཅོད་བྱེད་མཁན་ཞིག་གིས་བལྟས་ན་བདེན་རྫུན་གྱི་དབྱེ་གསལ་དྲང་པོས་ཆོད་ངེས་སོ།། མི་སེར་ནི་རྒྱལ་ཁབ་ཀྱི་མི་སེར་དང་། རྒྱལ་ཁབ་ནི་མི་སེར་གྱི་རྒྱལ་ཁབ་ རེད། དེ་ལྟར་ན་ལས་བྱེད་མི་སྣ་ནི་〈འགན་སྲུང་〉མི་སེར་སྐྱོང་མཁན་ ཡིན་པས་ན། མི་སེར་གྱིས་ཁྲིམས་ལུགས་ཀྱི་འགྲོ་སྟངས་མ་ཤེས་ཀྱང་། དོན་རྐྱེན་སྣ་ཚོགས་ཁྲིམས་ལུགས་ལྟར་ཐག་གཅོད་དགོས་པ་ལས། རྒྱལ་ ཁབ་ཀྱི་བཅའ་ཁྲིམས་སྣང་མེད་དུ་བཞག་ནས། མི་སེར་ལ་བརྙས་སྨོད་ དང་། གཉའ་གནོན་བྱེད་པར་ག་ལ་རུང་། དེ་དག་ནི་རྒྱལ་ཁབ་ཀྱི་རྩ་ བའི་བཅའ་ཁྲིམས་ལ་བལྟས་ན་ཤེས་པར་འགྱུར་རོ།། དོན་རྐྱེན་དེར་ཡོད་པའི་མི་སེར་དེ་དག་ལ་མཚོན་ན་དོན་རྐྱེན་དེ་ནི་ཁོ་ཚོར་སློབ་གསོ་སྤྲོད་བྱེད་གཅིག་ཏུ་གྱུར་འདུག་སྙམ། གང་ལགས་ ཤེ་ན། ནམ་ཡང་ཨུ་ཚུགས་ཁོ་ནས་རྙིང་ཞེན་རྒྱུན་སྐྱོང་བྱེད་ཅི་ཐུབ་བྱེད་ པ་ལས། དཀྱེལ་ཡང་གི་བསམ་བློའི་སློབ་གསོར་དོ་སྣང་མི་བྱེད་པ་དང་། དུས་རབས་གསར་པའི་དགོས་མཁོ་ལ་དམིགས་ནས་ཚུར་ལེན་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ཀྱི་ཕྱོགས་ལ་འདང་རྒྱག་མི་བྱེད་པར། ལོ་རེའི་རྒྱབ་ལ་ལོ་དང། ཟླ་རེའི་རྒྱབ་ལ་ཟླ། ཞག་རེའི་རྒྱབ་ལ་ཞག་ འགྲོ་ཐབས་བྱེད་པའི་ལྟ་ཚུལ་སྤྱོད་ཚུལ་དེ་དག་ལས་ལྡོག་དགོས་པའི་་སྐུལ་མ་བཏང་འདུག སློབ་གསོར་དོ་སྣང་བྱེད་པ་དང་། ཤེས་ཡོན་སྦྱང་བ་གལ་ཆེན་དུ་ལྟ་བ། བུ་ཕྲུག་སློབ་གྲྭར་སྐྱེལ་བ་ལ་སོགས་པར་མཐོང་ཆེན་བྱེད་དགོས་པའི་་བསམ་བློ་སྐྱེ་བའི་རྐྱེན་དུ་གྱུར་འདུག་སྟེ། དེ་ནི་རྐྱེན་ངན་པ་གྲོགས་ ཀྱི་སྣ་ཁྲིད་གཅིག་ཏུ་གྱུར་པ་ཡིན་ཡང་སྲིད། དེ་བས་མི་སེར་དཀྱུས་མ་ཡིན་ཡང་ཟ་ཤེས་འཐུང་ཤེས་ཙམ་གྱིས་ཆོག་ཤེས་བྱས་ན་འབྱུང་འགྱུར་གྱོང་རྒུད་ཅི་ཞིག་རེག་གི་ཡོད་པའི་ཉམས་་མྱོང་དང་། བསླབ་བྱ་གལ་ཆེན་ཞིག་ཐོབ་ཡོད་པ་རེད། མི་སེར་དཀྱུས་མའི་ཁྲོད་དུ་ནམ་ཡང་སློབ་གསོ་ལ་མཐོང་ཆེན་མི་བྱེད་པ་དང་། ཤེས་ཡོན་སྦྱང་བ་ལས་ཕྱུགས་རྗེས་འབྲང་ན་བཟང་བའི་ལྟ་ ཚུལ་དེ་དག་གིས་དོན་རྐྱེན་དེ་དག་བྱུང་བ་རེད་ལ། སྡང་སྡིགས་དང་། གཅར་རྡུང་། བརྙས་སྨོད། ཆད་དངུལ་ལ་སོགས་པའི་སྡུག་སྣ་དགུ་འདི་ དག་བྱུང་བ་རེད། གལ་སྲིད་མི་སེར་དཀྱུས་མའི་ཁྲོད་དུའང་། སློབ་གསོ་ལ་མཐོང་ཆེན་བྱེད་་ མཁན་ཡོད་ཅིང་། ཤེས་ཡོན་སྦྱང་པ་གལ་ཆེན་དུ་ལྟ་ཞིང་། ཁྲིམས་ ལུགས་ཀྱི་རྩ་བའི་རྒྱུན་ཤེས་རེ་རྒྱུད་ལ་མངའ་མཁན་རེ་ཡོད་ན་སྡུག་གྱོང་དང་། མནར་གཅོད་དེ་ལྟ་བུ་རེག་གི་ཡོད་ཚོད་མ་རེད། བྱུང་ཚར་བའི་ཕམ་ཉེས་ནི་བྱུང་ཚར་བ་ཡིན་པས་ལེ་གདའ་བྱས་ཀྱང་ཡོངས་རྒྱུ་ཅི་ཡང་མེད་མོད། བརྗེད་དུ་མེད་པའི་ཕམ་ཉེས་དེ་དག་གི་ ཉམས་མྱོང་དང་། བསླབ་བྱ་དེས་མ་འོངས་བར་ཕམ་ཁ་དེ་ལྟ་བུ་མི་ འབྱུང་བའི་ཐབས་ལ་འབད་པ་ནི་གལ་ཆེན་ནང་གི་དོན་ཆེན་རེད། དེ་ལ་ང་ཚོའི་མ་འོངས་བར་མི་སེར་རེ་རེའི་ངོས་ནས་ཀྱང་། སློབ་ གསོའི་བྱ་བ་གལ་ཆེན་དུ་ལྟ་བ་དང་། བུ་ཕྲུག་སློབ་གྲྭར་སྐྱེལ་བ། དམངས་ ཁྲོད་ཀྱི་ཡིག་རྨོངས་སེལ་བའི་བྱ་བར་མཐོང་ཆེན་བྱེད་པ་སོགས་དུས་་རབས་ཀྱི་རྗེས་སྙེགས་དགོས་པ་ལས། སྔོན་ཆད་ལྟར་འདུག་རྒྱུ་མེད་ པའི་ཉམས་མྱོང་དང་བསླབ་བྱ་ཐོབ་ཡོད་པས་ན། དཀྱེལ་ཡང་གི་བསམ་ བློའི་དུས་རབས་གསར་བར་ཁ་ཕྱོགས་དགོས་པ་དང་། མི་སེར་ཡིན་ ཡང་ཡིག་རྨོངས་པ་རྐྱང་རྐྱང་གིས་དུས་རབས་གསར་པའི་རྗེས་སུ་འགྲོ་མི་ཐུབ་ལ། གདོལ་སྤྱོད་ལམ་ལུགས་སྐྱོང་མཁན་ཚོས་ཀྱང་གཉའ་གནོན་ དང་། ཐུབ་ཚོད་བྱེད་སླ་བ་རེད། གནས་བབས་དེ་དག་ལ་གཞིག་ནས་མི་སེར་ཁྲོད་དུ་ཡིག་རྨོངས་སེལ་་བའི་བྱ་འགུལ་སྣ་ཚོགས་སྤེལ་བ་དང་། དམངས་ཁྲོད་ཀྱི་རྒྱུན་ཤེས་སྣ་ ཚོགས་ཁྱབ་བརྡལ་བྱེད་དགོས་ལ། རྒྱ་ཆེ་གཏིང་ཟབ་ཞིག་མ་ཤེས་སུ་ ཆུག་ཀྱང་། འཕྲལ་དང་འཕྲལ་ལ་ཕན་པའི་འཚོ་བའི་ཁྲོད་ཀྱི་རྒྱུན་ཤེས། ཁྲིམས་ལུགས་ཀྱི་རྒྱུན་ཤེས་སོགས་ལ་སློབ་སྦྱོང་ཅུང་ཟད་རེ་མ་བྱས་ན། མ་འོངས་བར་གོང་གི་དོན་རྐྱེན་དེ་ལས་ལྷག་པའི་གནད་དོན་འབྱུང་་ངེས་ལ། གོང་གི་གྱོང་རྒུད་དེ་ལས་ལྷག་པའི་སྡུག་གྱོང་མྱོང་བར་གདོན་ མི་ཟའོ།། དེ་ལྟ་བས་ན་ང་ཚོའི་མི་སེར་རང་རང་གི་ངོས་ནས་འགོ་བརྩམས་ཏེ།མི་སེར་རེ་རེའི་ངོས་ནས་གནད་དོན་འདི་དག་ལ་བསམ་བློ་མི་གཏོང་ཀ་མེད་དང་། སྐད་ཆ་མི་བཤད་ཐུ་མེད། གྲོས་བསྡུར་མི་བྱེད་ཐབས་ མེད་རེད། དེ་ནི་གཅིག་ནས་མི་རེ་རེའི་ངོས་ནས་ལ་རྒྱ་དང་ཁེ་ཕན་ལ་འབྲེལ་བ་་ཡོད་པར་མ་ཟད། གཉིས་ནས་མི་རིགས་ཤིག་གི་མ་འོངས་བར་ཡང་ འབྲེལ་བ་ཡོད་པ་ཞིག་རེད། མི་སེར་དཀྱུས་མ་ཡིན་ཡང་ཅི་ཡང་མི་ འཇོན། གང་ཡང་མི་ནུས་སྙམ་པའི་ལྟ་ཚུལ་ངན་པ་འདི་དག་གཏན་ནས་མི་འཆང་་ བར། མི་ཞིག་ཡིན་པའི་ཆ་ནས་མི་ཡི་ཐོབ་ཐང་དང་། རང་དབང་ལ་ འཚོལ་བསྙེག་བྱེད་པའི་སྤོབས་པ་ཡོད་དགོས་པར་མ་ཟད། རྒྱལ་ཁབ་ ཀྱི་ཁྲིམས་ལུགས་ཐོག་ནས་མཐོ་དམན་དྲག་ཞན་མེད་པར་འདྲ་མཉམ་ཡིན་པ་ལྟར་ཁྲིམས་ལུགས་དང་མ་འགལ་བའི་སྒོ་ནས་བྱ་བ་སྣ་ཚོགས་ལ་གདམ་སེས་དང་། འཚོལ་རྟོག་བྱེད་དགོས་ལ། སྐུ་ཞབས་རང་གྲོལ་ གྱིས་གསུངས་པ་བཞིན་”ཕ་མས་སྤྲད་པའི་མགོ་བོ་མཐོན་པོ་དེ་གཞན་གྱི་རྐང་འོག་ཏུ་མི་འཇོག་”པའི་སྙིང་སྟོབས་ཡོད་དགོས་ལ། ”ཁ་བ་ཅན་ གྱི་ལ་རྒྱའི་དཔུང་པ་དེ་གཞན་གྱི་མགོ་ཐོག་ཏུ་སྒྲེང་”བའི་སྙིང་སྟོབས་ཡོད་དགོས། དོན་རྐྱེན་སྣ་ཚོགས་ཀྱང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟར་བདེན་ རྫུན་དྲང་པོའི་ལམ་ནས་ཐག་གཅོད་བྱེད་དགོས་པའི་གནས་ལུགས་འདི་དག་རྟོགས་པར་བྱས་ནས་འཚོལ་དཔྱོད་བྱེད་པ་དང་། རང་ཉིད་དུད་ འགྲོ་ཞིག་གི་ཚད་ལ་མི་འཇོག་པར་མི་དང་མི་ཡི་བར་གྱི་འདྲ་མཉམ། ཐོབ་ཐང་སོགས་ལ་ལྟ་ཤེས་དང་དཔྱོད་ཤེས་ཀྱིས་འཚོལ་སྙེགས་བྱེད་དགོས་པ་རེད་ལ། དེ་ལྟར་བྱེད་པར་ཡང་འབོད་སྐུལ་གཏོང་བ་ཡིན། ངས་འདི་ནས་གང་ལའང་མ་འཛེམས་པར་སྐད་ཆ་འདི་དག་བརྗོད་པའི་རྒྱུ་མཚན་ཡང་རང་ཉིད་མི་སེར་དཀྱུས་མའི་བུ་ཕྲུག་ཞིག་ཡིན་པའི་ཆ་ ནས། མི་སེར་དཀྱུས་མའི་སྐྱིད་སྡུག་དང་། མ་འོངས་བར་སེམས་ཁུར་ གྱིས། སྐྱིད་སྡུག་མཉམ་ཁུར་གྱི་བསམ་པས་མི་སེར་གྱི་ཁེ་དབང་ལ་འཚོལ་ སྙེགས་བྱེད་པར་སྐུལ་བ་དང་། གདུང་སེམས་མཉམ་སྐྱེ་དང་། དཀའ་ སྡུག་མཉམ་སེལ་བྱེད་ཐབས་བསམ་ནས་བྲིས་པ་ཡིན་ནོ།།

                                  ༢༠༡༡/༦/༡༢



དབྱར་རྩྭ་དགུན་འབུའི་རིན་ཐང་། ༡ དབྱར་རྩའི་ཐོན་ཁུངས། དབྱར་རྩྭ་དགུན་འབུ་ནི་དབྱར་ཀ་རྩྭ་དང་ དགུན་ཀ་སྲོག་ལྡན་འབུ་ཡི་རིགས་ཤིག་ཡིན་ཞིང་། རིན་ཐང་ཧ་ཅང་ ཆེ་བའི་སྨན་རྫས་རྩ་ཆེན་ཞིག་ཡིན། 《འཁྲུངས་དཔེ་དྲི་མེད་ཤེལ་གྱི་ མེ་ལོང་》ལས་རྒྱ་མཚོའི་ངོས་ནས་སྨིས༤༣༠༠ནས་༥༠༠༠བར་གྱི་ས་ འབབ་མཐོ་སར་སྐྱེ་བར་བཤད་པ་ལྟར་ཧི་མ་ལ་ཡའི་རི་བརྒྱུད་བོད་ས་ མཐོའི་རི་མགོ་དང་། སྤང་ལྗོངས་སོགས་སུ་སྐྱེས་ཡོད་ལ། ལྷག་པར་དུ་ བདག་གི་ཕ་ཡུལ་ཏེ་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་དུ་མང་པོ་ཡོད། 《འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་》 ལས་“ལོ་གཅིག་ལ་སྐྱེ་བའི་རྩྭ་ རིགས་ཏེ། ཐོག་མར་དགུན་དུས་འབུ་མེ་ལྕེབ་ཕྱེ་ལེབ་རིགས་ཀྱི་འབུ་ ཕྲུག་སའི་གཏིང་དུ་ཡོད་པའི་ལུས་ལ་འབུ་ཕྲ་ཞུགས་ནས་ཤི་བའི་ལུས་སླར་ཡང་སྐྱེ་དངོས་ཀྱི་རྩྭ་རུ་གྱུར་ནས་སྐྱེས་པ་ཡིན་པས། ཤ་རྒྱུའི་རྩ་བ་ ཕྱི་སེར་ལ་ནང་དཀར་བ་འཕྲེད་གཉེར་དང་ལྡན་པ། མགོ་དང་ཁ་ཡོད་ པ་མ་ཟད། ལྟོ་བར་རྐང་ལག་ཆ་བརྒྱད་ཡོད་པ་སོགས་འབུ་ཡི་ལུས་ཇི་ ལྟ་བ་ལ། ལྟག་པའི་བརྒྱུད་དུ་སྤུ་ཐུང་ནག་ཞིབ་ཐར་ཐོར་ཡོད་པ། ལུས་ ཚད་ཕལ་ཆེར་སྨིས་༠༠༥ནས་༠༠༦ཟིན་པ་སའི་ནང་ཐད་ཀར་ཟུག་པ་དང་། ཟླ་༥ནས་༦ཙམ་ཟིན་པ་ས་ངོས་སུ་སྡོང་པོ་རྫ་སྨུག་གམ། ཁམས་ནག་ སྟོད་སྦོམ་ཞིང་སྨད་ཕྲ་བ་ནང་ཤ་དཀར་པོ་ཅན། ཁོག་སྟོད་རིང་ཚད་ སྨིས་༠༠༣ནས་༠༠༦ཙམ་ཟིན་པ་མངོན་པ་དེ་འབུ་ལ་རྭ་སྐྱེས་པ་དང་འདྲ་བས། ཕལ་གྱིས་བེའུ་རྭ་ཞེས་ཟེར་ཡང་། དོན་དུ་ཤ་མོའི་རིགས་ཡིན། དེ་རིམ་བཞིན་ཆེ་རུ་རྒྱས་པ་དང་། རྩ་བའི་བཅུད་དམ་ནུས་པ་ཞན་དུ་ ཕྱིན་ནས་ཟླ་༧པ་ཙམ་ནས་ཕལ་ཆེར་རྩ་བ་རུལ་ཏེ་མེད་པར་འགྲོ་“ཞེས་ པ་ལྟར་དོན་ལ་གནས་པའོ།།

༢ དབྱར་རྩའི་རིན་ཐང་། དབྱར་རྩྭ་དགུན་འབུ་ནི་གནའ་དུས་ནས་བཟུང་རིན་ ཐང་ཧ་ཅང་ཆེ་བའི་རྩྭ་སྨན་གྱི་རིགས་ཤིག་ཡིན་ཞིང་། ལྷག་པར་དུ་དུས་ རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་ནས་སྤྱི་ཚོགས་ནང་དཔལ་འབྱོར་གྱི་རིན་ཐང་ལྡན་པ་ཤེས་རྟོགས་བྱུང་བ་ནས་བཟུང་རིམ་བཞིན་ད་ལྟའི་བར་རིན་གོང་་ ཇེ་ཆེ་དང་། རིན་ཐང་jཧ་ཅང་ཆེན་པོར་གྱུར་པ་རེད། དཔེར་ན། སྨན་དང་། བྱུག་རྫས་སོགས་ལ་ཚན་རིག་གི་ཤེས་བྱ་འཕེལ་རྒྱས་སུ་འགྲོ་བ་དང་བསྟུན་ ནས།jབཀོལ་སྤྱོད་ཀྱི་ལག་རྩལ་ཇེ་བཟང་དུ་ཕྱིན་པ་དང་། ཕན་ནུས་k ཡང་ ཚད་མཐོ་པོ་བྱུང་བས། རིན་ཐང་ཧ་ཅང་ཆེན་པོ་ཅན་དུ་གྱུར་པ་རེད་ ལ། རྒྱ་ནག་དང་། ཐེ་ཝན། ཧོང་ཀོང་སོགས་ཕྱི་ཕྱོགས་ཀྱི་དཔལ་ཡོན་ དར་བའི་ཁྲོམ་ར་དག་ནས་ཕལ་ཆེར་སྤྱི་རྒྱ་རེ་lལ་རྒྱ་གོར་ཁྲི་༨ནས་༩བར་གྱི་རིན་གོང་ལྡན་ཞིང་། ད་དུང་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་དག་དང་ ཚོང་འབྲེལ་བྱས་ན་དེ་ལས་ལྷག་པའི་རིན་ཐང་ལྡན་ངེས་ལ། དེ་ལས་ལྷག་པའི་རིན་གོང་ཚད་མཐོན་པོར་སླེབས་ཐུབ་པ་སྨོས་མི་དགོས་ སྙམ། གཞན་ཡང་བོད་ཀྱི་ཆེད་མཁས་པ་དང་། ཤེས་ཡོན་ཅན་དུ་རློམ་ པ་དག་དོན་དངོས་རང་མི་རང་ལ་ཤ་ཚ་མཁན་ཞིག་ཡིན་ན། རྩྭ་སྨན་ འདིའི་རིན་ཐང་དང་། སྤྱོད་ཚུལ་སོགས་ཀྱི་ཤེས་བྱ་ཐན་ཐུན་རེ་རྩོལ་་ རྒྱུ་འོས་བབས་ཀྱི་འགན་འཁྲི་ཡིན་ལ། དེ་དག་མི་སེར་དཀྱུས་མའི་ཁྲོད་་ དུ་ཁྱབ་བསྒྲག་བྱེད་རྒྱུ་གལ་ཆེན་དུ་ཁོ་བོའི་སེམས་སོ།།

            jད་ལྟ་དབྱར་རྩྭ་ལེགས་གྲས་ལ་ལ་གོར་༨༠ནས་༡༥༠་བར་གྱི་རིན་གོང་ལྡན་ཞིང་། kདབྱར་རྩྭ་འདི་སྨན་གཞན་དང་འདྲ་བར་སྡེབ་སྦྱོར་མ་བྱས་ཀྱང་ཟོས་ན་ནད་བརྒྱ་འཇོམ་

པའི་སྨན་མཆོག་ཏུ་བཤད། lརྒྱ་མ་རེ་གྲངས་༡༥༠༠ཙམ་འགྲོ་བ། ༣

དབྱར་རྩྭ་ལེན་ཐབས། དབྱར་རྩ་དགུན་འབུ་འདི་ལོ་ལྟར་ཕྱི་ཟླ་༤་པ་ནས་ ༧པའི་བར་བོད་རིགས་ཞིང་འབྲོག་མི་དམངས་ཀྱིས་རི་ཀླུང་དང་། སྤང་གཤོང་ སོགས་སུ་དབྱར་རྩྭ་འདི་རྐོ་བར་བསྐྱོད་བཞིན་ཡོད་ལ། དབྱར་རྩྭ་ཆེས་ ལེགས་པའི་ས་ཁུལ་གཙང་གསུམ་འབྱུང་ཡུལ་སོགས་སུ་མི་གྲངས་ཁྲི་ ཕྲག་མང་པོས་དབྱར་རྩྭ་དགུན་འབུ་སྔོག་འདོན་བྱེད་བཞིན་ཡོད། དེས་ རང་བྱུང་གི་ཁོར་ཡུག་ལ་གཏོར་བརླག་ཡང་མི་ཉུང་བ་བཟོ་བཞིན་འདུག་གོ། 《མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྐོར་་བརྗོད་པ་》ཞེས་པར་མཚོ་སྔོན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་སྒོམ་མེ་གཡུ་ཚ་ སྡེ་བའི་མཐའ་འཁོར་དུ་ཧོང་ཡོན་དང་། ཧོང་ཀྲུང་། ཧྭ་ལུང་གི་ཞིང་པ་ རྣམས་ཀྱིས་གུར་༦༠༠ཕུབ་སྟེ། གུར་གཅིག་གི་ནང་ཉུང་མཐར་མི་དྲུག་་་ 

རེ་ཡོད། ད་དུང་རྫོང་ཁག་གཞན་ནས་ཡོངས་བའི་མི་སོགས་བསྡོམས་ཉིན་རེར་་ མི་གྲངས་ཆིག་ཁྲི་ལྷག་གིས་སྒོམ་མེ་གཡུ་ཚའི་ས་ཐོག་ནས་དབྱར་རྩྭ་དགུན་ འབུ་རྐོ་བ་དང་། རྩྭ་ཐང་ལ་གཏོར་བཅོམ་གཏོང་གི་ཡོད་ཚུལ་གསལ་་ བཤད་བྱས་འདུག དེ་བཞིན་ངའི་ཕ་ཡུལ་ཏེ་མཚོ་སྔོན་ཡུལ་ཤུལ་ཁུལ་ ནང་ཆེན་རྫོང་ཀ་གཞུང་རྩྭ་ཐང་དུའང་གཞན་ནས་འོང་བའི་(རང་ཡུལ་གྱི་མི་རྣམས་ཕུད)མི་གྲངས་སྟོང་ཕྲག་མང་པོས་དབྱར་རྩྭ་རྐོ་ཞིང་། རི་ཆུ་ དང་། རྩྭ་ཐང་ལ་གཏོར་བརླག་མང་པོ་གཏོང་བཞིན་འདུག དེ་དག་ནི་ སྐྱེ་ཁམས་རིག་པ་བ་ཚོས་རྩྭ་སྨན་འདིའི་རིགས་ཚད་བརྒལ་གྱིས་རྐོ་བ་དང་། རྩྭ་སར་གཏོར་བཅོམ་བྱེད་པ་སོགས་ཀྱིས་འབྱུང་འགྱུར་དབྱར་ རྩྭ་མེད་པར་འགྱུར་བའམ། བྲི་བའི་ཉན་ཁ་ཡོད་པ་དང་། ཆུ་ལོག་རྒྱག་ པ་སོགས་ཀྱིས་འཚོ་གནས་ལ་གནོད་པ་བཟོ་བ་སོགས་མ་འོངས་བར་ད་ ལྟ་ལས་ལྷག་པའི་གནས་ཚུལ་འབྱུང་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ འདུག དེ་བས་ང་ཚོའི་རིན་ཐང་ཆེ་བའི་དབྱར་རྩྭ་དགུན་འབུ་འདི་ དག་རང་བྱུང་ཁམས་ཀྱི་གནོད་འཚེ་ཉུང་ཕྱིར་དང་། མ་འོངས་བར་ དབྱར་རྩྭ་ཡུན་རིང་རྐོ་བའི་ཕུགས་བསམ་འཆང་ནས་རྐོ་ཤེས་ལེན་ཤེས་ བྱེད་དགོས་པ་རེད། དཔེར་ན། ༡ དབྱར་རྩྭ་རྐོ་བའི་མི་གྲངས་ཚད་བརྒལ་ལ་སྔོན་ འགོག་བྱེད་པ་དང་། ༢ དུས་ཚོད་ཀྱིས་དབྱར་རྩྭ་རྐོ་བར་གཏོང་ འཛིན་བྱེད་པ། ༣ དབྱར་རྩྭ་བརྐོས་ཚར་རྗེས་དོང་ཁ་བསུམ་པ། ༤ ཤོག་ཆག་དང་ཟས་ལྷག་སོགས་གང་སར་མི་གཡུག་པ། ༥ རྩི་ཤིང་

དང་རྩྭ་ཐང་mལ་གཏོར་བརླག་མི་བྱེད་པnསོགས་རང་བྱུང་ཁམས་ཀྱི་་་་་ གནོད་འཚེ་ཆེན་པོ་མི་འབྱུང་བ་དང་། དབྱར་རྩྭ་དགུན་འབུ་ཡང་མི་ སེར་དཀྱུས་མའི་ཡུན་རིང་འཚོ་བརྟེན་དུ་བསམ་ནས་ཐབས་མཁས་ཀྱིས་དབྱར་རྩྭ་རྐོ་བ་སྒྲིག་གཞི་ཡོད་པའི་སྒོ་ནས་ལག་ལེན་བྱས་ན་བཟང་ བར་སྙམ། གཞན་ཡང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་རྩ་བའི་རྒྱུན་ཤེས་ལ་དོ་སྣང་བྱེད་པ་དང་། དེ་དག་གི་དགེ་སྐྱོན་སོགས་ཀྱི་ཤེས་བྱ་རོང་འབྲོག་ གི་མི་སེར་ཁྲོད་དུ་ཁྱབ་བརྡལ་གཏོང་བ་དང་། ཡུལ་ཕྱོགས་དེར་གནས་ པའི་ཡུལ་མི་དག་གིས་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་དང་མཐུན་ པའི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཤེས་བྱ་སྦྱོང་བ་གལ་ཆེན་རང་བཞིན་ཡིན་པར་ལྟ་བ་དང་། དེའི་སྐོར་གྱི་རྒྱུན་ཤེས་ཐར་ཐོར་སྦྱོང་བའི་འཛིན་ གྲྭ་རེ་སྒྲུབ་ནའང་དགོས་ངེས་ཞིག་རེད། དེ་དག་ནི་འབྱུང་གྱུར་མི་སེར་ དག་གི་དཔལ་འབྱོར་དང་། འཚོ་བའི་མཐུན་རྐྱེན་ལ་ཡང་གེགས་སྐྱོན་ མི་ཡོང་བ་དང་། རང་བྱུང་ཁམས་ལ་ཡང་གནོད་འཚེ་ཆེན་པོ་མི་འབྱུང་

mརླངས་འཁོར་དང་འཕྲུལ་རྟ་སོགས་གང་སར་རྒྱུགས་པ་སོགས་ཀྱིས། nའདི་ནི་བདག་གི་བསམ་འཆར་ཙམ་ཡིན། དོན་དུ་ཤེས་ཡོན་ཅན་དང་། ཆེད་མཁས་པ། ལས་བྱེད་མི་ སྣ་སོགས་ཀྱིས་འདིའི་སྐོར་འཆར་གཞི་བཀོད་དེ་ཁྱབ་སྒྲགས་བྱེད་པར་སྐུལ་བ་ཡིན། བའི་ཕྱིར་དུ་ད་ལྟ་ནས་སྔོན་འགོག་བྱེད་པའི་ཐབས་སུ་མཐོང་ངོ་།། ༤

དབྱར་རྩྭ་སྤྱོད་ཚུལ། ལོ་རེར་ཨ་སྒོར་དུང་ཕྱུར་དུ་མའི་ཐོན་བབས་ཡོད་པའི་ བོད་ཀྱི་དབྱར་རྩྭ་དགུན་འབུ་བོད་རང་གིས་རིན་ཐང་ཡོད་པའི་སྒོ་ནས་སྤྱོད་ ཤེས་པར་མ་བྱས་ན། རིན་ཐང་ཅི་ཡང་མེད་པར་འཕྲོ་བརླག་ཏུ་འགྱུར་བཞིན་ཡོད། དེ་བས་བོད་ཀྱི་ཆེད་མཁས་པ་དང་། ཤེས་ཡོན་ཅན། ལས་བྱེད། ཚོང་པ་ སོགས་རང་མི་རང་ལ་ཤ་ཚ་མཁན་ཞིག་ཡོད་ན། འདིའི་ཕྱོགས་ཀྱི་རིན་ ཐང་སྤྱོད་ཚུལ་སྐོར་གྱི་ཤེས་བྱ་སྣ་ཚོགས་དཔྱད་ཞིབ་བྱས་ཏེ་སྤྱི་ཚོགས་ཁྲོད་ དུ་ཁྱབ་བརྡལ་བྱེད་རྒྱུ་ཧ་ཅང་སྒྲུབ་དགོས་པའི་བྱ་བ་ཞིག་རེད། oཆེད་ མཁས། ལས་བྱེད་སོགས་སུ་ཞིག་ཡིན་ཡང་གནད་དོན་འདི་ལྟ་བུའི་ ཐོག་ནས་བསམ་བློ་གཏོང་མཁན་དང་། ལག་ལེན་སྟར་མཁན་མེད་ན་ དོན་ལ་ཡོད་མེད་འདྲ་འདྲ་རེད། གང་ལགས་ཞེ་ན་ཆུང་ས་ནས་བཤད་ ན་མི་སེར་དག་གི་དཔལ་འབྱོར་དང་། འཚོ་བ་ཡར་རྒྱས་ཡོང་བ་དང་། ཆེ་ས་ནས་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་དཔལ་འབྱོར་ཡར་རྒྱས་ཡོང་བར་

oཁ་ནས་སྦོམ་པོ་བཤད་མཁན་གྱི་ཤེས་ཡོན་(རྩོམ་ལ་འཇུག་མཁན་)ཅན། སྐུལ་འདེད་ཆེན་པོ་ཐེབས་པར་འགྱུར་བའི་ཕྱིར་རོ།། གཞི་རྩའི་ཆ་ནས་མི་སེར་ཁྲོད་དུ་དབྱར་རྩྭ་རྐོ་བ་དང་། ཉོ་ཚོང་བྱས་པ་ལ་ བརྟེན་ནས་དབུལ་ཕོངས་ཀྱི་མི་སེར་གང་མང་ཞིག་དཔལ་འབྱོར་དང་། འཚོ་ བའི་ཆ་རྐྱེན་སྔོན་ཆད་དང་བསྡུར་ན་ཅུང་བཟང་དུ་ཕྱིན་ཡོད་མོད། འོན་ཀྱང་ད་དུང་ཡིད་ཚིམས་པ་ཞིག་གཏན་ནས་མ་རེད། རྒྱུ་མཚན་ནི། pཙཱི་ནའི་ཡུལ་ནས་དར་བའི་དངོས་པོ་རྫུན་མ་དག་ལ་ ལོ་རེ་བཞིན་རིན་གོང་ཇེ་མཐོར་འགྲོ་བཞིན་འདུག་ན། བོད་རང་གི་ ནང་ཁུལ་ནས་ཐོན་པའི་རྒྱུ་རྫས་(དབྱར་རྩྭ་དགུན་འབུ)དག་མ་དག་ཀྱང་རིན་ གོང་ཇེ་མཐོར་འགྲོ་ལུས་དགོས། རིན་ཐང་ཆེ་བའི་དབྱར་རྩྭའི་སྨན་མཆོག་ རྩྭ་ཆེན་འདི་རིན་ཐང་ཆེ་རུ་གཏོང་བ་དང་། རིན་གོང་qཇེ་མཐོར་ བྱེད་པ་ནི་རང་མིར་འགན་འཁྲི་ཡོད་པ་བཞིན་འདི་ཕྱོགས་ལ་ནུས་པ་ འདོན་དགོས་པ་སྨོས་ཅི་དགོས། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་ མང་པོས་དབྱར་རྩྭ་འདི་བོད་ས་མཐོའི་ཡུལ་གྲུར་མ་གཏོགས་གཞན་ན་ མེད་པའི་རྩྭ་སྨན་རྩ་ཆེན་ཞིག་ཡིན་པའི་རིན་ཐང་རྟོགས་ཡོད་ཀྱང་། བོད་

pསྔོན་ཐོན་མི་རིགས་དག་དང་བསྡུར་ན་ཧ་ཅང་རྒྱང་ཐག་རིང་བའི་རྗེས་སུ་ལུས་ཡོད་པས་ན། དེ་ལྟར་ཡིད་ ཚིམས་ནས་ཆོག་ཤེས་བྱེད་ཆོག་པའི་དུས་ཚོད་མ་རེད་སྙམས། qདབྱར་རྩྭའི་རིན་ཐང་དང་། རིན་གོང་འཕར་ཐབས་མེད་པ་ནི་ཤིན་ཏུ་སྐྱོ་འོས་པ་ཞིག་མ་ཡིན་ནམ། རང་གིས་འདི་ཡི་རིན་ཐང་རྟོགས་ཡོད་པ་མ་རེད། rམི་སེར་ཚོས་དཀའ་སྡུག་ སྣ་ཚོགས་རྒྱབ་རྒྱབ་པའི་རྗེས་སུ་ཐོབ་པའི་དབྱར་རྩྭ་དེ་དག་དུས་རྒྱུན་གཡོ་ ལེན་བྱེད་པའི་ཚོང་པ་སྐོར་ཞིག་གིས་གཡོ་ལེན་བྱེད་བཞིན་གཞན་རིགས་ ལ་རིན་གོང་སླ་མོས་འཚོང་བཞིན་ཡོད་པ་སོགས་རིན་ཐང་ཅི་ཡང་མི་ ལོན་པའི་གནས་ཚུལ་ཡ་ང་བ་འདི་དག་བྱུང་བ་རེད། ང་རང་ཉིད་མི་སེར་དཀྱུས་མའི་ཁྲོད་དུ་སྐྱེས་པའི་མི་བུ་ཉམས་ཆུང་ཞིག་ཡིན་པའི་ཆ་ནས། མི་སེར་དཀྱུས་མའི་བདེ་སྡུག་མཐོང་ཐོས་མྱོང་གསུམ་ལ་ བརྟེན། གནས་ཚུལ་འདི་དག་བརྗོད་པའི་ངལ་བ་བྱས་པ་ཡིན། རང་རིགས་ཀྱི་ཆེད་མཁས་པ་དང་། ཤེས་ཡོན་ཅན། ལས་བྱེད་མི་སྣ། ཚོང་པ་སོགས་སྐོར་ཞིག་མཉམ་འབྲེལ་བྱས་ཏེ་རང་རྒྱུ་རང་གིས་རིན་ཐང་་ ལྡན་པའི་སྒོ་ནས་སྤྱོད་ཐུབ་པའི་ཕྱིར་དུ་གྲོས་མོལ་དང་། འཆར་གཞི་ བཀོད་དེ་ལག་ལེན་དུ་བཏབ་པ་ཡིན་ན་འབངས་མི་ཉམ་ཆུང་དག་གི་དབྱར་ རྩྭ་དགུན་འབུ་འདི་དོན་མེད་འཕྲོ་བརླག་མི་འགྱུར་བར་རིན་ཐང་ཡོད་པའི་སྒོ་ནས་སྤྱོད་ཐུབ་ངེས་སོ།།

rད་ལྟ་དབྱར་རྩྭའི་རིན་གོང་རྒྱ་མ་གང་ལ་གོར་ཁྲི་༣ནས་༤ཡས་མས་མ་གཏོགས་མི་འདུག

དབྱར་རྩའི་རིན་ཐང་ཁྱབ་བསྒྲག ཉེ་ལམ་གསར་ཤོག་ག་གེ་མོ་ཞིག་ཏུ་ དབྱར་རྩྭའི་རིན་ཐང་གླེང་བར་དབྱར་རྩྭ་གཅིག་ལས་ཤ་མོ་གཅིག་ཕན་ ནུས་ཆེ་བར་(དངོས་སུ་མ་མཐོང་།)བཤད་ཚུལ་ཐོས། དེ་ནི་དབྱར་རྩྭའི་རིན་ ཐང་མེད་པར་བཟོ་བའི་ཀུན་སློང་དང་། ཉམས་ཆུང་མི་སེར་དག་གི་ལག་ནས་

དབྱར་རྩྭ་གཡོ་ལེན་བྱེད་པའི་ཐབས་ཇུས་ངན་པ་ཞིག་རེད། དུས་རྟག་ཏུ་རང་མིའི་བདེ་སྡུག་ལ་སེམས་ཁུར་བྱེད་མཁན་དུ་འདོད་པའི་ཆེད་མཁས་པར་རློམ་པ་དག་དང་། རྩོམ་པ་པོ། ལས་བྱེད་མི་སྣ་སོགས་ཀྱིས་ འདིའི་ཕྱོགས་ལ་བསམ་གཞིག་རེ་མི་བྱེད་པ་དང་། འདིའི་ཕྱོགས་ལ་བྱ་བ་རེ་ མི་སྒྲུབ་པ་ནི་ཁ་ཡིས་བཤད་པ་མ་གཏོགས་དོན་དངོས་ཐོག་དེ་ལྟར་མེད་པ་ ལུས་ཡིན།  ཁ་བཤད་དོན་ལ་ཡོད་པའི་མི་བུ་ཞིག་ཡོད་ན་ངེས་པར་དུ་མི་

སེར་དཀྱུས་མའི་བདེ་སྡུག་ལ་བསམ་ནས། རྩོམ་སྟེགས་སུ་དབྱར་རྩྭའི་ རིན་ཐང་དང་སྤྱོད་ཚུལ་གླེང་བ་དང་། རྒྱང་བསྒྲོག་བརྙན་འཕྲིན་སོགས་ ལས་དབྱར་རྩྭའི་རིན་ཐང་ཁྱབ་བསྒྲག་བྱེད་པ་སོགས་ཟུར་ངོས་གང་རུང་ ནས་ཉམས་ཆུང་མི་སེར་དག་གི་བདེ་སྡུག་ལ་ཉེ་བར་གཅར་ཐུབ་ན། ཆེད་ མཁས་པ། རྩོམ་མཁན། ལས་བྱེད་པ་སོགས། སུ་ཞིག་ཡིན་ཡང་དོན་ལ་ དེ་ནི་མི་རིགས་ཀྱི་སྒལ་ཚིགས་དང་སྲོག་ཤིང་ཡིན་པར་མ་ཟད། དེ་ འདྲ་ཞིག་ཡོད་ན་ད་ལྟ་འཛམ་གླིང་གི་མི་རིགས་ཡོངས་རྫོགས་སྔོན་ཐོན་ གྱི་གྲྭལ་དུ་བསྐྱོད་བཞིན་པའི་སྐབས་འདིར་རང་རིགས་ལ་ཡང་འབྱུང་ འགྱུར་རེ་བ་དང་ཡིད་ཆེས་ཅུང་ཟད་རེ་ཡོད་པ་མ་ཡིན་ནམ།

                              ༢༠༡༠ / ༤ / ༡༨







བསམ་བློའི་རྒྱགས་ཕྱེའི་དབུལ་བའི་ སློབ་འབྲིང་གི་དགེ་རྒན། ༡ ཉེ་ཆར་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ག་གེ་མོ་ཞིག་གིས། རང་ གི་སློབ་མའི་ནོར་འཁྲུལ་ཅུང་ཟད་ལ་བརྟེན་ནས་དཔེ་མི་སྲིད་པའི་སྡང་སྡིགས་བྱས་པར་མ་ཟད། ཐ་ན་གཅར་རྡུང་ཡང་བྱས་པས། ཉིན་འགའི་ རྗེས་སུ་སློབ་མ་དེས་དགེ་རྒན་ལ་འཁོན་ལན་སློག་པར་ཡོང་ནས་དགེ་སློབ་གཉིས་འཛིངས་རེས་བྱས་པའི་གནས་ཚུལ་ཡ་ང་བ་ཞིག་ཐོས། དེ་ ཐོས་པ་ནས་བདག་གི་སེམས་ལ། རྗེས་ལུས་དང་། བླུན་རྨོངས་ཀྱི་མི་རིགས་ ཞིག་གི་ལས་དབང་ཡིད་ལ་འཁོར་བྱུང་། འུ་ཅག་དུས་རབས་གསར་བ་འདིའི་ནང་འཚོ་བཞིན་ཡོད་པར་འདོད་་ ཀྱང་། ང་ཚོའི་བསམ་བློའི་ཁྱེར་སོ་དང་། སློབ་གསོའི་ལྟ་ཚུལ། སྤྱོད་ ཚུལ་དེ་དག་གིས་ད་དུང་དུས་རབས་གསར་པའི་ལྟ་སྤྱོད་དང་། ཆེས་ ཁ་ཐག་རིང་བའི་རྗེས་སུ་བསྡད་ཡོད་པ་མཐོང་ཡོང་། གོང་གི་གནས་ ཚུལ་ཡ་ང་བ་དེ་ནི་དགེ་རྒན་གྱིས་སློབ་མའི་ཁེ་དབང་ལ་རྩི་སྲུང་མ་བྱས་ པར། མཐོང་ཆུང་དང་བརྙས་སྨོད་ཀྱིས་སློབ་མ་མི་སར་མ་བཞག་པ་ དང་། དཀྱེལ་ཡང་གིས་དུས་རབས་གསར་པའི་སློབ་གསོའི་ལམ་ ལུགས་ལ་སློབ་སྦྱོང་མ་བྱས་པའི་སྟབས་ཀྱིས་བྱུང་བ་ཞིག་རེད། ད་དུང་མདོར་དེད་ན་ང་ཚོའི་གུ་དོག་གི་སློབ་གསོའི་བྱེད་ཐབས་ངན་པ་བེད་སྤྱོད་བྱས་པའི་འབྲས་བུ་ཞིག་མིན་པར་སུ་ཡིས་བརྗོད་ནུས། དགེ་རྒན་དང་སློབ་མར་སློབ་གསོའི་ལྟ་ཚུལ་དང་། ལག་ལེན་དེ་འདྲ་ ཞིག་ལས་མིན་ཚེ་དེ་འདྲའི་གནས་ཚུལ་བྱུང་བ་ནི་རེ་གཉིས་ཙམ་ག་ལ་ཡིན།

དགེ་རྒན་ཞིག་ཡིན་པའི་དབང་དུ་བྱས་ན། སློབ་མར་སྡང་སྡིགས་དང་། གཅར་རྡུང་གིས་སློབ་གསོ་སྤྲོད་ཕྱོགས་དེ་དག་ནི། དུས་རབས་གསར་ པ་འདིར་དོར་དགོས་པའི་ནོར་འཁྲུལ་གྱི་བྱ་བ་ཞིག་རེད། གང་ལགས་ཞེ་ན། སྡང་སྡིགས་དང་། གཅར་རྡུང་གིས་སློབ་གསོ་སྤྲོད་ ཕྱོགས་འདི་ནི། དོན་དངོས་མིའི་རིགས་ཀྱི་རང་དབང་ལ་བརྩི་སྲུང་མ་ བྱས་པ་དང་། སློབ་མའི་ཁེ་དབང་དང་། ཐོབ་ཐང། འཆམས་མཐུན་

《དགེ་སློབ་གཉིས་ཀྱི་ལག་ལེན་》ལ་བལྟས་ན་ཕྱོགས་ཙམ་ཤེས་ཐུབ་པར་སྙམ། 《བསམ་གཞིག 》ཅེས་པའི་དེབ་ཏུ་གསལ། ཟླ་བ་བཟང་པོས་བརྩམས། སོགས་ལ་དོ་སྣང་མ་བྱས་པའི་ནག་ཉེས་སུ་བགྲངས་ཆོག ད་དུང་འདི་ནི་ང་ཚོའི་མེས་པོ་ནས་བརྒྱུད་འོང་བའི་སྲོལ་ཞིག་ཡིན་པས་་འདོར་བར་མི་རིགས་ཟེར་ན། མི་རིགས་གཞན་གྱིས་ཁྲེལ་བར་མ་ཟད། རང་མི་རིགས་ཀྱི་རང་འཚང་ལྷང་ལ་འབུད་པའི་གཞིར་འགྱུར་ངེས། མིའི་རང་དབང་གི་ཐོབ་ཐང་ལ་རྩི་སྲུང་དང་། འཆམས་མཐུན། ཞི་ བདེ་སོགས་ལ་མཐོང་ཆེན་བྱེད་བཞིན་པའི་དུས་རབས་གསར་པ་འདིར། གཅར་རྡུང་གི་བྱེད་ཐབས་དོར་ནས། སློབ་གསོའི་བྱེད་ཐབས་གསར་ པས་སློབ་མ་སྐྱོང་ན་མི་ལེགས་སམ།

དགེ་རྒན་ནི་སློབ་བུའི་ཁེ་དབང་དང་། དད་མོས། སྙིང་སྟོབས་སོགས་ ལ་མཐོང་ཆེན་བྱེད་པའི་འོག་བསམ་བློ་གསར་བའི་ས་བོན་བསྐྲུན་མཁན་ཞིག་ཡིན་པ་ལས། སློབ་བུའི་གསར་དུ་འབུས་བཞིན་པའི་སྨྱུ་གུ་ལྟ་བུའི་ བློ་གྲོས་ལ་རྨ་ཁ་གཟོ་མཁན་ཞིག་ཡིན་ན་ག་ལ་འཐད། དགེ་རྒན་ནི་སློབ་བུའི་མི་གཤིས་དང་། ཐོབ་ཐང་ལ་རྩི་མཐོང་བྱེད་པའི་ འོག་མི་གཞི་དང་། ཀུན་སྤྱོད་བཟང་པོའི་སློབ་གསོའི་སྐྱོང་མཁན་ཞིག་ ཡིན་པ་ལས། སློབ་བུའི་ཁེ་དབང་ལ་རྡོག་བརྫིས་བཏང་སྟེ། གཅར་ རྡུང་དང་། སྡང་སྡིགས་གིས་དྲག་པོའི་འདུལ་སྦྱོང་བྱེད་མཁན་ཞིག་ ཡིན་ན་ག་ལ་ཆོག དགེ་རྒན་ནི་གཞན་ཕན་འོད་སྟོང་གིས་འཁྱུད་པའི་ཤེས་རབ་ཀྱི་ཉི་གཞོན་གསར་བའི་འོག སློབ་བུའི་རྣམ་དཔྱོད་ཀྱི་ཞིང་ས་གཤིན་པོར། ཤེས་ རིག་གི་ཀུ་མུད་འབྱེད་མཁན་ཞིག་ཡིན་པ་ལས། བསམ་བློའི་རྒྱགས་ ཕྱེའི་དབུལ་ཞིང་། ཤེས་རབ་ཀྱི་མིག་ཟུང་ལོང་བས་སློབ་བུ་ལོག་ལམ་ དུ་འཁྲིད་མཁན་ཞིག་ཡིན་ན་ག་ལ་ཕན། ༤ མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལམ་དུ་འགྲོ་བའི་རྩ་བ་ནི་སློབ་གསོ་ལ་ཐུག་ཡོད་པར་འདོད་པ་བཞིན་དོན་ལའང་དེ་ལྟར་གནས་པས། སློབ་ གསོ་ཇི་ལྟར་བསྐྱེད་སྲིང་བྱེད་མིན་དགེ་རྒན་གྱི་ལག་རེད། ད་ལྟ་འཛམ་གླིང་ཡོངས་ལ་དུས་རབས་གསར་པའི་དཀྱེལ་ཡང་གི་སློབ་་གསོའི་འོད་ཀྱིས་སྣང་བར་བྱས་དང་བྱེད་བཞིན་པའི་སྐབས་འདིར། ང་ཚོའི་མི་རིགས་ཀྱི་སློབ་གསོའི་འོད་སྣང་སྩོལ་པའི་དགེ་རྒན་དག་ཀྱང་བསམ་བློའི་རྒྱགས་ཕྱེའི་དབུལ་བ་རྐྱང་རྐྱང་གིས་ག་ལ་ཆོག དེ་བས་རང་ཅག་གི་སློབ་གསོ་ཡང་དེང་རབས་ཅན་དུ་ཕྱོགས་དགོས་་པ་ལས། ཆེ་སློབ་ཆེན་གྱི་དགེ་རྒན་ནས། ཆུང་སློབ་ཆུང་གི་དགེ་རྒན་ བར་དེང་རབས་ཀྱི་སློབ་གསོའི་ཐབས་ལམ་གསར་བའི་ལག་ལེན་གྱིས་དབུལ་བ་རྐྱང་རྐྱང་གིས་མི་བུ་ཤེས་འཇོན་ཅན་དང་། མི་བུ་རང་ཚུགས་ ཅན་དང་། མི་བུ་གཞུང་དྲང་ཅན་ཞིག་ཇི་ལྟར་སྐྱེད་སྲིང་ཐུབ་བམ། ༥ རྙིང་ཞེན་གྱི་སློབ་གསོའི་ལྟ་བ་ཨུ་ཚུགས་ཀྱིས་སྐྱོང་མཁན་གྱི་དགེ་རྒན་དང་། སློབ་མ་དག་གི་བསམ་སྦྱོར་ནི་རྗེས་ལུས་དང་། བླུན་རྨོངས་ འབའ་ཞིག་ཡིན་ལ། དུས་རབས་གསར་པའི་སློབ་གསོའི་ལྟ་བ་ལ་དགའ་ མོས་བྱེད་མཁན་གྱི་དགེ་རྒན་དང་། དེས་སྐྱེད་སྲིང་བྱས་པའི་སློབ་མ་ རྣམས་ཀྱི་བསམ་སྤྱོད་ནི་བདེན་དོན་དང་ལུགས་མཐུན་ཁོ་ནའོ།། དུས་རབས་གསར་པའི་སློབ་གསོའི་ལྟ་ཚུལ་ལྟར་ན་དགེ་རྒན་དང་སློབ་་་ མའི་བར་གྱི་གནད་དོན་འདི་ལྟར་ཐག་གཅོད་བྱེད་ཀྱི་ཡོད་སྟེ། སློབ་ མའི་ནོར་འཁྲུལ་གྱི་བྱ་བ་ལ་དགེ་རྒན་གྱིས་འཇམ་པོའི་ཚིག་གིས་སྐྱོན་བརྗོད་པ་དང་། བཟང་ངན་གྱི་དབྱེ་གསལ་བྱེད་དུ་བཅུག་ནས། མ་ འོངས་བར་དེ་ལྟ་བུའི་ནོར་འཁྲུལ་གྱི་བྱ་བར་གོམས་པར་མི་འགྱུར་བའི་་བསམ་བློ་སྐྱེ་རུ་འཇུག་པར་མ་ཟད། སློབ་མའི་བཟང་ཆ་ལ་གཟེངས་ བསྟོད་ཀྱིས་ཕྱིན་ཆད་ངན་པ་དོར་ཞིང་། བཟང་པོ་གདམ་པའི་བློ་སྟོབས་ སྐྱེ་རུ་འཇུག་པའོ།།

དགེ་སློབ་བར་གྱི་མཛའ་བརྩེ་དང་། དེང་རབས་ཀྱི་སློབ་གསོའི་ལག་ ལེན་ལེགས་ལམ་དུ་བསྒྱུར་བ། སློབ་མའི་ཤེས་ཡོན་དང་བསམ་བློ་ཡར་ སྐྱེད་སོགས་ལ་ནམ་ཡང་དོ་སྣང་མི་བྱེད་པར། སྦྱངས་འབྲས་ཅུང་ལེགས་ པའི་སློབ་མ་དག་ལ་ངོ་བསྟོད་ཆེས་ཆེར་བྱེད་ཅིང་། སྦྱངས་འབྲས་ཞན་ པའི་སློབ་མར་འཇམ་པོའི་ཚིག་གིས་སློབ་གསོ་མི་སྤྲོད་པར། སྨོད་པ་ དང་། གཅར་རྡུང་བྱེད་པ་རེད། ད་དུང་སློབ་རྒྱུགས་གི་སྐབས་སུ་སྤུས་ཚད་ལ་མི་བལྟ་བར་སྐར་གྲངས་ལ་བལྟ་བ། སྣོག་ལས་བྱེད་པས་སློབ་མའི་སྤུས་ཚད་ཇེ་སྡུག་ཏུ་འགྲོ་བ་ རེད། དེ་དག་ནི་རྒན་རང་ཉིད་ཀྱིས་སྤྱི་ཆ་སྙོམས་ཀྱིས་སྐྱེད་སྲིང་མ་བྱས་པར། ཕྱོགས་རིས་ཀྱིས་ལྟ་ཚུལ་བཟུང་བས་རེད། གནད་དོན་འདི་དག་གིས་ གོང་གི་དེ་ལྟར་དགེ་སློབ་བར་གྱི་མཛའ་བརྩེ་ལ་གས་ཆག་བྱུང་བ་དང་། འགལ་རྩོད་ཀྱི་གཞི་མར་གྱུར་པ་རེད་ལ། དེ་དག་ནི་བསམ་བློའི་རྒྱགས་ ཕྱེའི་དབུལ་བའི་དགེ་རྒན་དག་གི་ནོར་འཁྲུལ་དང་ནག་ཉེས་ཤིག་རེད་་ ཅེས་མི་བརྗོད་ཐབས་མེད་རེད། ༧ དབང་ཤུགས་དང་། རྒྱུ་ཤུགས་ལ་བརྟེན་ནས་སྣོགས་ལས་ཁོ་ནས་བྱ་བ་ སྣ་ཚོགས་བྱེད་བཞིན་པའི་གདོལ་སྤྱོད་ཀྱི་དུས་རབས་འདིར། བསམ་ བློའི་རྒྱགས་ཕྱེའི་དབུལ་བའི་དགེ་རྒན་དག་ཀྱང་དེ་ལས་མ་འདས་པས། མི་རིགས་ཀྱི་ལས་དབང་དང་། མི་སེར་གྱི་བདེ་སྡུག་ལ་བསམ་ནས་དགེ་ རྒན་གྱི་བྱ་བར་འཇུག་པས་བརྩོན་པ་ཞིག་མིན་པར་ཟླ་ཕོགས་ཀྱི་ཆེད་དུ། དབང་ཤུགས་གི་རྒྱབ་ལྗོངས་ལ་བརྟེན་ནས་བྱ་བ་འདིར་ཞུགས་ཤིང་། ཉི་མ་འཁྱོལ་ཐབས་བྱེད་བཞིན་ཡོད་པ་རེད་ཅེས་བརྗོད་ནའང་ཐལ་མི་ཆེའོ། ། དེ་ལྟ་བུའིགནས་སྐབས་རང་གི་ཁེ་ཕན་གྱི་ཆེད་དུ། ཀུན་སློང་ངན་པས་ དབང་ཤེད་ལ་བརྟེན་ནས་དགེ་རྒན་གྱི་བྱ་བར་འཇུག་པ་ནི། མི་རིགས་ ཉམས་རྒུད་དུ་གཏོང་བའི་རྩ་བའི་འགོག་རྐྱེན་དུ་འགྱུར་བཞིན་ཡོད། རྒྱུ་མཚན། མི་རིགས་སུ་ཞིག་ཡིན་ཡང་དེའི་མ་འོངས་བའི་རེ་བ་བཅོལ་ ས་ནི། ན་ཆུང་བྱིས་པ་དག་ཡིན་ལ། དེ་དག་འཇོན་སྤུས་ཀྱི་ཐད་ནས་ ཇི་ལྟར་སྐྱེད་སྲིང་བྱེད་མིན་ནི་དགེ་རྒན་ལ་རག་ལས་པས་སོ།། ༨ དེ་ཕྱིར་འུ་ཅག་གིས་དུས་རབས་གསར་པ་འདིར་ལུགས་མཐུན་གྱིས་གོམ་སྟབས་བསྒྱུར་བའི་ཕྱིར། སློབ་གསོའི་གནས་བབས་འདིར་དོ་སྣང་བྱས་ ཏེ། ལེ་ལོ་དང་། རྨོངས་འཐོམ། སྒྱིད་ལུགས། གཡོ་སྒྱུ་ཅན་གྱི་དགེ་ རྒན་དག་གི་གདོང་འབག་བཤུས་ཏེ། དེང་རབས་སློབ་གསོའི་ལག་ལེན་ གྱི་སློབ་སྦྱོང་བཟང་བའི་དགེ་རྒན་ཤེས་ཡོན་ཅན་འགའ་རེ་ཡར་མཐོང་ཆེན་དང་། རྩི་འཇོག་བྱེད་དགོས་ལ། དེ་ལྟར་མ་བྱས་ཚེ་སློབ་གྲྭའི་ཁོར་ ཡུག་འགའ་རེར་དེང་རབས་ཀྱི་སློབ་གསོའི་འོད་སྣང་འཕྲོས་ཐུབ་ཀྱིན་་མི་འདུག་གོ། དེ་ལྟར་སློབ་གྲྭའི་ཁོར་ཡུག་གི་སློབ་གསོའི་བྱ་བར་མཐོང་ཆེན་དང་། དག་གཤེར་མ་བྱས་ན་སློབ་གྲྭའི་སྡེ་འགའ་ཞིག་ཏུ་ནམ་ཡང་འཕོ་འགྱུར་མེད་པར་གནས་འདུག དེ་བས་ལོག་ལམ་གྱི་ལམ་བུ་རུ་གོག་འགྲོས་ཀྱིས་བསྐྱོད་པའི་བསམ་བློའི་རྒྱགས་ཕྱེའི་དབུལ་བའི་དགེ་རྒན་ནས། དུས་རབས་གསར་པའི་ཁ་ཕྱོགས་ དང་མཐུན་ཞིང་སློབ་གསོའི་ཐབས་ལམ་གྱིས་ཕྱུག་པའི་ཤེས་ཡོན་ཅན་་གྱི་དགེ་རྒན་དུ་བསྒྱུར་ཐུབ་ན། ན་ཆུང་སློབ་བུ་རྣམས་ཀྱི་རེ་བ་དོན་ ཡོད་དུ་འགྱུར་ལ། དེ་ལས་མི་རིགས་ཤིག་གི་མ་འོངས་བར་ཡང་འོད་ སྟོང་ལྡན་པའི་མདུན་ཀྱི་ལམ་ཆེན་ཞིག་ཡོད་པར་ཡིད་ཆེས་བྱེད་ཆོག་་གོ། ༢༠༡༡/༢/༥


བྱིས་པར་ཆེས་ཐོག་མའི་སློབ་གསོ་སྤྲོད་ཐབས།

སློབ་གྲྭ་བའི་ད་ལྟའི་བསམ་བློ་དང་། སྤྱོད་ཚུལ། ཀུན་སྤྱོད། བསམ་ འདུན་བཅས་ནི་བོད་ཀྱི་འབྱུང་འགྱུར་གྱི་ཚབ་ཡིན་པས། ད་ལྟ་ནས་ བཟུང་ཁོ་ཚོར་གསོ་སྐྱོང་ཡག་པོ་བྱས་ན་མ་གཏོགས་བོད་ལ་རེ་བ་ཡོད་པ་མ་རེད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས། མིའི་རིགས་ཀྱི་མ་འོངས་རེ་ལྟོས་བྱ་ཡུལ་ནི་བྱིས་པ་རྣམས་ཡིན་ལ། བྱིས་ པའི་མདུན་ལམ་ཕ་མ་དང་། དགེ་རྒན་དག་གི་གསོ་སྐྱོང་ཇི་ལྟར་བྱེད་་ མིན་ལ་རག་ལས་ཡོད། དེ་བས་བྱིས་པར་སློབ་གསོ་བྱེད་པ་དེ། ཕ་མ་

བྱིས་པའི་མདུན་ལམ་དགེ་རྒན་ཁོ་ནར་བཅོལ་ནས་ཕ་མས་དོ་སྣང་མི་བྱེད་པ་དེ་འདྲ་བྱེད་མི་རུང་ལ་དགེ་རྒན་ནང་ལྟར། ཕ་མ་ལ་ཡང་འགན་འཁྲི་ཡོད་པ་བཞིན་བྱིས་པར་སློབ་གསོ་སྤྲོད་རྒྱུ་སྣང་མེད་དུ་འཇོག་མི་ རིགས་སོ།། དང་དགེ་རྒན་དག་གི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཡིན་ལ། ཡ་ཧུ་དཱ་པའི་མི་རིགས་ཀྱི་སློབ་གསོའི་ལེགས་བཤད་ལས་འདི་ལྟར་གསུང་་ཡོད་དེ་”ཁྱོད་ཀྱིས་ཉིན་གཅིག་རིང་ཟ་མ་མ་ཟོས་ཀྱང་ཆོག་མོད། བྱིས་པར་ཉིན་རྒྱུན་སློབ་གསོ་བྱེད་དགོས”ཞེས་དང་། ”བྱིས་པར་སློབ་གསོ་མི་བྱེད་པའི་ཁྱིམ་ཚང་ནི་དུས་དང་རྣམ་པ་ཀུན་ཏུ་དབུལ་ཕོངས་ཡིན་”ཞེས་གསུངས་པ་ལྟར་བྱིས་པའི་སློབ་གསོར་རྩི་མཐོང་བྱེད་པ་གལ་ ཆེན་དུ་མཐོང་ནས་དེའི་ཕྱོགས་ཀྱི་ཐབས་ལམ་གལ་ཆེན་འགའ་ཞིག་བརྗོད་འདོད་དོ།།

བྱིས་པའི་ཆེས་ཐོག་མའི་བློ་སྒོ་འབྱེད་པའི་དུས་སྐབས། ཐོག་མར་བྱིས་པ་་་་་ སྐྱེས་ནས་ལོ་གསུམ་མ་ལོན་པའི་ཡར་སྔོན་ནི། སློབ་གསོའི་ཐབས་ལམ་ སྣ་ཚོགས་ཀྱིས་བློ་སྒོ་འབྱེད་པའི་དུས་སྐབས་ཆེས་བཟང་ཤོས་དང་། སློབ་ སྦྱོང་གི་དུས་སྐབས་ཆེས་ལེགས་ཤོས་ཡིན་ཏེ། དཔེར་ན་འཛམ་གླིང་ གི་མི་རིགས་ཡོངས་ཀྱི་ཆེས་མིག་ལྟོས་སུ་གྱུར་པའི་ཡ་ཧུ་དཱ་པའི་མི་རིགས་ ཀྱི་སློབ་གསོའི་ཆེད་མཁས་པ་ཞིག་གིས། ”མི་སྐྱེས་མ་ཐག་ཏུ་ཚང་མར་ ཁྱད་པར་ཆེན་པོ་མེད་ཀྱང་། བྱིས་པའི་དུས་སུ་འཚོ་སྡོད་བྱེད་སའི་ཁོར་ ཡུག་མི་གཅིག་པའི་དབང་གིས། ལ་ལ་ཞིག་འཇོན་ཐང་ཅན་དུ་གྱུར་པ་ དང་། ལ་ལ་ཞིག་བླུན་རྨོངས་སུ་འགྱུར་འགྲོ་བས། བྱིས་པ་གང་ཞིག་སྐྱེས་ དུས་སུ་ཅི་འདྲའི་ཕལ་པ་ཞིག་ཡིན་རུང་། སློབ་གསོའི་ཐབས་ལམ་ལེགས་ ན་སྤྱིར་བཏང་མ་ཡིན་པའི་མི་འཇོན་པོ་ཞིག་ཏུ་འགྱུར་ངེས་ཡིན་”ཞེས་གསུངས་པ་ལྟར་མི་གང་ཞིག་འཇོན་ཐང་ཅན་ཞིག་ཏུ་གསོ་སྐྱོང་་ བྱེད་དགོས་ན་བྱིས་པའི་དུས་ནས་བཟུང་སློབ་གསོའི་སྐྱེད་སྲིང་བྱེད་་་་ དགོས་པར་བརྟེན་ཡོད། ང་ཚོའི་བྱིས་དུས་ལོ་ལྔ་ནས་དྲུག་ཙམ་མ་ཕྱིན་བར་སློབ་གསོའི་དོ་སྣང་་ ཙམ་ཡང་བྱེད་ཀྱིན་མེད། དེ་ནི་སློབ་གསོའི་སྐོར་ལ་གོ་མྱོང་རྟོགས་ གསུམ་ཧ་ཅང་དམན་པའི་སྟབས་ཀྱིས་ཡིན་ངེས་ལ། དགེ་རྒན་དང་། ཕ་མ་སུ་ཞིག་ཡིན་ཡང་དེང་རབས་ཀྱི་སློབ་གསོའི་ལག་ལེན་ལ་སློབ་སྦྱོང་་ བྱེད་པ་གལ་ཆེན་དུ་མཐོང་། དེས་ན་ང་ཚོའི་རྗེས་ལུས་ཀྱི་སློབ་གསོའི་ ལྟ་ཚུལ་ལས་ལེགས་བཅོས་བྱ་དགོས་པ་དང་། ཚུར་ལེན་བྱེད་དགོས་པ་ གང་ཞིག་ཡིན་པ་རྟོགས་ངེས་སོ།།

༢ བྱིས་པའི་བསམ་བློ་དང་ཀུན་སྤྱོད་ལེགས་ལམ་དུ་བསྒྱུར་ཐབས། བྱིས་ པའི་ཕ་མ་དང་། དགེ་རྒན་སུ་ཞིག་ཡིན་ཡང་། བྱིས་པར་བློ་སེམས་ འགུགས་པའི་གཏམ་རྒྱུད་དང་། ཡིད་སེམས་སྤྲོ་བའི་བྱེད་ཐབས་ སྣ་ཚོགས་སྤྱད་ནས་བསམ་བློ་དང་། ཀུན་སྤྱོད་ལེགས་ལམ་དུ་བསྒྱུར་ བའི་ཐབས་ལ་འབད་དགོས། ཕ་མ་དང་དགེ་རྒན་འགའ་ཞིག་གིས་བྱིས་པའི་རྣམ་རིག་གསལ་དམན་ དང་། བློ་གྲོས་མཆོག་དམན་ནི་བྱིས་པ་རང་རང་ལ་ལྷན་སྐྱེས་སུ་གྲུབ་ པ་ཞིག་ཡིན་པས་བསྒྱུར་ཏུ་མི་བཏུབ་པ་ཞིག་ཡིན་པའི་བསམ་ཚུལ་འཆང་་བ་ནི་ནོར་འཁྲུལ་ཞིག་རེད་འདོད། གོང་ནས་ཡ་ཧུ་དཱ་པའི་སློབ་གསོའི་ཆེད་མཁས་པ་དེས་གསུངས་པ་བཞིན་་ཕ་མ་དང་དགེ་རྒན་གྱིས་སློབ་གསོའི་གསོ་སྐྱོང་ལེགས་པར་བྱས་ན་ངེས་་་ པར་དུ་མི་འཇོན་ཐང་ཅན་དུ་འགྱུར་ངེས་པའོ།། ༣ ལེགས་པའི་བྱ་བ་ལ་སྤྲོ་བའི་བག་ཆགས་འཇོག་པ། བྱིས་པར་ཆུང་དུས་ ནས་ལེགས་པའི་བྱ་བ་སྣ་ཚོགས་ལ་སྤྲོ་བ་དང་། ངན་པའི་བྱ་བ་ཀུན་ ལ་མི་འཇུག་པའི་བག་ཆགས་འཇོག་ཐབས་བྱ་དགོས། བྱིས་པས་བསམ་ ཅུང་ཟད་ཤེས་པ་ནས་བཟུང་ཐབས་བཀོད་སྣ་ཚོགས་ཀྱིས་ནམ་ཡང་བཟང་་

སློབ་གསོའི་ཐབས་ལམ་ཨ་རི་བས་བྱིས་པར་སློབ་གསོ་སྤྲོད་ཐབས་ཁྲིམས་སྲོལ་བཅུ་གཅིག་དང་། བྱིས་པའི་སློབ་གསོ་སྤྲོད་ཐབས་བདུན་སོགས་ལ་བལྟས་ན་ཤེས། ངན་གྱི་དབྱེ་བ་ཤེས་པར་བྱེད་དགོས་ལ། དཔེར་ན་བྱིས་པར། གཞུང་ དྲང་དང་། བློ་དཀར། དཀྱེལ་ཡང་། འདྲ་མཉམ། དྲང་བདེན་ སོགས་ལ་བརྩོན་དགོས་ཚུལ་གྱི་སློབ་གསོ་ཆུ་བོའི་རྒྱུན་བཞིན་རྩོལ་བ་་དང་། མ་རབས། ཁྲེལ་མེད། གཡོ་རྫུན་སོགས་ལ་མི་འཇུག་པའི་བསླབ་ བྱ་ཉིན་བཞིན་བྱེད་པ་གལ་ཆེ་ལ། མདོར་ན་བྱིས་པར་བློ་མོས་དང་ བསྟུན་ནས་ཐབས་ཚུལ་གང་ལེགས་ཀྱིས་བསམ་བློ་དང་། སྤྱོད་པ་སོགས་ ལ་གོམས་པར་བྱ་ཐུབ་པ་དང་།དེ་ལ་སྤྲོ་བ། དེ་ལ་མོས་པ། དེའི་ཕྱིར་ དུ་བརྩོན་པར་བྱེད་ཐུབ་པ་ཞིག་དང་། ངན་པའི་བྱ་སྤྱོད་སྣ་ཚོགས་ལ་ དུས་དང་རྣམ་པ་ཀུན་ཏུ་འཇུག་ཏུ་མི་རུང་བ་བྱ་དགོས། ༤ བཟང་ཆ་ལེན་ཞིང་སྐྱོན་ཆ་སེལ་བ། བྱིས་པའི་བསམ་བློ་དང་སྤྱོད་པ་ སྡང་སྡིགས་འོག་ནས་འབུར་འཇོམས་བྱེད་མི་ཉན་ལ། བྱིས་པའི་སྐྱོན་ ཆ་དང་། ནོར་འཁྲུལ་བཟོས་པར་གཅར་རྡུང་བྱེད་པ་དང་། སྡང་སྡིགས་ འོག་ནས་སེམས་ཞ་རུ་འཇུག་མི་རུང་། དེ་དག་ནི་ང་ཚོའི་བསམ་བློ་ མ་བཏང་བའི་སློབ་གསོ་སྤྲོད་ཐབས་ཞིག་རེད་ལ། བཅོས་སྒྱུར་བྱ་དགོས་ པ་ཞིག་ཀྱང་རེད། དེས་ན་ཇི་ལྟར་བྱ་ཞེ་ན། བྱིས་པའི་བཟང་ཆ་ལ་གཟེངས་བསྟོད་དང་། ནོར་འཁྲུལ་ལ་སྐྱོན་བརྗོད་ངེས་པར་དུ་བྱེད་དགོས། དེ་ནི་བྱིས་པར་ ནོར་འཁྲུལ་ངོས་ཟིན་དང་། ཕྱིར་བཅོས་བྱེད་པའི་ཐབས་ལམ་རྙེད་ཐུབ་ པའི་ཆེད་དུ་ཡིན་པར་མ་ཟད། བཟང་ཆ་ལེན་ཞིང་སྐྱོན་ཆ་དོར་ཐུབ་ པའི་བློ་སྤོབས་སྐྱེ་བའི་ཆེད་དུའང་ཡིན་པས་གང་ལ་གང་འཚམས་བྱེད་ དགོས་པ་ལས་གང་འདོད་འདོད་བྱེད་རྒྱུ་མེད། མི་མང་སར་སྐྱོན་བརྗོད་ཤུགས་ཆེན་བྱས་ཏེ་ངོ་ཚ་གཏོད་པ་དང་། མཚང་ འབྱིན་བྱས་པ་ཡིན་ན། བྱིས་པར་ངོ་རྒོལ་གྱི་བློ་སྐྱེ་སྲིད་པས་དཀྱེལ་ ཡང་སྒོས་བྱིས་པར་སློབ་གསོ་སྤྲོད་ཐབས་ཁམས་མོས་དང་བསྟུན་དགོས། གཟེངས་བསྟོད་དང་སྐྱོན་བརྗོད་ནི་ངོ་མཚང་འདྲུ་བ་དང་། མི་སེམས་ གསོད་པའི་ཕྱིར་དུ་ངོས་འཛིན་མི་བྱེད་པར་བྱིས་པའི་བཟང་ཆ་ལེན་ཞིང་། སྐྱོན་ཆ་སེལ་བའི་ཐབས་སུ་བྱེད་དགོས་པའོ།། ༥ བྱིས་པ་ཤེས་འཇོན་ཅན་དུ་གསོ་སྐྱོང་བྱེད་པ། བྱིས་པ་རྣམས་ཤེས་འཇོན་ ཅན་དང་། ཚུགས་ཐུབ་ཀྱི་མི་བུ་ཞིག་ཏུ་སྐྱེད་བསྲིང་བྱེད་དགོས། སློབ་ གྲྭའི་དགེ་རྒན་དང་། ཁྱིམ་བདག་གང་མང་ཞིག་གིས་སློབ་གྲྭ་ནི་ཤེས་ རིག་ཙམ་སྦྱོང་སའི་ཁོར་ཡུག་གཅིག་ཏུ་ངོས་འཛིན་བྱེད་གི་ཡོད་པ་དང་། ཤེས་ཡོན་སྦྱངས་པའི་དམིགས་ཡུལ་ནི་བྱ་བ་ཞིག་དང་། ཟླ་ཕོགས་ཤིག་ ལག་ཏུ་རག་ཐབས་ཁོ་ནར་སེམས་བཞིན་ཡོད། དེ་ནི་ངས་བལྟས་ན་ ནོར་འཁྲུལ་ཞིག་རེད། སློབ་གྲྭ་ནི་ཤེས་རིག་སྦྱང་སའི་ཁོར་ཡུག་ཞིག་ཡིན་པར་མ་ཟད། མི་གཞི་ དང་། ཀུན་སྤྱོད་གི་ཐད་ནས་ཀྱང་སྦྱང་བརྩོན་བྱེད་ས་ཞིག་རེད། དཀའ་ སྡུག་དང་། འབད་འབུངས་སྣ་ཚོགས་ཀྱི་མི་ལོ་དུ་མར་ཤེས་ཡོན་སྦྱང་ པའི་དམིགས་ཡུལ་ཡང་མི་གཞི་དང་། ཀུན་སྤྱོད། གཞུང་དྲང་། བདེན་པ། འཇོན་ནུས་ཅན་ཞིག་གསོ་སྐྱོང་ཡོངས་བའི་ཐོག་ལ་འབབ་ དགོས་པ་ཞིག་རེད། གནས་སྐབས་བྱ་བ་ཞིག་གམ་ཟླ་ཕོག་ཞིག་ལག་ ཏུ་རེག་ཀྱང་ཆོག་ལ་མ་རེག་ཀྱང་ཆོག གང་ལྟར་བྱིས་པ་རང་ངོས་ནས་མི་བུ་ཤེས་འཇོན་ཅན་དང་། འགན་ འཁྲི་འདུ་ཤེས་ལྡན་པའི་མི་བུ་གཞུང་དྲང་ཞིག་ཏུ་སྐྱེད་བསྲིང་ཡོངས་་ཐབས་ལ་དགེ་རྒན་དང་། ཁྱིམ་བདག་རྣམས་ཀྱིས་སློབ་གསོ་སྤྲོད་ཐབས་ བྱེད་དགོས་སོ།།

                                  ༢༠༡༡/༥/༡༧



དཔེ་ཁང་ཉུལ་བའི་འཆར་སྣང་།


མི་ཚེ་འདིར་བདག་ལ་ཆེས་མོས་པའི་བྱ་བ་གཉིས་ཡོད་དེ། གཅིག་ནི་ དཔེ་ཀློག་དང་། གཅིག་ཤོས་ནི་རྩིས་འཕྲུལ་རེད། གྲོང་ཁྱེར་གྱི་སྲང་བར་ གང་དུ་ཉུལ་ཡང་ཐོག་མར་བདག་གིས་འཚོལ་བཞིན་པ་ནི་དཔེ་ཁང་ཡིན་ སྲིད། དེ་ནི་ང་རང་ཆེས་འགྲོ་འདོད་པའི་གནས་དེ་ཡིན་པས་སོ།། ལོ་འདི་དག་གི་རིང་ལ་ཉུལ་བཞིན་པའི་དཔེ་ཁང་དག་ནི་སྔོན་ཆད་ལྟར་བསམ་བློ་དང་། ལྟ་ཚུལ་གསར་བའི་དཔེ་དེབ་མཐོང་རྒྱུ་མེད་ལ། གནའ་རྩོམ་ཕྱིར་བུར་སྤུང་བའི་གནས་ཞིག་རེད། ཡིན་ནའང་ང་རང་། མ་སོང་ན་བློ་མི་བདེ་ལ།སོང་ཡང་ཡིད་མི་ཚིམས་པ་ཞིག་གོ། ཁོ་བོའི་ནམ་ཡང་དཔེ་ཁང་ཉུལ་ནས་བསམ་བློ་གསར་བའི་དཔེ་དེབ་ཞིག་ལ་རེ་སྒུག་བྱས་ཀྱང་དེ་འདྲའི་བློ་ཡིད་ཚིམ་པའི་དཔེ་ཆ་ཞིག་མ་མཐོང་། དཔེ་ཁང་ཕལ་ཆེ་བར་ཡོད་པ་ནི་མང་ཆེ་བ། གླིང་སྒྲུང་དང་། ཞལ་་ འདོན་ཕྱོགས་སྒྲིག ལྷ་སྒྲུང་གིས་བཅིང་པའི་ཆོས་འབྱུང་དང་། སྒྱུར་ བཟོ་ཀྱི་ལྷད་པའི་དེབ་ཐེར་སོགས་ཀྱིས་གང་འདུག དེ་ལས་ཆེས་བཟོད་ མི་ཐུབ་པ་ནི་གླུ་བརྒྱ་ངག་གཅིག་གི་དུས་དེབ་དང་། སྙན་རྩོམ་སོགས་ རྩོམ་གྱི་གད་སྙིགས་མང་པོ་ཞིག་ཡོད་པ་དེ་རེད། མི་སྐད་ངོ་མའི་སྐད་ཆ་འགའ་རེ་ཡོད་འདུག་ཀྱང་དེ་དག་ནི་དཔར་གྲངས་་ཉུང་བས་ལགས་སོན་ཡོང་བ་ཤིན་ཏུ་དཀོན། ང་རང་དཔེ་ཁང་ནང་ དུ་འགྲོ་ཐེངས་རེ་རེར་སེམས་གཏིང་ནས་ཙག་ཤད་ཅིག་རྒྱུག་ཡོངས། དེ་ནི་དཔེ་ཁང་ནང་དུ་འགྲོ་ཐེངས་རེར་ཕལ་མོ་ཆེ་སྒྲུང་གཏམ་དང་།སྙན་རྩོམ་གྱི་ཀློང་དུ་མགོ་འཐོམ་འདུག་ལ། ཁོ་ཚོའི་ཉོ་བཞིན་པའང་ ལྷ་སྒྲུང་དང་། སྙན་དེབ་དག་ཡིན་པས་རེད། དེའི་ཁྲོད་ནས་བསམ་བློ་ གསར་པ་དང་བློ་འབྱེད་ཀྱི་དཔེ་དེབ་འགའ་རེ་འདུག་ཀྱང་དེ་དག་ནི་རིན་ཐང་ཅི་ཡང་མེད་པ་ལྟ་བུ་སྣང་ལ་ཉོ་མཁན་ཡང་མི་འདུག་གོ། འོན་ཀྱང་ཁོ་བོའི་གང་ཞིག་ཏུ་དཔེ་ཆ་གསར་པ་ཞིག་ཡོད་པ་དང་། སུ་ ཞིག་ལ་རྩོམ་དེབ་གསར་པ་ཞིག་ཡོད་པ་མཐོང་དང་ཐོས་པ་ན། ཐབས་ བརྒྱ་ཇུས་སྟོང་གིས་འཚོལ་ནས་མཐོང་ཐབས་བྱེད་པ་ཡིན་ལ། མ་ལྟས་ ན་བློ་མི་བདེ་ལ། ཡིད་མི་ཚིམས་པ་ཞིག་རེད། དེ་བས་ཡུལ་གང་དུ་སོང་ཡང་། མི་སུ་དང་འགྲོགས་ཀྱང་དཔེ་ཆ་ལྟ་ བ་ནི་བདག་གི་མདོར་དུ་མེད་པའི་གོམས་གཤིས་སུ་གྱུར་ཡོད། ང་ཚོའི་ གནས་བབས་དང་། སྐྱིད་སྡུག་གླེང་བ་ནི་ནམ་ཡང་བདག་གི་རེ་འདུན་ ནོ།། བདག་གིས་དཔེ་ཁང་ཉུལ་ཐེངས་རེ་རེར་སེམས་སུ་གཟོད་མེད་ཀྱི་ན་ཟུག་་གཅིག་འབར་ཡོང་། སྤྱིར་ན་མི་རིགས་སུ་ཞིག་ཡིན་ཡང་། བསམ་བློ་ དང་། སྤྱོད་པ་སོགས་ཚད་མཐོན་པོར་སླེབ་ཡོད་མེད་དཔེ་ཁང་ནང་ དུ་སོང་བས་ཤེས་པར་འགྱུར་བ་ཞིག་སྟེ། འཛམ་གླིང་གི་ཆེས་འཕེལ་ རྒྱས་ཆེ་བའི་ཡ་ཧུ་ད་པའི་མི་རིགས་ལ་མཚོན་ན། དཔེ་ཀློག་ནི་ཧ་ཅང་ གལ་ཆེན་དུ་འཛིན་པར་མ་ཟད། མི་གྲངས་ཉུང་ཤས་ལ་ཡང་དཔེ་མཛོད་ ཁང་རེ་ཡོད་པར་གྲགས་ཤིང་། དཔེ་ཀློག་ལ་ཧ་ཅང་མཐོང་ཆེན་བྱེད་ བཞིན་ཡོད་པ་རེད། འཕེལ་རྒྱས་ཀྱི་ཡང་རྩེར་སོན་པའི་སྟོབས་ལྡན་རྒྱལ་ཁབ་དེ་དག་གིས་་དཔེ་ཀློག་དང་། དཔེ་མཛོད། དཔེ་ཁང་སོགས་ལ་ལྟ་ཀློག་དང་། མཐོང་ ཆེན་བྱས་པས་སྟོབས་ལྡན་དང་། འབྱོར་ཕྱུག་ཅན་དུ་གྱུར་པ་ཤེས་ཐུབ། དངོས་ཡོད་ལོ་རྒྱུས་དེ་དག་ལ་བལྟས་ན་རང་ཅག་གི་དཔེ་ཀློག་དང་། དཔེ་ཁང་སོགས་ལ་མཐོང་ཆེན་ལྟ་ཚུལ་ཅི་འདྲ་ཞིག་ཡིན་པ་མཐོང་ཐུབ་ལ། དེ་དག་གིས་ང་ཚོའི་མི་རིགས་འདི་རྗེས་ལུས་ཡིན་པའི་གསལ་ཁ་ བྱས་འདུག་པ་མ་ཡིན་ནམ། ཞིང་ཧྭ་དཔེ་ཁང་དང་། སྒེར་གྱི་དཔེ་ཁང་སོགས་གང་དུ་སོང་ཡང་དཔེ་ ཀློག་དང་། དཔེ་ཆར་དོ་སྣང་མི་བྱེད་པའི་གནས་ཚུལ་འདི་དག་མཐོང་ དུས། བདག་གི་སེམས་པ་ན་ཟུག་གི་ཚོར་བས་མི་གཟེར་བའི་དུས་ཤིག་ ཕལ་ཆེར་ཡོད་མི་སྲིད་ལ། རྗེས་ལུས་དང་། བླུན་རྨོངས་ཀྱི་མི་རིགས་ ཞིག་གི་མ་འོངས་བར་ཡང་སེམས་ཁྲལ་ཞིག་གིས་རང་དབང་མེད་པར་ བསམ་བློ་རེ་གཏོང་དགོས་བྱུང་ངོ་། ། གཞན་ཡང་མི་རིགས་ལ་སེམས་ཁྲལ་དང་། འགན་འཁྲི་ཡོད་པའི་མི་ བུ་ཞིག་ཡོད་ན་ངེས་པར་དུ་འདི་ཕྱོགས་ལ་བསམ་བློ་རེ་མི་གཏོང་ཐུ་མེད་དུ་སྣང་ལ། འདིའི་ཕྱོགས་ལ་ནུས་ཤུགས་རེ་འདོན་རྒྱུ་ནི་ཧ་ཅང་གི་གལ་ཆེན་ ཞིག་རེད་འདོད། མི་རིགས་ལ་སྲི་ཞུ་སྒྲུབ་འདོད་ན་དེ་ལས་ལྷག་པ་ཞིག་ མི་འདུག་གོ། རང་རིགས་ཀྱི་མ་འོངས་བདེ་སྡུག་དང་མདུན་ལམ་ནི་དཔེ་ཀློག་དང་། དཔེ་ཁང་འདི་དག་ལ་འབྲེལ་བ་དམ་པོ་ཡོད་པ་ཡིན་པས་ན། དཔེ་ཀློག་ བྱེད་པ་དང། དཔེ་ཁང་འཛུག་པ་སོགས་ནི་ཧ་ཅང་རླབས་ཆེན་གྱི་བྱ་ གཞག་ཞིག་རེད། རང་རིགས་ཀྱི་མི་བུ་འགའ་རེས་སྒེར་གཉེར་དཔེ་ཁང་དང་། དཔེ་མཛོད་་ ཁང་སོགས་འཛུག་བཞིན་པ་མཐོང་ལ། དེ་ལ་ནི་བདག་གིས་ཡི་རང་ དང། ཡིད་སྨོན་གྱིས་དེ་དེ་བཞིན་ཧ་ཅང་ལེགས་སོ་ཞེས་མ་བཅོས་ སེམས་ཀྱིས་གཟེངས་བསྟོད་འབུལ་བ་ཡིན་ནོ།། གཞན་ཡང་བོད་མི་རིགས་མ་འོངས་ཡར་རྒྱས་ཡོངས་བར། དཔེ་ཀློག་ དང་། དཔེ་ཆ། དཔེ་ཁང་སོགས་ལ་མཐོང་ཆེན་དང་། དེའི་ཕྱོགས་ ལ་བསམ་བློ་གཏོང་བ་དང་། ནུས་ཤུགས་འདོན་རྒྱུ་ནི་གལ་ཆེན་ལགས་ པས་སྣང་ཆུང་མི་བྱེད་པར་ཞུའོ།།

                                        ༢༠༡༠/༡༡/༢༣












ངའི་མིག་དཔེ།










 ལུང་ཤར་བས་སྦར་བའི་བསམ་བློའི་མེ་སོན།

གཅིག

དེ་ཡང་དུས་རབས་ཉི་ཤུ་པའི་སྟོད་དུ་རྨོངས་ཞེན་གྱི་སྒྲོག་གིས་བཅིངས་པའི། བོད་གངས་ཅན་གྱི་མི་རིགས་འདི་ཆོས་མིན་སྲིད་མིན་གྱི་ལམ་ ལུགས་རྙིང་པ་ཞིག་གི་ཐོག་ནས། རྙིང་ཞེན་དང་། ཨུ་ཚུགས་ཀྱིས་ བསྐྱོད་བཞིན་པའི་སྐབས་སུ། ནུབ་ཕྱོགས་རྒྱུན་ཤེས་དང་ལྡན་པའི་མི་ རིགས་དག་གི་སྤྱི་ཚོགས་ཀྱི་དཔལ་ཡོན་དར་བའི་ཡང་རྩེར་སོན་པ་གཟིགས་་ཤིང་། རང་དབང་དང་། འདྲ་མཉམ། དམངས་གཙོའི་ལམ་བཟང་ ཐོག་མར་མཐོང་བའི་བོད་ཀྱི་བློ་འབྱེད་བསམ་བློ་བ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་མཆོག་གིས་བོད་ཀྱི་སྤྱི་ཚོགས་ཉམས་རྒུད་དང་། རྗེས་ལུས་ཀྱི་རྣམ་ པ་འདི་ཡར་རྒྱས་ཀྱི་ལམ་དུ་འགྲོ་དགོས་ན་རྨོངས་ཞེན་གྱི་དབང་དུ་སོང་ བའི་སྒེར་གཅོད་དབང་བསྒྱུར་གྲལ་རིམ་གྱི་ལམ་ལུགས་ངན་པ་ལེགས་་

 ལུང་ཤར་མཆོག་གི་ལོ་རྒྱུས་དངོས་《བོད་ཀྱི་ཤེས་ཡོན་ཅན་གྱི་མི་སྣ་གྲགས་ཅན་འགའི་མི་ཚེའི་བགྲོད་ ལམ་ཀྱག་ཀྱོག་》ཅེས་པ་དེར་དུམ་བུ་ཞིག་བཀོད་ཡོད་པས་དེར་གཟིགས། བཅོས་མ་བྱས་ཐབས་མེད་ཀྱི་བསམ་བློ་ཐུགས་ལ་འཁྲུངས་ཤིང་། རང་ དབང་དང་།དམངས་གཙོའི་ལམ་བཟང་བོད་ལ་སྤེལ་བའི་བསམ་བློའི་ 《སྐྱིད་ཕྱོགས་ཀུན་མཐུན་》ཞེས་པའི་གསང་བའི་ཚོགས་པ་ཞིག་བཙུགས་ ཏེ། བོད་ཡུལ་མུན་ནག་གི་ཡུལ་གྲུ་རུ་བློ་འབྱེད་ཀྱི་བསམ་བློའི་མེ་ཕུང་ ཞིག་སྦར་བའི་འཆར་གཞི་བཀོད། དེ་ནི་བོད་ཡུལ་ཀླ་ཀློ་དང་། མུན་ནག་གི་ཡུལ་དུ་རང་དབང་དང་། དམངས་ གཙོའི་ལམ་བཟང་གི་བསམ་བློའི་མེ་སོན་ཆེས་ཐོག་མར་བསོས་པའི་རླབས་ཆེན་གྱི་ཉིན་མོ་ཞིག་རེད། ཡིན་ནའང་། ཇི་སྐད་དུ། དགེ་ཆོས་ཀྱིས། “རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས། །གསར་པ་ཐམས་ཅད་ བདུད་ཀྱི་འཕྲུལ་དུ་སེམས། །ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་སྒོམ། ། ཆོས་ཀྱི་རྒྱལ་ཁམས་ཏྲི་བྷོ་ཊ་ཡི་སྲོལ་“ཞེས་པ་ལྟར། གང་ལའང་གནས་ ལུགས་མི་བརྩི་བའི་བླུན་རྨོངས་པ་དག་གིས། སྲོལ་རྙིང་ཡོད་ཚད་ ལེགས་ཉེས་མི་དཔྱོད་པར་ལྷ་ཡི་སྲོལ་དང་ཚད་མ་རུ་མཐོང་ཞིང་། གསར་ བྱུང་ཐམས་ཅད་བཟང་ངན་མི་བལྟ་བར་ཐན་དུ་མཐོང་ནས། དེ་དུས་ ཀྱི་སྒེར་གཅོད་བཀའ་ཤག་སྲིད་གཞུང་ལ། ཀ་ཤོད་ཆོས་རྒྱལ་ཉི་མ་ཞེས་

 ལུང་ཤར་ལས་འགུལ་ཡང་ཟེར། པས་《ལྐོག་ཞུས་》བྱས་པར་བརྟེན། ཁོང་གིས་ཇི་ལྟར་བདེན་དོན་དང་། གནས་ལུགས་བཤད་ཀྱང་མ་ཉན་པར། སྒེར་གཅོད་ཀྱི་སྲིད་དབང་ལ་ གནོད་པར་དོགས་ནས། 《སྐྱིད་ཕྱོགས་ཀུན་མཐུན་》གྱི་གསང་བའི་ ཚོགས་ པ་གཏོར་ཞིང་། ཁོང་གི་བློ་འབྱེད་ཀྱི་བསམ་བློ་དང་། རླབས་ཆེན་གྱི་སྦྱོར་ བ་ཕྲག་དོག་ཀྱི་ལྷགས་རླུང་རྩུབ་མོས་འཇོམས་པར་བྱས། དེ་ནི་འུ་ཅག་ གི་རིག་གནས་ལོ་རྒྱུས་ཁྲོད་ཆེས་ནོངས་འགྱོད་སྐྱེ་འོས་པའི་ཕམ་ཁ་ ཞིག་རེད། ད་དུང་ཁོང་ལ་ཨུ་རུ་སུའི་དམར་པོའི་ལམ་ལུགས་བོད་ལ་སྤེལ་རྩིས་ཀྱི་ནག་ཉེས་ཡོད་པར་ཉེས་འགེལ་བྱས་ནས། བོད་ཀྱི་ཤེས་ཡོན་ཅན་གྱི་སྤྱན་ མིག་སྟེ། ཁོང་གི་མིག་འབྲས་གཉིས་པོ་གྲི་རྒྱབ་སྟེ་དབྱུང་བར་མ་ཟད། ཁྲིམས་མུན་དུ་བཅུག་གོ། བླུན་རྨོངས་ཤེས་མེད་ཀྱི་གྲོང་རུང་མུན་ནག་ཏུ་འགྲེང་བའི་རྒྱུ་འབྲས་བློ་མིག་ལྡན་པའི་ཤེས་ཡོན་ཅན་གྱི་མི་བུ་ཞིག་དེ་ལྟར་འབུར་འཇོམས་བཏང་ བ་སྟེ། ཁྲག་གིས་རྫིས་པའི་ལོ་རྒྱུས་དེ་ནི་བོད་ཀྱི་རིགས་གནས་ལོ་རྒྱུས་ སྟེང་བྱུང་བའི་ཤེས་ཡོན་ཅན་གྱི་སྐྱོ་གར་རིང་མོ་ཞིག་མིན་པར་སུ་ཡིས་ བསྙོན། དུས་དེ་ནས་བཟུང་གདོལ་སྤྱོད་མཁན་དེ་དག་གིས་འཇིག་རྟེན་གྱི་འོད་་ དཀར་ལ་རྟག་ཏུ་འཐབས་ཤིང་། བླུན་རྨོངས་ཉམ་ཆུང་འབངས་མི་ རྣམས་མུན་ནག་ནས་མུན་ནག་དང་། ལོག་ལམ་ནས་ལོག་ལམ་དུ་ཁྲིད་ པ་རེད་དོ།། གཉིས། རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཡུས་ཏ་ཧྥུ་郁达夫ཡིས”རླབས་ ཆེན་གྱི་མི་སྣར་བརྩི་བཀུར་དང་། དགའ་ཞེན། ཡིད་སྨོན་བཅས་མི་བྱེད་ པའི་རྒྱལ་ཁབ་ནི་རེ་བ་མེད་པའི་བྲན་གཡོག་རྒྱལ་ཁབ་ཅིག་རེད། ”ཅེས་ གསུངས་པ་ལྟར་ལུང་ཤར་བའི་སྐྱོ་གར་དང་། ལས་སྐལ་ལ་བལྟས་ན་ ང་ཚོའི་མི་རིགས་འདི་རླབས་ཆེན་གྱི་མི་སྣར་བརྩི་བཀུར་དང་། དགའ་ ཞེན། ཡིད་སྨོན་བཅས་མི་བྱེད་པའི་བྲན་གཡོག་ལམ་ལུགས་སྐྱོང་བའི་ གདོལ་སྤྱོད་ཀྱི་མི་རིགས་ཤིག་ཡིན་པར་ར་སྤྲོད་བྱས་ཡོད་པ་མ་ཡིན་ནམ། དེ་ལས་ཀྱང་རླབས་ཆེན་གྱི་མི་སྣ་དམར་གསོད་བྱེད་པའི་ནག་ཉེས་མཁན་་ཡིན་པར་མཚོན་ཡོད་པ་མ་ཡིན་ནམ། འདི་ནི་ཞི་བདེའི་རིག་གནས་སྐྱོང་ཞིང་སྙིང་རྗེའི་མངའ་བདག་ཏུ་འདོད་ པའི་མི་རིགས་ཞིག་གི་བཟོད་ཐབས་མེད་པའི་ངོ་ཚ་ཆེན་པོ་ཞིག་རེད་

ཡུས་ཏ་ཧྥུ་郁达夫རྒྱ་ནག་གི་ཉེ་རབས་རྩོམ་པ་པོ་ཞིག་གོ། འདོད། འདི་ནི་མི་རིགས་ཤིག་གི་མཁས་མདོག་འཇོན་མདོག་གིས། དུང་ཞེན་དང་ཨུ་ཚུགས་རྐྱང་པས་གནས་ལུགས་ལ་རྒྱབ་ཀྱིས་ཕྱོགས་ཤིང་། དྲང་བདེན་ལ་རྡོག་བརྫིས་བཏང་སྟེ། ཆོས་མིན་སྲིད་མིན་གྱི་ ཟློས་གར་རྩུབ་མོས་རང་ཕུང་རང་བརླག་བྱེད་བཞིན་པའི་རང་མཚང་ཕྱིར་བུད་པ་ཞིག་རེད་འདོད། འདི་ནི་འགྲོ་བ་མིའི་ཐོབ་ཐང་དང་། འདྲ་མཉམ། རང་དབང་། དམངས་ གཙོའི་ཐབས་ལམ་སོགས་འཛམ་གླིང་སྤྱིའི་འགྲོ་ཕྱོགས་ལ་མཐོང་ཐོས་མྱོང་གསུམ་བྲལ་བས། བྲན་གཡོག་གི་ལྟ་བ་སོགས་ཀྱིས་རུལ་སུངས་ཀྱི་ སྤྱོད་པ་ཁོ་ན་སྐྱོང་བའི་བླུན་རྨོངས་སྒྱིད་ལུགས་ཀྱི་མི་རིགས་ཞིག་གི་རང་་སྐྱོན་ངོ་མ་ལྷང་ལ་བུད་པ་ཞིག་རེད་འདོད། གང་ལྟར་འདི་ནི་བསམ་ཤེས་ཅན་གྱི་མི་བུ་ངོ་མ་ཞིག་ཡིན་ཕྱིན་སེམས་པ་སྐྱོ་གདུང་གི་ལྕིད་ཀྱིས་གནོན་པའི་ལོ་རྒྱུས་ཀྱི་སྐྱོ་གར་ཞིག་རེད་ལ། གནས་ལུགས་དང་། དྲང་བདེན་དཔང་པོར་འཇོག་པའི་སྐྱེ་བོ་དག་གི་ རྗེད་དུ་མེད་པའི་ཕམ་ཁ་ཆེན་པོ་ཞིག་གོ། དོན་ངོ་མར་བླུན་ཞིང་རྨོངས་པའི་མི་རིགས་ཞིག་གིས་ནོར་བུ་རང་ལག་ཏུ་ཡོད་ཀྱང་ནོར་ངོ་མ་ཟིན་པར་གད་སྙིགས་ཁྲོད་དུ་དོར་བའི་ནོར་འཁྲུལ་ཚབས་ཆེན་ཞིག་ཡིན་ཞིང་། ཕྱིས་བྱུང་རྣམས་ཀྱིས་འགྱོད་གདུང་དྲག་ པོ་སྐྱེས་ཀྱང་ཐབས་ཞིག་གང་ནས་འཚོལ། ཁོང་སྐུ་བཞུགས་རིང་ལ་དགའ་ཞེན་དང་། བརྩི་བཀུར་བྱེད་མཁན་ མེད་ལ། ལྷག་ཏུ་དེ་དུས་ཀྱི་ཆོས་སྲིད་གཉིས་ཀྱི་མངའ་བདག་དང་། ས་སྐྱོང་ཆེན་མོ་རུ་འདོད་པ་དེ་དག་གི་བསམ་སྤྱོད་ལ་ཕྱིར་བལྟས་རེ་བྱས་ན། ཁོ་ཚོའི་དོན་དངོས་གོང་གི་དེ་དག་ལས་ལྡོག་ཕྱོགས་ཀྱི་〔ལུག་སྤགས་ གྱོན་པའི་སྤྱང་ཀིའི་〕ངོ་གདོང་འཇིགས་སུ་རུང་བ་ཞིག་མཐོང་མི་ཡོང་ངམ། གསུམ། ད་ལྟ་ང་ཚོའི་འདས་པའི་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གྲགས་ཅན་དག་གི་སྐྱོ་གར་ལ་ཕྱིར་མིག་བྱས་ཏེ། ནོར་འཁྲུལ་དང་། ནག་ཉེས་ལ་འགྱོད་བཤགས་ བྱེད་ཅིང་། ལེགས་བཅོས་བྱེད་པའི་སྤོབས་སེམས་འཆང་ནས། ལུང་ ཤར་རྡོ་རྗེ་ཚེ་རྒྱལ་མཆོག་གི་བསམ་བློའི་མེ་སོན་སླར་གསོ་བྱེད་པ་དང་། དུས་རབས་ཉེར་གཅིག་པའི་བོད་གངས་ཅན་གྱི་སྤྱི་ཚོགས་ཁྲོད་དུ་ཁོང་་གི་རེ་བའི་དམིགས་ཡུལ་ངོ་མ་མངོན་འགྱུར་ཡོངས་བའི་འབད་པ་རྒྱུན་་འཁྱོང་བྱེད་པ་དང་སྦྲག ཁོང་གི་རླབས་ཆེན་གྱི་བསམ་སྦྱོར་ལ་རྗེས་ དྲན་ཞུ་ཞིང་། ནོར་འཁྲུལ་གྱི་ནག་ཉེས་ལ་འགྱོད་བཤགས་བྱས་ཏེ་ཕྱིར་ བཅོས་བྱེད་པ་དང། ཕྱིན་ཆད་ནོར་འཁྲུལ་གྱི་ནག་ཉེས་དེ་རིགས་མི་ བྱེད་པའི་དམ་བཅའ་འཇོག་དགོས་པ་ཞིག་རེད་འདོད། སྐབས་འདིར་བདག་གིས་ཨུ་རུ་སུའི་ཤེས་ཡོན་ཅན་གྱི་མི་སྣ་གྲགས་ཅན་ཞིག་གི་སྐྱོ་གར་གྱི་ལོ་རྒྱུས་ཡིད་ལ་དྲན་འོང་། ཁོང་གི་མིང་ལ་ཕུའུ་ཞི་ཀིནA.Spushkin.ཟེར་ཞིང་ཨུ་རུ་སུའི་རྩོམ་རིག་གི་རྨང་འདིང་མཁན་ཡིན་ལ། 《ཨུ་རུ་སུའི་རྩོམ་རིག་གི་ཕ་ཡབ་》ཅེས་འབོད། ཁོང་གིས་དེ་དུས་སྲིད་དབང་གདུག་རྩུབ་ཅན་ལ་ངོ་རྒོལ་ བྱས་ཤིང་། རང་དབང་དང་། དམངས་གཙོའི་ལམ་བཟང་ལ་བསྟོད་ པ་ཚད་མེད་བྱས་པ་བརྒྱུད། མཐར་རུལ་སུངས་ཀྱི་སྤྱོད་ངན་འཆང་ མཁན་དག་གི་ལྐོག་གཡོ་ངན་འཕྲུལ་འོག་སྐུ་གཤེགས། ཁོང་འཇིག་རྟེན་མི་ཡུལ་དང་ཁ་བྲལ་ཡང་། ཁོང་གི་བླ་ན་མེད་པའི་ བསམ་བློ་དང་། མི་གཞི། སྤྱོད་པ་སོགས་ནི་ནམ་ཡང་ཉམས་པ་མེད་ པར་རྡོ་ལ་རི་མོ་བརྐོས་པ་བཞིན་དུ་ཕྱི་རབས་ཀྱི་མི་བུ་དག་གི་སེམས་་ ཁུང་དུ་གསལ་ལྷང་ངེར་གནས་ཡོད། བལྟས་ཡོང་ནས་ང་ཚོའི་རིག་གནས་ལོ་རྒྱུས་སྟེང་གི་མི་སྣ་གྲགས་ཅན་ ལུང་ཤར་བའི་སྐྱོ་གར་དེ་དང་། ཨུ་རུ་སུའི་ལོ་རྒྱུས་ཁྲོད་ཀྱི་ཕུའུ་ཞི་ཀིན་

ཕུའུ་ཞི་ཀིནA.Spushkinཨུ་རུ་སུའི་རླབས་ཆེ་བའི་སྙན་ངག་མཁན། བརྩམས་ཆོས་《རང་དབང་ ལ་བསྟོད་པ་》སོགས་འདུག་གོ། གཉིས་ཀྱི་ལས་སྐལ་ཕལ་ཆེར་གཅིག་མཚུངས་རེད། ད་ལྟ་གོང་གི་དེ་དང་འདྲ་བར་ལུང་ཤར་མཆོག་ང་ཚོ་དང་ཁ་བྲལ་ནས་མི་ལོ་དེ་འདྲ་མང་པོ་ཞིག་ཕྱིན་སོང་ཡང་། ཁོང་གི་བླ་ན་མེད་པའི་བསམ་ སྦྱོར་གྱི་རིན་ཐང་ནི་ང་ཚོ་བསམ་ཡོད་སུས་ཀྱང་སེམས་ལ་ཁྲིགས་སེ་ཡོད་པ་ཞིག་ལུས་ཡིན། འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་འགྱུར་ཁྲོད་བལྟས་་ན་སྐྱོ་གར་དང་། ཕམ་ཉེས། ནོར་འཁྲུལ་ཅི་རིགས་བྱུང་མྱོང་ཡོད་ལ། བྱུང་ཚར་བའི་རྗེས་སུ་ནོར་འཁྲུལ་ངོས་ཟིན་ཐོབ་ཏེ་ཕྱིན་ཆད་དེ་ལྟ་བུའི་་ལམ་དུ་མི་གོལ་བའི་ཉམས་མྱོང་ནི་ལེགས་གྲུབ་ཡོངས་བའི་རྩ་བར་ངོས་ ཟིན་ཐོབ་པའོ།། བཞི། དུས་རབས་ཉེར་གཅིག་པའི་ནང་སྔོན་ཆད་དང་བསྡུར་ན། ཁྱོན་ཡོངས་ ནས་ཕྱི་དངོས་པོའི་ལོངས་སྤྱོད་དང་། ནང་བསམ་པའི་དཔལ་ཡོན་སོགས། ཕྱོགས་གང་ཐད་ནས་ཡར་རྒྱས་ཅུང་ཟད་ཕྱིན་ཡོད་ལ། ལྷག་པར་དུ་ ན་གཞོན་རྟོགས་སད་པ་འགའ་རེའི་བོད་ཀྱི་ཤེས་ཡོན་ཅན་གྱི་མི་སྣ་གྲགས་་ ཅན་དག་ལ་མཐོང་ཆེན་དང་། བརྩི་བཀུར། དགའ་ཞེན་གྱིས་ཞིབ་ འཇུག་དང་རྟོག་དཔྱོད་བྱེད་པའི་འགོ་བརྩམས་ཤིང་། བསམ་གཞིག་ སྐོར་གྱི་རྩོམ་ཡིག་མང་པོ་ཞིག་ཀྱང་སྤེལ་དང་སྤེལ་བཞིན་འདུག ཡིན་ནའང་། ད་དུང་སེམས་སྐྱོ་བ་ཞིག་ལ་བོད་ཀྱི་ཤེས་ཡོན་ཅན་གྱི་ མི་སྣ་གྲགས་ཅན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་མཆོག་གི་ལོ་རྒྱུས་དང་། བསམ་ བློ། སྤྱོད་པ་སོགས་ལ་ཞིབ་འཇུག་བྱེད་མཁན་ཧ་ཅང་ཉུང་ལ། ལྷག་ ཏུ་ཁོང་གི་རླབས་ཆེན་གྱི་བསམ་སྦྱོར་ལ་རྗེས་དྲན་གྱི་རྩོམ་ཡིག་ཞིག་ཀྱང་་འབྲི་མཁན་མེད་པས་ཁོ་བའི་སེམས་པ་སྐྱོ་གདུང་གི་ཚོར་བས་ནོན་པར་་གྱུར། དེ་དག་ལ་བལྟས་ན་ང་ཚོའི་ད་དུང་ཤེས་ཡོན་ཅན་གྱི་སྡེ་ལ་ལྟ་ཚུལ་ལེགས་ པོ་ཞིག་ཆགས་ཐུབ་མེད་པ་ཤེས་ཐུབ་པར་མ་ཟད། རྗེས་ལུས་བླུན་རྨོངས་ ཀྱི་མུན་པའི་ར་བ་ལས་བརྒལ་ཐུབ་མེད་པ་གསལ་པོ་རེད། སྔོན་འདས་ཀྱི་ལོ་རྒྱུས་ལ་ཕྱིར་རྟོག་དང་། གྲགས་ཅན་མི་སྣ་དག་ལ་ ཞིབ་འཇུག་བྱེད་པ་ནི་ལོ་རྒྱུས་རྒྱུས་ལོན་དང་། མི་སྣ་འཚོལ་རྟོག་བྱེད་པ་ ཙམ་མ་ཡིན་པར། གྲགས་ཅན་མི་སྣའི་བརྗེད་དུ་མེད་པའི་ལོ་རྒྱུས་ཀྱི་ ཕམ་ཁ་དང་། སྐྱོ་གར་དེ་དག་གི་ཉམས་མྱོང་ལེན་པ་དང་། ཤེས་ཡོན་ ཅན་དེ་དག་གི་རླབས་ཆེན་གྱི་སྙིང་སྟོབས་དང་། ཕུགས་བསམ་ལས་ བཅུད་བཟང་ལེན་པ་ནི་ང་ཚོའི་མ་འོངས་འཕེལ་འགྱུར་ཁྲོད་ལེགས་གྲུབ་ཡོང་བའི་རྩ་བ་ཡིན། དེ་བས་ཤེས་ཡོན་ཅན་གྱི་བསམ་བློའི་སྙིང་སྟོབས་དང་། མི་གཞི་སྤྱོད་ པ་སོགས་ལས་ལེགས་ཆ་ཇི་སྙེད་གཅིག་“ཚུར་ལེན་“བྱ་རྒྱུ་ནི་བསམ་བློའི་འཚོ་བཅུད་ཀྱིས་དབུལ་བའི་ང་ཚོར་མཚོན་ན་དགོས་ངེས་ཞིག་རེད་འདོད་དོ།། ལྔ། མཇུག་ཏུ་རྗེས་ལུས་ཀྱི་མུན་ཁྲོད་དུ་བསམ་བློའི་མེ་སོན་ཆེས་ཐོག་མར་སྦར་བའི་བོད་ཀྱི་ཤེས་ཡོན་ཅན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ཁོང་ལ་རྗེས་དྲན་ཞུ་བ་དང་ལྷན་དུ། མདུན་བསྐྱོད་ཀྱི་ལམ་བུ་གཅིག་པའི་ན་གཞོན་ རྣམས་ལ་ཁོང་གི་སྙིང་སྟོབས་དང་། མི་གཞི། མཛད་སྤྱོད་སོགས་ལ་སློབ་ སྦྱོང་མཛོད་ཅེས་འབོད་སྐུལ་ཞུ་བ་ཡིན་ལ། དེ་ནི་རྗེས་ལུས་ཀྱི་མུན་པར་ འཕྱན་པའི་མི་རིགས་ཤིག་ལ་མཚོན་ན་ལམ་འཚོལ་གྱི་དཔལ་འབར་བརྟེན་པ་དང་གཉིས་སུ་མ་མཆིས་པས་སོ།། མཚམས་འདི་ནས་ལུང་ཤར་མཆོག་གི་བཙོན་ནས་བླངས་པའི་“མགུར་གླུ་“ཚན་པ་ཞིག་ངོ་སྤྲོད་ཞུས་ཏེ་རྩོམ་ཐུང་འདིའི་མཇུག་བསྡུ་རྒྱུ་ཡིན། མགུར་གླུ་ཚན་པ་འདིའི་ཁོང་གི་སྙིང་སྟོབས་དང་། མི་གཞི། བསམ་ བློ་སོགས་ཀྱི་རིན་ཐང་གི་ངོས་ཟུར་འགའ་རེ་མཐོང་སྲིད་སྙམ། མགུར་གླུ་ནི་འདི་ལྟ་སྟེ། སྐྱིད་ཕྱོགས་ཀུན་དགེའི་བྱ་བ་འགའ་རྩོམ་ཚེ།། བར་ཆད་སྤྲིན་ནག་དྲག་པོའི་ཀློང་དུ་ཚུད།། དེ་དུས་གཤེད་མ་བརྒྱ་ཕྲག་མཐའ་ནས་བསྐོར།། རྩུབ་མོའི་ཚིག་བཅས་མིག་གཉིས་ས་ལ་དབྱུངས།། ཆུ་བུར་མིག་གཉིས་ས་ལ་དབྱུངས་ན་ཡང་།། ཡེ་ཤེས་སྤྱན་རས་འདི་ལ་དབྱུངས་ཐབས་ཅི།། མིག་ལོང་རྟག་ཏུ་མུན་པའི་རང་བཞིན་ལ།། བཙོན་ཁང་མུན་ནང་འཇུག་པ་ཨེ་མ་མཚར།། བསགས་པའི་རྒྱུ་ནོར་གཞན་གྱིས་འཕྲོག་ན་ཡང་།། འཕགས་པའི་ནོར་བདུན་འདི་ལ་འཕྲོག་ཐབས་ཅི།། གཞན་གྱིས་བཙོན་ཁང་མུན་པ་གཏིང་རིང་ཟེར།། རང་སྣང་འོད་གསལ་ཀློང་ཡངས་ཕུག་པ་ནས།། སྙོམས་ལས་འདི་གསུམ་བཀའ་འབངས་ལུང་ཤར་བ།། རྡོ་རྗེ་ཚེ་རྒྱལ་ཞེས་པས་ཕྱག་བཅས་ཕུལ།། ཅེས་སོ།། ༢༠༡༠/༦/༢༥


བོད་ཀྱི་ཤེས་ཡོན་ཅན་གྱི་ལས་སྐལ།

༡ ཤེས་ཡོན་ཅན་ཞེས་པ་ནི་མི་བུ་རང་ཚུགས་ལྡན་པ་ཞིག་དང་། བདེན་ པ་འཚོལ་ཞིང་རྫུན་པ་ལ་རྒོལ་བའི་སྙིང་སྟོབས་ཡོད་ཅིང་། འགན་འཁྲིའི་ འདུ་ཤེས་ལྡན་པ། སྤྱི་སེམས་ཡོད་པ་ཞིག་ལ་བརྗོད་བཞིན་ཡོད། ཤེས་ ཡོན་ཅན་ཞེས་པའི་མིང་འདི་ཐོག་མར་ཧྥ་རན་སི་དང་། ཨུ་རུ་སུ་ སོགས་ཕྱིའི་རྒྱལ་ཁབ་དག་ལས་རིམ་བཞིན་དར་བ་ཞིག་ཡིན་པར་འདོད། སྤྱིར་ཤེས་ཡོན་ཅན་གྱི་མཁས་པར་རིགས་གཉིས་སུ་དགར་ཏེ་ཨུ་རུ་སུའི་ཤེས་ཡོན་ཅན་ཧིར་ཟིན་A.I.Herzin.ལགས་ཀྱིས་བཤད་ཡོད་དེ། གཅིག རིང་ལུགས་གང་རུང་ཞིག་གི་ནང་དུ་བྱ་བ་སྣ་ཚོགས་སྤེལ་བའི་མཁས་པ་དང་། གཉིས། བློ་འབྱེད་ཀྱི་བསམ་བློ་གསར་པའི་སྒྲོན་མེ་སྦར་བའི་ མཁས་པའོ།། དེ་གཉིས་ལས་རང་རིགས་ལ་བལྟས་ན་བོད་ཀྱི་ཤེས་ཡོན་ཅན་ཕལ་ཆེ་བ་གོང་གི་རིགས་དེར་འདུ་ལ། ཕྱི་མ་དེའི་རིགས་སུ་འདུ་བའི་ཤེས་ ཡོན་ཅན་ཧ་ཅང་ཉུང་ཉུང་རེད། དེ་ནི་མི་གཞི་དང་། བསམ་བློ་ལྡན་ པའི་ངེས་པ་དོན་གྱི་ཤེས་ཡོན་ཅན་ཡིན་པས་རེད། སྤྱི་ལོ་༨༤༡ལོར་བཙན་པོ་ཁྲི་རལ་པ་ཅན་བཀྲོངས་ཤིང་འུ་དུམ་བཙན་པོའི་སྲིད་དབང་བཟུང་བ་དང་། བློན་པོ་ཆོས་ལ་མི་དགའ་བ་དག་དང་ ལྷན་དུ་བསྡོངས་ནས་ཆོས་སྣུབས་པ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེས་ མདའ་མོ་གཅིག་གིས་འུ་དུམ་བཏུལ་ཞིང་། དེ་རྗེས་བོད་ཀྱི་རྒྱལ་སྲས་ མངའ་བདག་འོད་སྲུང་དང་ཡུམ་བརྟེན་གཉིས་མ་འཆམས་པར་འཁྲུགས་རྩོད་བྱུང་བའི་སྐབས་དང་བསྟུན་ནས་འབངས་གྱེན་ལོག་བྱུང་ཏེ། བཙན་ པོའི་རྒྱལ་ཁབ་འཐོར་ཞིག་ཏུ་གྱུར་པ་ནས་བཟུང་ཤེས་ཡོན་ཅན་ལ་བཟུང་བའི་ལྟ་ཚུལ་ཇེ་སྡུག་ཏུ་ཕྱིན་ཞིང་། ལྷག་པར་དུ་དུས་རབས་བཅུ་དགུ་ པ་དང་། ཉི་ཤུ་པའི་ཡས་མས་སུ་ཧ་ཅང་ཚབས་ཆེན་དུ་གྱུར་པ་དང་། གདོལ་སྤྱོད་ཀྱི་དབང་ཤེད་ལ་བརྟེན་ནས་དཔེ་མི་སྲིད་པའི་སྡུག་གྱོང་དང་ མནར་གཅོད་གང་འདོད་དུ་བཏང་བ་རེད། བོད་ཀྱི་ཤེས་ཡོན་ཅན་གྱི་ལས་སྐལ་ཡང་རིམ་བཞིན་“སུ་ལེན་“གྱི་ཤེས་ཡོན་ ཅན་དག་དང་འདྲ་བར་སྐྱོ་གར་རིང་མོ་ཞིག་བརྒྱུད་འགོ་བརྩམ། ༢ ང་ཚོའི་ལོ་རྒྱུས་ཁྲོད་ཕྱིར་ལྟ་བྱས་ཏེ་ཤེས་ཡོན་ཅན་གྱི་མི་ཚེ་དང་། ལས་ སྐལ་ལ་བལྟས་ན་ངེས་པ་དོན་གྱི་ཤེས་ཡོན་ཅན་ཅི་འདྲ་ཞིག་ཡིན་པ་གསལ་པོར་རྟོགས་ངེས། འཛམ་གླིང་གི་ཤེས་ཡོན་ཅན་གྱི་མི་སྣ་གང་མང་ཞིག་ ཆབ་སྲིད་ཀྱི་གནོན་ཤུགས་འོག་མནར་གཅོད་མྱང་ཡོད་ལ། ང་ཚོའི་ མི་རིགས་འདིའི་སྔོན་འདས་ཀྱི་ལོ་རྒྱུས་ནང་ལའང་། དེ་དང་འདྲ་བའི་ དབང་ཤུགས་ཀྱིས་ཆབ་སྲིད་འོག་མནར་གཅོད་མྱང་བ་དང་། ཐ་ན་ གཅེས་པའི་ཚེ་སྲོག་གཏའ་མར་གཞོག་མྱོང་བའི་ཤེས་ཡོན་ཅན་ཡང་བྱུང་མྱོང་ཡོད་ལ། ད་དུང་ཡང་ཆབ་སྲིད་ཀྱི་གནར་གཅོད་འོག་ནས་ ཐར་ཐུབ་མེད། རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་བོད་མི་རིགས་ཀྱི་མ་འོངས་མདུན་ལམ་ལ་དམིགས་ནས་ཐབས་གང་དྲག་གིས་ལམ་ལུགས་བཅོས་བསྒྱུར་གྱི་བྱ་བ་སྣ་ཚོགས་སྤེལ་ཡང་། གདོལ་སྤྱོད་དབང་བསྒྱུར་ མཁན་གྱི་ལག་འོག་ནས་ཇི་བཞིན་འགྲུབ་ཏུ་མ་བཅུག་པར་གླེང་ཕྱོགས་དང་། གནས་དབྱུང་གཏོང་བ་སོགས་ཀྱིས་འགོག་རྐྱེན་བཟོས་པར་མ་ ཟད། མི་ཡུལ་ས་མཐར་བསྐྲད་པ་རེད། དེར་བླུན་པོ་དག་གིས་ཇི་མི་སེམས་ནའང་། ཤེས་ཡོན་ཅན་ཞིག་ལ་ མཚོན་ན་སེམས་པ་སྐྱོ་གདུང་གི་ལྕིད་ཀྱི་གནོན་པོའི་སྐྱོ་གར་ཆེན་པོ་ཞིག་རེད། དེ་རྗེས་བོད་ཀྱི་གདོལ་སྤྱོད་པའི་དབང་ཤེད་ཀྱི་གདུག་རྩུབ་གང་སར་ཁྱབ་པའི་དཀའ་སྡུག་གི་ལོ་ཟླ་ནག་པོ་དེའི་ཁྲོད་ནས་ལུང་ཤར་རྡོ་རྗེ་ཚེ་རྒྱལ་སྐྱེས་ཤིང་། སྤྱི་ལོ་༡༩༡༣ལོར་དབྱིན་ཇིར་སློབ་སྦྱོང་ལ་སོང་། འཕེལ་རྒྱས་ཆེ་བའི་ནུབ་ཕྱོགས་རྒྱལ་ཁབ་དག་གི་ངོ་མཚར་ལྟད་མོ་རྣམས་མཐོང་ནས། བོད་མི་རིགས་ནུབ་ཕྱོགས་རྒྱལ་ཁབ་དག་དང་འདྲ་བར་ འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས་ན། ངེས་པར་དུ་གུ་དོག་པའི་སྲིད་ ལུགས་ལེགས་བཅོས་དགོས་པའི་ངེས་ཤེས་གསལ་པོར་རྙེད། ཕྱིར་རང་ཡུལ་དུ་ལོག་ནས་དམངས་གཙོའི་ལམ་ལུགས་དང་མཐུན་ པའི་《སྐྱིད་ཕྱོགས་ཀུན་མཐུན་》ཞེས་པའི་གསང་བའི་ཚོགས་པ་ཞིག་བཙུགས་ ཏེ་བོད་ཡུལ་བཅོས་བསྒྱུར་གྱི་བྱ་བའི་འཆར་གཞི་བཀོད་ནའང་གསང་་བ་ཕྱི་རུ་ཤོར་ཏེ། དེ་དུས་གདུག་རྩུབ་ཀྱི་སྲིད་དབང་བཟུང་བའི་བཀའ་ ཤག་སྲིད་གཞུང་གིས་ལྟ་བ་དང་མ་མཐུན་པས་གདུག་རྩུབ་ཀྱི་ཁྲི་མུན་དུ་བཅུག་པ་དང་། ཁོང་གིས་ཇི་ལྟར་གསལ་བཤད་བྱས་རུང་མ་ཉན་ པར། ད་དུང་མ་ཉེས་ཁ་ཡོག་ཅི་རིགས་བཀལ་ཏེ་མཐར་ཁོང་གི་མིག་ རིལ་གཉིས་པོ་ཡང་སར་དབྱུང་བར་མ་ཟད་ཁྲི་མུན་དུ་བཅུག དེ་ནི་ བོད་ཀྱི་ཤེས་ཡོན་ཅན་གྱི་སྐྱོ་གར་ཆེས་ཆེ་བ་ཞིག་རེད། ༣ དུས་རབས་ཉི་ཤུ་པའི་སྟོད་དུ་བོད་ཀྱི་ཆབ་སྲིད་དབང་ཤུགས་ལ་བརྟེན་ནས་བཟུང་ཡོད་པར་བརྟེན། སྲིད་དབང་འཕྲོག་རེས་ཀྱི་འཐབ་རྩོད་ ཆེས་ཆེར་ལྡང་ཞིང་། གཡོ་རྫུན་གྱིས་འཁོར་ལོ་བསྐོར་བ་དང་། གདོལ་ སྤྱོད་ཀྱི་རླབས་རྒྱུན་ཆེས་ཆེར་མཆེད་པའི་དུས་སྐབས་དེར། དགེ་འདུན་ ཆོས་འཕེལ་གྱིས་མི་རིགས་ཀྱི་འགན་འཁྲི་ཕྲག་ཏུ་ཁྱེར་ནས། རྒྱལ་ཁམས་ རིག་པས་སྐོར་ཞིང་བདེན་སྐྱོང་རྫུན་གཏོར་གྱི་སྙིང་སྟོབས་ཀྱིས། བོད་ ཀྱི་སྤྱི་ཚོགས་དེང་རབས་ཀྱི་རྣམ་པ་ཅན་དུ་བསྒྱུར་བར་སྲིད་ལུགས་ལེགས་་བཅོས་དགོས་པའི་བསམ་བློ་ཐུགས་ལ་འཁྲུངས་ཤིང་། སྤོབས་པ་ཆེན་ པོས་ཕྱིར་རང་ཡུལ་དུ་འཁོར་ཏེ། ཆོས་མིན་སྲིད་མིན་གྱི་ལམ་ལུགས་ སྐྱོང་བའི་ཤེས་མེད་བླུན་རྨོངས་དག་གི་མདུན་དུ་ཁོང་གི་ལྟ་ཚུལ་བརྗོད་པའི་ཚེ། “ལྟ་ལོག་“དང་། “སྨྱོན་པ་“སོགས་ཀྱི་“ཞྭ་མོ་“གཡོགས་ཏེ་ བཙོན་དུ་བཅུགས་པར་མ་ཟད་འཇིག་རྟེན་མི་ཡུལ་ནས་བསྐྲད་པ་རེད། ཤེས་ཡོན་ཅན་གྱི་ལས་སྐལ་ནི་དེ་ལྟར་སྐྱོ་གར་ཞིག་ཡིན་ལ། ལྷག་ཏུ་དགེ་ ཆོས་ཀྱི་མི་ཚེ་དང་ལས་སྐལ་ནི་སྐྱོ་གར་རིང་མོ་ཞིག་ཡིན་པར་མ་ཟད། ང་ཚོའི་མི་རིགས་འདིའི་བརྗེད་དཀའ་བའི་སྐྱོ་གར་ཞིག་གོ། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པར། སྐུ་ཞབས་རང་གྲོལ་ གྱིས་བོད་ཀྱི་རྩོམ་རིག་ཡར་རྒྱས་དང་། གསར་གཏོད་ཀྱི་ཐད་ཕུལ་དུ་ བྱུང་བའི་བའི་བྱས་རྗེས་བཞག་ཡོད་ལ། ཁོང་གི་མི་ཚེ་ཐུང་ངུའི་ནང་ དེང་རབས་སྤྱི་ཚོགས་ཀྱི་སྲོག་གི་དབང་པོ་ཞུགས་པའི་རྩོམ་ཡིག་གང་་མང་བྲིས་ཤིང་། ལྷག་ཏུ་དེངས་རབས་རྣམ་པ་ཅན་གྱི་རྩོམ་རིག་གསར་ གཏོད་གནང་བ་དང་། རྙིང་ཞེན་དང་། བག་འཁུམས། རྗེས་ ལུས་ཀྱི་མི་རིགས་འདིའི་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁྱེར་ཏེ། “མཚར་ སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་“བའི་ངེས་ཤེས་རྙེད་ནས། ལོག་སྤྱོད་དང་མུན་ནག་གི་རང་བཞིན་ཅན་ གྱི་“རྐང་ལམ་“ཁོ་ན་འདེད་པ་ལས། བོད་མིའི་སྤྱི་ཚོགས་འདི་འཛམ་ གླིང་སྤྱི་དང་མཐུན་པའི་རིག་གནས་གསར་པ་དང་། སྤྱི་ཚོགས་གསར་ པའི་“གཞུང་ལམ་“ཆེན་མོ་འདེད་ཐུབ་པའི་རེ་ལྟོས་ཆེན་པོ་བྱས་ཀྱང་། ང་ཚོའི་གུ་དོག་པའི་རྙིང་རོལ་སྤྱི་ཚོགས་ཀྱི་ཁོར་ཡུག་དེར། ཁོང་གི་ བསམ་སྦྱོར་རླབས་ཆེན་དེ་ཇི་བཞིན་འགྲུབ་པའི་གནས་མེད་པར། དངོས་ ཤུགས་གང་རུང་ནས་བཀག་འགོག་བྱས་པའི་རྐྱེན་དང་། ལྷག་པར་ དུ་རྗེས་ལུས་དང་། ཉམས་རྒུད་ཀྱི་མུན་ནག་ཏུ་གོག་འགྲོས་བྱེད་བཞིན་ པའི་མི་རིགས་འདི་ལ། སེམས་ཁྲལ་གྱི་ན་ཟུག་ལྕི་མོ་ཞིག་གིས་སྐུལ་ཏེ། རྟོགས་སད་ཀྱི་ཅོང་བརྡ་ཞིག་གི་ཆེད་དུ་རང་སྲོག་བློས་གཏང་བ་རེད། མིའི་རིགས་ཀྱི་རིག་གནས་དང་། བསམ་བློ་ཡར་རྒྱས་མ་བྱུང་བ་དེ་སྲིད་ དུ་མིའི་སྤྱོད་པ་ནི། གདོལ་སྤྱོད་དང་། ནོར་འཁྲུལ་གྱི་རང་བཞིན་ཡིན་ ལ། མིའི་གདོལ་སྤྱོད་དང་། ནོར་འཁྲུལ་ཇི་ལྟར་ཤུགས་ཆེ་བ་དེ་སྲིད་ དུ་ཤེས་ཡོན་ཅན་གྱི་ལས་སྐལ་ནི་མནར་གཅོད་དང་། སྐྱོ་གར་གྱི་རང་ བཞིན་ནོ།། ༥ བོད་མི་རིགས་ཀྱི་བསམ་བློ་གུ་དོག་པོས། ཆོས་མིན་སྲིད་མིན་གྱི་ལམ་ ལུགས་ངན་པ་ཨུ་ཚུགས་འཁྲིག་འཛིན་གྱིས། ཀླ་ཀློ་དང་མུན་ནག་གི་ ཀློང་ནས། བོད་ཀྱི་ཤེས་ཡོན་ཅན་གྱི་སྙིང་སྟོབས་དང་། འཚོ་གནས་ཡང་ དག་པའི་ལམ་དུ་ལེགས་བཅོས་བྱེད་པའི་བསམ་སྦྱོར་རླབས་ཆེན་དེ་དག་འགྲུབ་ཏུ་མ་བཅུག་པར། ཤེས་ཡོན་ཅན་དེ་དག་ལ་ལྟ་ཚུལ་ངན་པས་ ཆབ་སྲིད་ཀྱི་བཙོན་དུ་བཅུགས་ཤིང་། མནར་གཅོད་ཚད་མེད་བཏང་ ཡོད་ལ། ཐ་ན་ཤེས་ཡོན་ཅན་དེ་དག་གི་ཚེ་སྲོག་ཡང་ཇི་མི་སྙམ་པར་ འཕྲོག་ཅིང་། རང་མི་རིགས་ཀྱི་བླུན་རྨོངས་གདོལ་སྤྱོད་ཀྱིས་བོད་ཀྱི་ ཤེས་ཡོན་ཅན་གྱི་ལས་སྐལ་ནི་སྐྱོ་གར་ཞིག་ཏུ་བསྒྱུར་བ་རེད། ༢༠༡༡/༥/༡༡


བོད་ཀྱི་ཤེས་ཡོན་ཅན་གྱི་མི་སྣ་གྲགས་ཅན་ འགའི་མི་ཚེའི་བགྲོད་ལམ་ཀྱག་ཀྱོག

༡ རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ། རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ནི། ཡབ་ཀུན་དགའ་ རིན་ཆེན་དང་ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་བྱི་༡༨༧༦ལོར་དྭགས་པོ་གླང་མདུན་དུ་སྐུ་འཁྲུངས། ཐོག་ མའི་མཚན་ལ་བློ་བཟང་ཐབས་མཁས་རྒྱ་མཚོ་གསོལ། དེའི་ཕྱི་ལོར་རྒྱལ་ཚབ་རྟ་ཚག་ངག་དབང་དཔལ་ལྡན་དང་། བཀའ་ ཤག་གི་ལས་འཛིན་རྣམས་ཀྱིས་ཆོས་ཀྱི་ལུང་དང་རྨི་ལྟས་སོགས་ལ་བརྟེན་ནས་གླང་མདུན་ཚང་གི་སྲས་བློ་བཟང་ཐབས་མཁས་རྒྱ་མཚོ་ཏཱ་ལའི་་བླ་མའི་ཡང་སྲིད་དུ་ངོས་འཛིན་བྱས་ཤིང་ལྷ་སར་གདན་འདྲེན་ཞུས། དགུང་ལོ་གསུམ་པའི་ས་སྟག་༡༨༧༨ལོར་ཀུན་གཟིགས་པཎ་ཆེན་སྐུ་་་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གིས་གཙུག་ཕུད་བཞེས་ཤིང་མཚན་རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་གསོལ། དགུང་ལོ་བཞི་བའི་ས་ཡོས་༡༨༧༩ལོར་པོ་ཏཱ་ལའི་གསེར་ཁྲི་ལ་མངའ་་གསོལ། དགུང་ལོ་བཅུ་གཅིག་པ་མེ་ཁྱི་༡༨༨༦ལོར་རྒྱལ་ཚབ་རྟ་ཚག་ སྐུ་གཤེགས། དེ་མོ་ཧོ་ཐོག་ཐུ་སླར་ཡང་བོད་ཀྱི་སྲིད་ཁྲིར་འཁོད། ཏཱ་ལའི་ བླ་མ་མཆོག་ནས་ཡོངས་འཛིན་རྣམ་གཉིས་སོགས་མཁས་པ་དུ་མ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་ཐམས་ཅད་ལ་གསན་སྦྱང་མཐར་ཕྱིན་་པར་གནང་། དགུང་ལོ་ཉི་ཤུ་པའི་ཤིང་ལུག་༡༨༩༥ལོར་དེར་བོད་འབངས་དཔོན་རིགས་སེར་སྐྱ་ཡོངས་ཀྱིས་རེ་སྐུལ་ལྟར་ཏཱ་ལའི་བླ་མ་ཐུབ་བསྟན་རྒྱ་མཚོས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ཡོངས་རྫོགས་བཞེས། དགྱེས་ སྟོན་ཟབ་རྒྱས་སྤེལ། སྐབས་དེར་མན་ཇུ་གོང་མས་དབྱིན་ཇི་དང་འབྲེལ་བ་མཐུན་པོར་ཡོང་ཆེད་བོད་ཀྱིས་དབྱིན་འགོག་ལ་རོགས་རམ་མ་བྱས་སྟབས་བོད་འདུག་ཨམ་བན་དང་འབྲེལ་བ་ཇེ་སྡུག་ཏུ་གྱུར། དེར་བསྟུན་ཁོང་གིས་ཨུ་རུ་སུ་དང་འབྲེལ་བ་བྱས་ནས་དབྱིན་འགོག་བྱེད་རྒྱུའི་རེ་བ་བཅང། སྐབས་དེར་བོད་ཀྱི་དཔོན་རིགས་རྣམས་དབང་ ཆ་རྩོད་པའི་རྙོག་འཛིང་ཆེན་པོ་ཡོད་པར་བརྟེན། དགུང་ལོ་ཉེར་བཞི་ བཞེས་པའི་ས་ཕག་༡༨༩༩ལོར་རྒྱལ་ཚབ་དེ་མོ་ངག་དབང་བློ་བཟང་འཕྲིན་ལས་རབ་རྒྱས་དང་། ཚ་བོ་ནོར་བུ་ཚེ་རིང་དང་དོན་ལྡན་སོགས་ ཀྱིས་བོད་ཀྱི་ཆབ་སྲིད་དབང་ཆ་ཡོངས་རྫོགས་བཟུང་རྒྱུའི་རེ་བས། ཏཱ་ ལའི་བླ་མའི་དགུང་སྙིང་མཚན་གསལ་བཀོད་པའི་ལིང་ག་བཅས་པ་དང་།གནད་གཏད་ཀྱི་རྫས་སྦྱོར་མང་པོ་ལྷ་སའི་ཕྱོགས་བཞིར་སྦས་ནས་ནད་མུག་མཚོན་གསུམ་སོགས་བཀྲ་མི་ཤིས་པའི་ལྟས་ངན་འབྱུང་རེ་ཡིས་དཔལ་སྤྲུལ་དང་ཉག་སྤྲུལ་སོགས་ལ་མངོན་སྤྱོད་ཀྱི་ཆོ་ག་མང་པོ་བསྒྲུབ་ཏུ་བཅུག་པ་དང་། དུག་སྦྱོར་གྱིས་ཏཱ་ལའི་བླ་མ་བཀྲོང་རྩིས་བྱས་པ་ མཐིལ་བརྟོལ་བྱུང་བས། དེ་དག་ལ་ཁྲིམས་ཆད་འོས་འཚམས་བཅད། དགུང་ལོ་ཉེར་དགུའི་ཤིང་འབྲུག་༡༩༠༤ལོར་བོད་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་དབྱིན་དམག་གིས་བོད་ལ་བཙན་འཛུལ་བྱས་ཏེ་ཆུ་ཤུར་ཟམ་ཁར་འབྱོར། ཏཱ་ལའི་བླ་མའི་སྐུ་འཁོར་ཧྲག་བསྡུས་བཅས་ཉེན་ཁ་ལ་ གཡོལ་ཆེད་སོག་ཡུལ་དུ་ཆིབས་བསྒྱུར་གནང་། དེའི་ཕྱི་ལོ་ཤིང་སྦྲུལ་ ༡༩༠༥ལོར་སོག་ཡུལ་དུ་ཆོས་འཁོར་བསྐོར་བས་མཚན་སྙན་ཕྱོགས་ཀུན་ཁྱབ། ཟང་ཟིང་འབུལ་བ་རྒྱ་ཆེར་བྱུང་། ༡༩༠༦ལོར་སི་ཁྲོན་ཙུང་ཏུའུ་ཀྲོ་ཨེར་ཧྥེང་བོད་ཤར་ཕྱོགས་ཁམས་པའི་ ཡུལ་དུ་ཕྱིན་ནས། ལོ་ངོ་གཉིས་ཀྱི་རིང་ལ་བོད་མི་ཁྲི་ཚོ་ལྔ་ལྷག་ཙམ་ ཧམ་བསད་བྱས་པར་གྲགས། ཐོག་མར་འབའ་བསྟན་ཉི་དགོན་གཉིས་ དགོན་པའི་ནང་གི་བླ་གྲྭ་ལྔ་བརྒྱ་ཙམ་འདུ་ཁང་ནང་དུ་དུས་གཅིག་ལ་མེ་བསྲེགས་བཏང་། དེ་ནས་རིམ་བཞིན་འབའ་དང་། ལི་ཐང་། སྡེ་ ཁ་རོང་། ཕྱག་ཕྲེང་། སྨར་ཁམས། བྲག་གཡབ། ཆབ་མདོ་སོགས་ ཀྱི་ཁུལ་དུ། བཙན་ཤེད་ཀྱི་སྒོ་ནས་བོད་མི་རྣམས་ལ་རྒྱ་མིང་འདོགས་པ་ དང་། རྒྱ་ཡིག་སྦྱོང་དུ་བཅུགགལ་སྲིད་རྒྱ་མིང་མེད་པ་དང་རྒྱ་ཡིག་མི་་་ སྦྱོང་མཁན་ལ་ཁྲལ་ཆེན་པོ་བཀོད་པ་དང་། ཆེ་ན་སྲོག་ཆད་བཅས་ པ་སོགས་གདུག་རྩུབ་ཆེ་བའི་མནར་གཅོད་མང་པོ་བཏང་། རྒྱ་མིང་བེད་སྤྱོད་པ་དང་རྒྱ་ཡིག་སྦྱོང་མཁན་ལ་ཁྲལ་མི་བཀོད་པ་སོགས་་མི་རིགས་རིགས་འགྱུར་ཐབས་ཤེས་གང་མང་བྱས་པ་མ་ཟད། ས་གནས་ སོ་སོའི་དཔོན་རིགས་རྣམས་བསད་ནས་རྒྱ་དཔོན་བསྐོས་པ་ལ་ལོ་རྒྱུས་ཐོག་《ཡུལ་དཔོན་རྒྱ་བསྒྱུར་གྱི་ལས་འགུལ་》ཞེས་གྲགས། དེའི་རྐྱེན་གྱིས་དེང་དུས་འབའ་ལི་རྒྱལ་གསུམ་སོགས་ཀྱི་ཡུལ་དེ་དག་གི་ཕྱོགས་སུ་བོད་པ་རྒྱ་མིང་ཅན་གྱི་ཁྱིམ་ཚང་མང་པོ་ཡོད་པ་རེད། སྤྱི་ལོ་༡༩༠༨ལོར་མན་ཇུ་གོང་མས་ཀྲོ་ཨེར་ཧྥེང་ལ་བོད་སྡོད་ཨམ་བན་གྱི་ལས་འགན་བསྐོས་པ་དང་། བོད་ནས་ཀྲོ་ཨེར་ཧྥེང་བོད་དུ་ཡོང་ ན་དེ་བས་ཀྱང་མི་མང་པོའི་སྲོག་ལ་གནོད་པར་དོགས་ནས་མན་ཇུ་གོང་མ་ལ་ཡི་གེ་བཏང་སྟེ། ཀྲོ་ཨེར་ཧྥེང་གིས་ཁམས་ཕན་ཡོངས་སུ་ཁྲིམས་ མེད་ལུགས་མེད་ཀྱིས་བསད་བཅོས་འཕྲོག་ལས་བྱས་ཚུལ་དང་། ལྷ་ སར་ཡོང་ན་དགའ་བསུ་མེད་ཚུལ་རྣམས་ཞུས་པར། གོང་མས་དེ་མ་ ཐག་ཨམ་བན་གྱི་གནས་ཕྱིར་འཐེན་བྱས་ཏེ། ཀྲོ་ཨེར་ཧྥེང་ཆབ་མདོ་ ནས་ཁྲེན་ཏུར་སྐད་བཏང་། དགུང་ལོ་སོ་གཅིག་བཞེས་པའི་ས་སྤྲེལ་༡༩༠༨ལོར་ཏཱ་ལའི་བླ་མ་སྐུ་འཁོར་དང་བཅས་པ་རི་བོ་རྩེ་ལྔ་བརྒྱུད་ནས་པེ་ཅིང་དུ་ཕེབས། མན་ཇུ་གོང་ མ་འོད་གསལ་དང་མཇལ་འཛོམས་བྱུང་། དགུང་ལོ་སོ་གཉིས་པའི་ས་བྱ་༡༩༠༩ལོར་སྐུ་འབུམ་བརྒྱུད་ནས་དབུས་སུ་ཕེབས། ལྷ་སར་འབྱོར་ཁར་ཨམ་བན་ལེན་ཡུལ་སྐུ་འཁོར་རྣམས་བསུ་ བར་ཕེབས་ཀྱང་གོང་ས་མཆོག་གིས་དགྱེས་ཚུལ་མ་བསྟན་པས་ཁོང་ཁྲོ་སྐྱེས་ཏེ་ཨུ་རུ་སུའི་ལག་ཆ་ཁྱེར་ཡོད་པ་ལ་ཁ་གཡར་ནས་སྔོག་བཤེར་བྱས་ པས་སྐུ་ཆས་མང་པོ་བོར་བརླག་ཏུ་སོང་། ཏཱ་ལའི་བླ་མས་བོད་སྡོད་ཨམ་བན་ལ་འབྲུ་རིགས་དང་གཟན་ཆས་མཁོ་འདོན་བྱེད་མི་ཆོག་པའི་བཀའ་བོད་ཁམས་ཡོངས་ལ་བསྒྲགས། དགུང་ ལོ་སོ་གསུམ་པའི་ལྕགས་ཁྱི་༡༩༡༠ལོར་ཀྲའོ་ཨེར་ཧྥེང་གི་སི་ཁྲོན་དམག་མི་ཉིས་སྟོང་ཙམ་ལྷ་སར་འབྱོར་ནས་གང་བྱུང་དུ་མི་གསོད་པ། འཕྲོག་ བཅོམ་བྱེད་པ་སོགས་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་མང་པོ་བྱས་སྟབས། གོང་ས་མཆོག་གི་སྐུ་སྲོག་ལ་ཉེན་ཁ་ཆེ་བའི་དུས་དེ་ལ་དགའ་ ལྡན་ཁྲི་བ་ཚེ་སྨོན་གླིང་རྒྱལ་ཚབ་ཏུ་བསྐོས་ནས་རྒྱ་གར་ལ་ཡུལ་བྱོལ་དུ་་ཕེབས། ཀ་ལོན་སྦུག་ཏུ་བཞུགས་སྐབས་མན་ཇུ་གོང་མས་སྲིད་གཞུང་གིས་ སྐུ་ཕྲེང་བཅུ་གསུམ་པའི་གོ་གནས་དབྱུང་བ་རེད། ཁོང་གིས་ལས་འགུལ་དང་ཕྱི་རྒྱལ་ཁག་ལ་མཉམ་འབྲེལ་བྱས་ནས་ཚན་རིག་གི་ལག་ཤེས་སྤེལ་བ་དང་། དམག་དོན་སྦྱོང་བརྡར་སོགས་ཀྱི་བྱ་ འགུལ་མང་དུ་སྤེལ་འདུག་གོ། དགུང་ལོ་སོ་བརྒྱད་པའི་ཆུ་གླང་༡༩༡༣ལོར་གཞུང་སྒེར་དགོན་སྡེ་སོགས་ཀྱིས་བདག་ཉར་བྱས་པའི་ས་སྟོང་རྣམས། མི་སུས་བརྐོས་ནས་ས་ཞིང་ དུ་བསྒྱུར་ན་རང་མོས་སུ་བེད་སྤྱད་ཆོག་པར་མ་ཟད་ལོ་གསུམ་གྱི་རིང་ལ་ཁྲལ་འཇལ་མི་དགོས་པའི་བཀའ་བསྒྲགས་པ་སོགས་ཞིང་ལས་ལ་ལོ་ རྒྱུས་ཐོག་བྱུང་མ་མྱོང་བའི་ཤུགས་སྣོན་མཛད། དགུང་ལོ་ཞེ་བརྒྱད་པའི་ཆུ་ཕག་༡༩༢༣ལོར་ཇ་སྡོང་ཚོད་ལྟས་འདེབས་འཛུགས་གནང་སྟེ་ལས་མགོ་དངོས་སུ་བརྩམས། ལྷ་སའི་གྲོང་ཁྱེར་དུ་ཉེན་ སྲུང་དམག་སྒར་གསར་འཛུགས་གནང་སྟེ་སྤྱི་ཚོགས་བདེ་འཇགས་ལ་ཤུགས་སྣོན་གནང་། དགུང་ལོ་ལྔ་བཅུ་བའི་ཤིང་གླང་༡༩༢༥ལོར་སྦྲག་ཁང་དང་། ཏར་ཁང་ སོགས་གསར་འཛུགས་གནང་སྟེ་འགྲིམ་འགྲུལ་དང་ཆ་འཕྲིན་ལས་ཀར་ཤུགས་སྣོན་གནང་ཏེ་རྗེས་དངུལ་ཁང་གསར་འཛུག་བྱས། དགུང་ལོ་ ང་བརྒྱད་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་༡༩༣༣ལོའི་བོད་ཟླ་བཅུ་པའི་ཚེས་སུམ་ཅུ་ཉིན་ཆམས་པ་བསྙུང་བར་གསོལ་སྨན་མཆོད་ཉེན་གྱིས་སྐུ་གཤེགས་པར་གྲགས་ཀྱང་དོན་དུ་དུག་སྦྱོར་གྱིས་སྐུ་གཤེགས་སོ།། ༢ ལུང་ཤར་རྡོ་རྗེ་ཚེ་རྒྱལ། ལུང་ཤར་རྡོ་རྗེ་ཚེ་རྒྱལ་མཆོག་ནི་སྤྱི་ལོ་༡༨༨༡ལོར་ཡབ་ལུང་ཤར་ལྷུན་གྲུབ་རྡོ་རྗེ་དང་། ཡུམ་རྨོའོ་བདེ་ཆེན་པད་མོ་གཉིས་ཀྱི་བུར་གཞེས་རྩེ་མཐོང་ སྨོན་རྫོང་རྟ་ནག་ཁུལ་དུ་སྐྱེས་ཤིང་། དགུང་ལོ་བརྒྱད་ཙམ་ལ་སླེབས་ དུས་ཡབ་འདས། ཡུམ་ནས་གཅེས་པར་བསྐྱངས་ཏེ་འཚར་ལོངས་བྱུང་ ཞིང་། ཤེས་ཡོན་རིག་གནས་སློབ་སྦྱོང་ཐད་ལའང་ཡུམ་གྱིས་ཐུགས་འཁུར་གནང་སྟེ་དགེ་རྒན་མང་པོ་བསྟེན་སྟབས་སྦྱངས་འབྲས་ཧ་ཅང་ཡག་པོ་བྱུང་འདུག དེར་བརྟེན་ཁོང་གིས་ཡུམ་ལ་ཐོག་མཐའ་བར་གསུམ་དུ་གུས་བརྩེ་ཧ་་ཅང་ཆེན་པོ་གནང་གི་འདུག གཞན་ཡང་དགེ་རྒན་བསྟེན་བཏུགས་ ཀྱིས་སྨན་དཔྱད་བྱེད་སྒོ་སློབ་སྦྱོང་ཧུར་བརྩོན་གནང་རྐྱེན་ལག་རྩལ་ཡག་ཙམ་ཤེས་ཐུབ་པ་བྱུང་། ཁོང་དགུང་ལོ་ཆུང་དུས་ནས་གཞས་དང་ཞབས་བྲོ་ལའང་ཧ་ཅང་དགའ་པོ་ཡོད་སྟབས་རྒྱུན་དུ་ཧའོ་ཅིན་དང་ཡང་ཅིན་་གཏོང་བ་མ་ཟད། སྐབས་འགར་ལྷ་སར་ཡོད་པའི་རོལ་ཆ་གཏོང་མི་རྣམས་བསྡུ་རུབ་གནང་སྟེ་མཉམ་གཏོང་སྤྲོ་སྐྱིད་ཡང་ཡང་གནང་བ་རེད། དགུང་གྲངས་ཉི་ཤུ་སྐོར་ལ་ཕེབས་དུས་རྟ་ནག་སྒེར་ལྷས་ཁུད་པའི་བུ་མོ་མདུན་ཐབས་སུ་བཞེས་པ་དེ་ལ་ཕྲུ་གུ་ཆ་པ་རུ་ཟུར་དབང་ཆེན་གཡུ་་ལྷ་དང་། སྒྲོལ་མ་ཕུག་པད་མ་གཉིས་བཙས། དེ་ནས་སྲིད་རྙིང་གི་དྲུང་ འཁོར་ཞུ་བར་ལྷ་སར་ཕེབས་ཏེ་དཔོན་རིགས་ཁོངས་ཞུགས། ཁོང་ཡིག་་རྩིས་ཡག་ཙམ་ཡོད་སྟབས་མི་རིང་བར་རྩིས་ཁང་ལས་ཁུངས་ཀྱི་རྩིས་་པར་བསྐོ་བཞག་བྱས་འདུག རྩིས་པའི་ལས་འགན་ལོ་བཅུ་ཙམ་གནང་རིང་ལས་ཀར་ཧུར་བརྩོན་ཆེ་ཞིང་། འཇོན་ཐང་ཆེན་པོ་ཡོད་མཁན་ ཞིག་ཡིན་འདུག་གཤིས། རྩིས་པ་ལུང་ཤར་ཞེས་མིང་གྲགས་ཐོག་མར་ ཐོན། སྐུ་ཟླ་དེ་ཉིད་ལུང་ཤར་གཞིས་དུ་སྟོན་བསྡུའི་ཕྱག་ལས་གནང་ བར་ཕེབས་སྐབས་ཤིག་ལ་སྟབས་མ་ལེགས་པར་གཞིས་སུ་སྐུ་གཤེགས། དེ་ནས་ལོ་གསུམ་ཙམ་སོང་བའི་རྗེས་སུ་བསྟན་འཛིན་སྒྲོལ་དཀར་ལགས་དང་གཉེན་སྒྲིག་གནང་། ཕྲུ་གུ་བུ་ལྔ་དང་། བུ་མོ་གཅིག་བྱུང་། ༡༩༡༡ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་༡༣པ་ཧིན་རྡུར་ཕེབས་བཞུགས་རིང་ཕྱི་རྒྱལ་གྱི་གནས་ཚུལ་མང་ཙམ་ཞིག་མཁྱེན་རྟོགས་བྱུང་རྐྱེན་བོད་ལྗོངས་ཡར་རྒྱས་འགྲོ་བར་རིག་གསར་འཕེལ་རྒྱས་གཏོང་དགོས་པ་དེ་དགོངས་པར་འཁོར་ནས། སྤྱི་ལོ་༡༩༡༣ལོར་སྐུ་དྲག་གི་བུ་ཕྲུག་ཁོངས་ནས་ན་གཞོན་ ཁ་ཤས་འདེམས་སྒྲུག་གནང་སྟེ་ཁོ་ཚོ་དབྱིན་ཡུལ་དུ་སློབ་གྲྭར་སྐྱེལ་བར་འགྲོ་མཁན་གྱི་མགོ་གཙོར་ལུང་ཤར་ཁོང་གདམས་ཤིང་། རིམ་བཞིའི་ གོ་གནས་དང་སྦྲགས་ལས་འགན་གནང་། བུ་ཕྲུག་ཁོངས་སྨོན་གྲོང་ མཁྱེན་རབ་ཀུན་བཟང་དང་། བྱང་ངོས་པ་རིག་འཛིན་རྡོ་རྗེ། སྐྱིད་སྦུག་པ་དབང་འདུས་ནོར་བུ། སྒོག་མཁར་བ་བསོད་ནམས་མགོན་པོ་བཅས་་གཏོང་གནང་མཛད་པ་ཁོང་ཚོ་དང་མཉམ་དུ་དབྱིན་ཇིའི་རྒྱལ་ས་ལོན་་ཊོན་དུ་ཕེབས། དབྱིན་གཞུང་ནས་སྣེ་ཤན་རྒུལ་ཊ་ས་ཧེབ་དང་། སྐད་་བསྒྱུར་ལེགས་ལྡན་ས་ཧེབ་“བོད་རིགས”གཉིས་བཙུགས་ཏེ་སྣེ་ལེན་ བྱས་འདུག བོད་ས་གནས་སྲིད་གཞུང་གིས་བསྐུར་བའི་ཡི་གེ་དང་ལག་རྟགས་སོགས་་སྤྲད་ཅིང་། ཕྲུ་གུ་བཞི་ཨིང་ལན་རག་སྦིའི་ཞེས་པའི་སློབ་གྲྭར་བཅུག་རྗེས་སུ་ཕྲུ་གུ་རྣམས་ལ་ཆེད་ལས་ཡོན་ཏན་རེ་རེ་བསླབས་པ་ནི། སྨོན་གྲོང་མཁྱེན་རབ་ཀུན་བཟང་ལ་ས་གཏེར་འཚོལ་འདོན་སྐོར་དང་། བྱང་ངོས་པ་རིག་འཛིན་རྡོ་རྗེར་གློག་གི་ལས་ཀ་སྐྱིད་སྦུགས་པ་དབང་འདུས་ནོར་བུ་ཏར་གཏོང་དང་ས་ཐིག་ལེན་རྒྱུའི་ལས་ཀ སྒོག་མཁར་བ་བསོད་ནམས་མགོན་པོར་དམག་དོན་ལས་ཀ་བཅས་སློབ་སྦྱོང་བྱས་ཏེ་ཚང་མ་སློབ་ཐོན་གྱིས་བོད་ལ་ཕྱིར་ལོག སྐབས་དེར་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ཁོང་དང་སྐུ་ཟླ་ནས་ཀྱང་དབྱིན་ཇིའི་སྐད་ཡིག་ཕྲན་བུ་བསླབས་ཤིང་། ཧྥ་རན་སི། ཨི་ཀྲར་ལི་སོགས་ལ་བལྟ་བསྐོར་དུའང་ཕེབས་འདུག་པ་བཅས་བརྒྱུད་ཁོང་ལ་ཕྱི་རྒྱལ་གྱི་བྱེད་ སྟངས་ཐད་ནས་ཤུགས་རྐྱེན་ཆེ་ཙམ་ཐེབས་ཏེ། བོད་ཀྱི་ལམ་ལུགས་ རྙིང་པ་དེར་ཕྲན་བུའི་བཅོས་སྒྱུར་མ་བྱས་ཚེ་ཉེན་ཁ་ཡོད་པའི་བསམ་བློ་འཁོར་ནས། དུས་ཚོད་བྱུང་རིམ་བཞིན་དབྱིན་ཡིག་གི་ལོ་རྒྱུས་ དེབ་ལ་རྟག་པར་བལྟ་ཀློག་གནང་བ་དང་། ང་ཚོ་ནང་མི་འཛོམས་ཏེ་སྡོད་སྐབས་ཁོང་གིས་དེ་སྔོན་ཧྥ་རན་སིར་དུས་འགྱུར་གྱིས་ཧྥ་རན་སིའི་རྒྱལ་པོ་གཏོར་བ་དང་། ཨི་ཀྲར་ལིའི་རྒྱལ་པོ་གཏོར་བའི་ལོ་རྒྱུས་སྐོར་སྒྲུང་གཏམ་ལྟ་བུར་གསུང་གི་འདུག བོད་ལ་ཕྱིར་ལོག་གནང་རྗེས་ཏཱ་ལའི་བླ་མས་དམིགས་བསལ་གཟིགས་སྐྱོང་གནང་སྟེ་རྩིས་དཔོན་གྱི་གོ་གནས་གནང་། དེ་དུས་བོད་དམག་ སྒྲིག་གཞི་རྒྱ་སྐྱེད་བྱེད་སྒང་ཡིན་རུང་། དམག་ཕོག་འདང་གི་མེད་ སྟབས་འབྲུ་རིགས་འཕར་མ་བསྡུ་རྒྱུའི་འཆར་གཞི་བཟོས་ཏེ་《འབབ་ ཞིབ་ལས་ཁུངས་》ཞེས་པ་གསར་བཙུགས་ཐོག་དོ་དམ་དྲུང་ཡིག་ཆེན་་ མོ་བློ་བཟང་བསྟན་སྐྱོང་དང་། རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ གཉིས་ལ་བསྐོ་བཞག་གནང་རྒྱུར་ཏྭ་ལའི་བླ་མས་ཆོག་མཆན་གནང་། དེར་བརྟེན་འབབ་ཞིབ་འགེལ་ཡུལ་སྡེ་དཔོན་མི་དྲག་དང་། ཡབ་གཞིས་ཁག སྒེར་པ། ཆོས་གཞིས་བཅས་ལ་ས་ཞིང་སྦུག་བཟོས་འཕར་མ་ཡོད་རིགས་དང་། བཀའ་གཞིས། མདའ་གཞིས། སྒེར་པ་ཞབས་ སྡོད་མ་ཞུས་པའི་ཕ་གཞིས་སོགས་ལ་ཞིབ་འཕར་འབྲུ་རིགས་འཕར་འགེལ་་བྱས་ཏེ་མི་ཚང་ཆེ་རིགས་ལ་འབྲུ་ཁལ་སྟོང་ཕྲག་བཞི་ལྔ་དང་། དེ་འོག་་ལ་ཁལ་བརྒྱ་ཕྲག་ཁ་ཤས་འགེལ་དཀྲི་བྱས་སྟབས་ས་གནས་སྲིད་རྙིང་ལ་འབྲུ་རིགས་ཧ་ཅང་ཕོན་འབོར་ཆེན་པོ་བྱུང་སྟེ་རྗེས་སུ་ཏཱ་ལའི་བླ་་མའི་སྐུ་ཚེའི་སྨད་ཆར་སླེབས་དུས་འབྲུ་ཁང་རྙིང་པ་ཕལ་ཆེར་ཁེངས་ཏེ་ས་གནས་ཁ་ཤས་ལ་བཀར་ཁང་ནང་འབྲུ་འཇུག་ཡུལ་མེད་པ་ལྟ་བུ་བྱུང་བ་རེད། ཡིན་ནའང་ཏཱ་ལའི་བླ་མ་བཅུ་གསུམ་པ་སྐུ་གཤེགས་རྗེས་བཀའ་ཤག་་ནས་ཞིབ་འཕར་འབྲུ་རིགས་ལོ་ཤས་ཆག་ཡང་བཏང་བ་དང་། ལྷག་པར་མི་དྲག་ཁ་ཤས་ལ་གཞུང་འབྲུ་སྐྱེད་མེད་སྔ་གཡར་དང་། གསོལ་རས་སོགས་མང་པོ་སྤྲད་རྐྱེན་གཞུང་གི་འབྲུ་རིགས་ལ་དོ་ཕོག་ཆེ་ཙམ་བྱུང་སྟབས་སྐབས་དེར་མང་ཚོགས་ནས་ཟུར་ཟ་ཞིག་ཀྱང་བྱས་ཡོད་པ་སྟེ། བཀའ་ཤག་གི་ཕྲ་མའི་ཐོད་དུ་དེ་སྔ་ཆིང་གོང་མས་གནང་བའི་པྭན་ཞིག་ཡོད་པ་དེའི་ཐོག་བོད་ཡིག་དབུ་ཅན་གྱིས་《ཕྱི་ནང་བསྟན་སྲིད་ཡོངས་ ལ་བསོད་ནམས་ཀྱི་དགེ་ཚོགས་ལྷག་པར་སྤེལ་བ་》ཞེས་འཁོད་ཡོད་པ་ དེ་ལ་བལྟས་ནས་བཀའ་ཤག་གི་ཕྲ་མའི་འོག་ཏུ་ཡི་གེ་ཞིག་སྦྱར་བའི་ནང་ཕྱི་ནང་སྐྱེ་འགྲོ་ཡོངས་ལ་འབྲུ་དངུལ་གྱི་སྟོན་མོ་ལྷག་པར་སྤེལ་བ་ཞེས་བྲིས་ཡོད་པ་རེད། སྐབས་དེར་འབྲུ་རིགས་འབབ་བཟོ་བྱེད་ཡུལ་སྡེ་དཔོན་མི་དྲག་ཆེ་གྲས་ཁག་ལ་འབབ་འཁྲི་ཆེན་པོ་བྱུང་སྟབས་མཐོ་རིམ་མི་སྣ་ཁག་གཅིག་ནས། རྩིས་དཔོན་ལུང་ཤར་ལ་མ་དགའ་བའི་གླེང་ཕྱོགས་ཆེན་པོ་བྱུང་འདུག་ཀྱང་དེའི་དུས་ཏཱ་ལའི་བླ་མའི་གཟིགས་བསྐྱོང་ཆེན་པོ་ཡོད་སྟབས་སུས་་ཀྱང་གནོད་འཚེ་གཏོང་ཐུབ་མི་འདུག དེ་རྗེས་ལུང་ཤར་མཆོག་ལ་〈རྩིས་དཔོན་〉དང་〈འབབ་ཞིབ་〉དོ་དམ་ཡིན་མུས་ཐོག་ཏྭ་ལའི་བླ་མས་〈དམག་སྤྱིའི་འཚོ་འཛིན་〉ཞེས་དམག་སྤྱི་ཁང་གི་ལས་འགན་ཡང་གནང་བ་རེད། སྐབས་དེར་རྩིས་དཔོན་ལུང་ཤར་ཞེས་སྙན་གྲགས་ཆེ་སྒང་གི་དུས་སྐབས་ཤིག་ཡིན་ལ་ཏཱ་ལའི་བླ་མའི་ཐུགས་བློས་འགེལ་ཡུལ་ཞིག་ཀྱང་ཡིན་སྟབས་ནང་དོན་གྱི་ཕྱག་བྲིས་གལ་ཆེའི་རིགས་ཞབས་ཞུ་གནང་བ་དང་། ཏཱ་ལའི་བླ་མས་ཀྱང་གཟིགས་སྐྱོང་གི་རྣམ་པས་ཐུགས་རྗེ་ཆེན་པོའི་སྐུ་བརྙན་གསེར་ གྱི་དབུ་རྒྱན་སྙན་རྒྱན་ཡོད་པ་རྩ་ཆེན་ཞིག་གསོལ་རས་གནང་སྟེ་ཚེ་ རབས་ཀུན་ཏུ་རྗེས་སུ་བཟུང་བའི་ཐུགས་སྨོན་གནང་གི་ཡིན་ཞེས་སོགས་དབུགས་དབྱུང་སྩལ་བའི་སྐལ་བ་བཟང་པོ་ཞིག་བྱུང་རུང་། དེ་རྗེས་སྤྱན་་བསལ་ཐུབ་བསྟན་ཀུན་འཕེལ་ལགས་དང་ཁོང་གཉིས་ཤུགས་ཆེ་མཉམ་ཡིན་སྟབས་སྤྱན་བསལ་ནང་ཁུལ་མཐུན་པོ་མ་བྱུང་བས་བརྙད་འཚོལ་་ཆེད་ཏཱ་ལའི་བླ་མར་གླེང་ཕྱོགས་མང་པོ་ཞུ་གི་ཡོད་འདུག དཔེར་ན་ལུང་ཤར་རོལ་ཆ་གཏོང་རྒྱུར་དགའ་པོ་ཡོད་སྟབས་ཟླ་རེ་བཞིན་་ཉིན་གཉིས་ཙམ་རིང་རོལ་ཆ་གཏོང་རོགས་ཚོ་དང་མཉམ་དུ་འཛོམས་ཏེ་ཉིན་གུང་ཙམ་ནས་གཞས་དང་ཞབས་བྲོ་བརྒྱབ་སྟེ་སྡོད་ཀྱི་ཡོད་ལུགས་་སོགས་སྙན་ཕྲ་ཞུས་སྟབས། གཞུང་དོན་ལས་ཀར་དོ་འཁུར་མ་བྱས་ པ་ལྟ་བུའི་དགོངས་ཕྱོགས་བྱུང་ཏེ་དམག་སྤྱིའི་ལས་འཁུར་ཕྱིར་འཐེན་་དང་རྩིས་དཔོན་རང་འཇགས་སུ་འཇོག་པ་གནང་། ཡིན་ནའང་ནང་དོན་གལ་ཆེའི་ཕྱག་བྲིས་ཞབས་ཞུ་སོགས་སྔར་བཞིན་གནང་བ་མ་ཟད། ལས་དོན་སྐོར་གྱི་བཀའ་མོལ་ཡང་ཆིབས་གཡོག་བསྡོངས་རྟག་ཏུ་ཕེབས། དེ་ནས་མི་རིང་བར་བོད་ཟླ་༡༠པའི་ཚེས་༣༠དགོང་མོ་ཏཱ་ལའི་བླ་མ་གློ་ བུར་དུ་སྐུ་གཤེགས་སྟབས་རྩིས་དཔོན་ལུང་ཤར་ནི་སྡུག་བསྔལ་མི་བཟོད་པ་ལྟ་བུ་གནང་། ཁོང་དེ་སྔོན་ཨིང་ལན་དུ་ཕེབས་སྐབས་ཕྱི་རྒྱལ་ལམ་ལུགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་སྟབས་ས་གནས་སྲིད་གཞུང་་གི་ལམ་ལུགས་ལ་ཕྲན་བུ་སྒྱུར་བཅོས་བྱེད་རྩིས་ཀྱིས་《སྐྱིད་ཕྱོགས་ ཀུན་མཐུན་》ཞེས་པའི་ཚོགས་པ་ཞིག་སྒྲིག་འཛུགས་བྱས་པར། དེ་ ལམ་སེང་རྒྱ་ཆེར་ཕྱིན་ཏེ་དཔོན་རིགས་མི་གྲངས་བརྒྱ་སྐོར་དང་། འབྲས་ སྤུངས་སོགས་སྡེ་པ། སེ་ར་བྱམས་སྨོན་སྡེ་པ། དགའ་ལྡན་གྱི་མཐུས་མི་ཀོང་པོ་འཕྲིན་ལས་རྒྱ་མཚོ་སོགས་རིམ་པས་འཛུལ་བ་དང་། སྒྲིག་འཛུགས་དེའི་ནང་ཞུགས་སྐབས་སྤྱི་སྒྲིག་གན་རྒྱའི་གཤམ་དུ་སོ་སོའི་མིང་ཐོ་ས་ཡིག་རེ་རྒྱག་དགོས་པར་ས་ཡིག་དང་པོ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱི་མིང་ བཀོད་པ་དང་། དེའི་འོག་གཅེན་པོ་ཆ་པ་རུ་ཟུར་གྱིས་ས་ཡིག་དེ་ནས་རིམ་བཞིན་གོང་གསལ་དཔོན་རིགས་བརྒྱ་སྐོར་དང་སེ་འབྲས་དགེ་གསུམ་གྱི་འཐུས་མིས་ཀྱང་ས་ཡིག་བརྒྱབ་ཡོད་པ་རེད། སྒྲིག་འཛུགས་ནང་གསང་བའི་གྲོས་བསྡུར་རིམ་པར་བྱས་པའི་གཙོ་བོའི་དགོས་དོན་ནི་དང་ཐོག་བཀའ་ཤག་ནང་གི་བཀའ་བློན་རྣམས་ལོ་འཁོར་

《ལུང་ཤར་ལས་འགུལ་》ཡང་ཟེར། བཞི་རེར་གཏན་འཁེལ་ཐེངས་རེ་བྱ་རྒྱུ་དང་། དེ་ཡང་མི་འགྲོ་སུ་འོས་ཚོགས་འདུས་འདེམས་ཤོག་འཕེན་རྒྱུ་ཞིག་དགོས་ཚུལ་སོགས་སྲིད་གཞུང་སྤྲད་པ་རེད། སྐབས་དེར་ཚོགས་པ་དེའི་ཁོངས་ཡོད་རིམ་བཞི་ཀ་ཤོད་པ་ཆོས་རྒྱལ་ཉི་མ་ནི་ལུང་ཤར་གྱི་ནང་མའི་བློས་འགེལ་གྲོགས་པོ་གཙོ་བོ་ཞིག་རེད། དེར་བརྟེན་ལུང་ཤར་ནས་གྲོས་གཞི་སོགས་གོ་བསྡུར་གནང་བར་ཁོང་གིས་ཚོགས་འདུའི་གྲོས་དོན་ཧ་གོ་སྟབས་ཁོང་སྒེར་གྱི་ཁེ་ ཕན་ལ་བསམ་བློ་བཏང་བའམ། གང་ལྟར་བསམ་ཡུལ་ལས་འདས་པ་ ཞིག་ལ་ཁོང་གིས་བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་སར་ཕྱིན་ཏེ་སྒྲིག་འཛུགས་ཀྱི་གནས་ཚུལ་ཚང་མ་〈ལྐོག་ཞུ་〉བྱས་པར་མ་ཟད། ད་དུང་བཀའ་བློན་ཚོ་གསོད་རྩིས་ཡོད་ཚུལ་ཁ་སྣོན་བརྒྱབ་ཏེ་བཤད་སྟབས་བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་ཞེད་སྣང་དང་དངངས་ཚབས་ཧ་ཅང་ཆེན་པོ་བྱུང་སྟེ་ལམ་སེང་རྒྱལ་ཚབ་རྭ་སྒྲེང་གི་སྐུ་མདུན་དུ་ཕྱིན་ནས་ལས་འགུལ་འདིའི་བྱེད་གཏེ་གཙོ་བོ་རྩིས་དཔོན་ལུང་ཤར་འཛིན་བཟུང་བྱེད་དགོས་ཞུ་སྐབས། རྭ་སྒྲེང་རྒྱལ་ཚབ་དང་རྩིས་དཔོན་ལུང་ཤར་གཉིས་དེ་སྔོན་ནས་འབྲེལ་བ་ཡག་ཙམ་ཡོད་པས་ཕྲན་བུ་ཀ་ཀོར་གནང་ཡང་། བཀའ་བློན་ཁྲི་སྨོན་པ་ནོར་བུ་དབང་རྒྱལ་ནས་ ཨུ་ཚུགས་ཞུས་རྐྱེན་རྒྱལ་ཚབ་ཡང་ཕྱག་ལས་ཐུགས་འགན་བཞེས་ནས་ཟླ་བ་གཉིས་ཙམ་ལས་མ་སོང་བས་ཐུགས་རྒྱུས་དང་ནུས་པ་ཆེར་མེད་པ་བཅས་ལ་བརྟེན་ཞལ་བཞེས་མ་གནང་མཐུ་མེད་བྱུང་འདུག དེ་འཕྲལ་བཀའ་བློན་ཁྲི་སྨོན་པ་འབྲས་སྤུངས་དགོན་དུ་བྲོས་ཕྱིན་པ་རེད། ཤོད་གཟིམ་འགག་ནས་རྩིས་དཔོན་ལུང་ཤར་སར་བང་ཆེན་ཞིག་བཏང་སྟེ་ཚོགས་འདུ་གལ་ཆེན་ཞིག་ཡོད་པས་མགྱོགས་པོ་ཕེབས་རོགས་ལབ་པར། རྩིས་དཔོན་ལུང་ཤར་གྱི་བསམ་པར་འཆར་ཅན་གྱི་ཚོགས་འདུར་ བཀའ་བསྒྱུར་བཏང་དོན་དུ་ཁོང་འཛིན་བཟུང་བཙོན་འཇུག་བྱ་རྒྱུ་ཡིན་ལུགས་བཤད་དེ་ཟུར་དུ་བཞག་ཐོག འགོ་བྱེད་རྣམས་བཙོན་ཁང་གྲ་སྒྲིག་བྱེད་པར་འགྲོ་སྐབས་སར་སྲུང་བྱ་གཉིས་ཙམ་ལས་མེད་པའི་བར་གསེང་ཞིག་བྱུང་དུས་ཁོང་གི་དགོངས་པར་གཡོག་བློ་ལྡན་གྱི་ཨམ་ཕྲག་ནང་མེ་མདའ་བསྐུར་ཡོད་པ་དེ་དྲན་གསོས་ཏེ་གཡོག་པོའི་ས་ནས་མེ་མདའ་ལེན་རྩིས་ཀྱིས་རྒྱུགས་ཕྱིན་པ་རེད། རྩེ་ལྟག་སྒོ་རྒྱབ་ཏུ་སླེབས་གྲབས་ཡོད་དུས་གཡོག་བློ་ལྡན་གྱིས་ཀྱང་སྦྱིན་བདག་རྒྱུགས་ཡོང་གི་ཡོད་པ་མཐོང་སྟེ་སྐུ་ངོ་མེ་མདའ་འདིར་ཡོད་ཅེས་ལག་པ་བརྐྱངས་ཏེ་མེ་མདའ་སྤྲོད་པར་ཡོང་འཕྲལ་མཐའ་བསྐོར་དུ་ཡོད་པའི་གད་པ་ཁང་གཉེར་མང་པོས་གཡོག་བློ་ལྡན་ལ་ལག་རུབ་བརྒྱབ་སྟེ་མེ་མདའ་འཕྲོག་ནས་ཁོ་པ་བཟུང་འཁྲིད་བྱས། ལུང་ཤར་ཡང་མེ་མདའ་ལག་སོན་མ་བྱུང་བར་ ཅི་བྱ་གཏོལ་བྲལ་དུ་ལུས་མུར་དེ་འཕྲལ་ཤོད་གཟིམ་འགག་སོགས་མི་མང་པོ་ཡོང་ནས་བཟུང་འཁྲིད་ཀྱིས་རྩེ་ཤར་ཆེན་ལྕོག་ཏུ་བཙོན་འཇུག་བྱས། གསང་གྲོས་སྐྱོན་འདོན་ར་སྤྲོད་བྱེད་མཁན་ཞིག་དགོས་སྟབས་རིམ་བཞི་ཀ་ཤོད་པ་ཆོས་རྒྱལ་ཉི་མ་ཡང་བཙོན་འཇུག་ཡིན་ཁུལ་བྱས།དེ་བཞིན་ལུང་ཤར་དོན་རྐྱེན་ནང་མཉམ་ཡོད་བྱེད་གཏེའི་གྲས་ལྕང་་ཅན་གུང་ཟུར་བསོད་ནམས་རྒྱལ་པོ་དང་། བཤེར་དཔང་རྒྱལ་ནང་པ། ཕྱག་དཔེ་དོ་དམ་རྩེ་དྲུང་ལས་ཚན་ཐུབ་བསྟན་དགེ་ལྡན། རྩེ་དྲུང་ལས་ཚན〔མིང་འདོགས་ལ་ཐ་ཁ་ལི་ཟེར་བ།〕 ཤོད་དྲུང་སྨན་རི་བ། ཤོད་དྲུང་བྲག་ མཐོན་པ། ཤོད་དྲུང་ཡུལ་ལྷ་བ་བསྟན་པ་ཚེ་དབང་། སྐུ་སྲུང་རུ་དཔོན་ ཆ་པ་དབང་ཆེན་གཡུ་ལྷ། ཁོང་གི་བུ་བཅས་འཛིན་བཟུང་བྱས། ཞིབ་དཔྱོད་པ་ནི་མཁན་དྲུང་མཁྱེན་རབ་དབང་ཕྱུག་དང་། དམག་སྤྱི་སྣང་དཀར་དབང་ཕྱུག་མཐར་ཕྱིན། ལྷ་གཉེར་བདེ་མཁར་བ་ཚེ་དབང་རབ་བརྟན།〈ཀླུ་ཁང་པ〉 རྩེ་དྲུང་བསྟན་པ་འཇམ་དབྱངས་བཅས་ ལ་བསྐོ་བཞག་བྱས་ཏེ་ཞིབ་བཤེར་སྐབས་ཀ་ཤོད་ཆོས་རྒྱལ་ཉི་མས་སྒྲིག་འཛུགས་དེའི་ནང་གི་གནས་ཚུལ་ཚང་མ་བཤད་པས་མ་ཚད་ད་དུང་བཀའ་བློན་རྣམས་གསོད་རྩིས་ཡོད་ཚུལ་ཁ་སྣོན་བརྒྱབ་སྟེ་བཤད་པ་་ རེད། ལུང་ཤར་ནས་ཞུ་དོན། གསར་བཅོས་ནང་བཀའ་ཤག་གི་བཀའ་བློན་རྣམས་འདེམས་ཤོག་འཕེན་དགོས་པ་ཞིག་མ་བྱུང་ཐབས་མེད་སྐོར་ཡོད་པ་ལས་གསོད་རྒྱུའི་གྲ་སྒྲིག་མེད་སོགས་བདེན་དོན་དང་་གནས་ལུགས་བཤད་ཀྱང་། ཞིབ་དཔྱོད་པས་མགོ་ཕྱོགས་དཔུང་ཉེ་ལྷ་ བུས་ཉན་ཤེས་རྩ་བ་ནས་མ་བྱས་སྟབས་མཐའ་དོན་ལུང་ཤར་ནས། ”ངས་ཞུས་པར་བདག་སྤྲོད་མ་གནང་ན་ད་ནི་ཁྱོད་ཚོས་ག་རེ་གནང་ན་ཡང་གནང་རོགས་གནང་། ངས་ནི་སྐད་ཆ་ཚིག་གཅིག་ཤོད་ཀྱི་མིན་”ཞེས་བརྗོད་དེ་ཁོ་ཚོས་སྐད་ཆ་ཇི་ལྟར་དྲིས་ཀྱང་ལན་མ་བརྒྱབ་པ་རེད། དེ་ནས་ཞིབ་དཔྱོད་པ་ཚོས་འཆར་གཞི་བཟོས་ཏེ་ཉེས་ཆད་དུ་མིག་འབྲས་གཉིས་ཀ་འདོན་རྒྱུ་བཀོད་ནས་ཕུལ་བར་རྒྱལ་ཚབ་རྭ་སྒྲེང་ནས། ”ང་ནི་བླ་མ་ཡིན་པས་འདིར་ལག་རྟགས་བརྒྱབ་ན་མི་འགྲིག ཁྱེད་ཚོས་ གཟིགས་རོགས་གནང་”གསུངས་པར། སྲིད་བློན་གླང་མདུན་ནས་”ཐུགས་ཁག་མི་འདུག་ང་ཚོས་ཞུས་ཆོག་”ཅེས་བཤད་ནས་དེ་འཕྲལ་ བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་དང་། བཀའ་བླ་དགེ་འདུན་ཆོས་དར། བཀའ་བློན་གནང་བྱུང་བ། སྣེ་མགྲོན་ཕུན་རབ་པ་བཅས་དང་ནང་གྲོས་ཀྱིས་ཨུ་རུ་སུ་དམར་པོའི་ལས་ལུགས་བྱས་པ་རེད་ཅེས་སྲིད་བློན་གླང་མདུན་ཀུན་དགའ་དབང་ཕྱུག་ནས་ལག་རྟགས་བཀོད་དེ་སྤྱན་ གཉིས་བཏོན་ནས་ཚེ་བཙོན་དུ་ཐག་གཅོད་བྱས། ལེ་ཐོགས་བྱིངས་ རྣམས་རྒྱང་འབུད་དུ་བཏང་སོང་། གཅེན་པོ་ཆ་པ་རུ་ཟུར་དང་ཁོང་གི་བུ་གཉིས་ཐོག་མའི་ས་ཡིག་རྒྱག་མཁན་རེད་འདུག་ཅེས་ལག་པ་རེ་རེ་གཅོད་རྒྱུ་འཁོད་པར་ང་གཉིས་ཀྱི་ལག་པ་གཅོད་རྩིས་བྱེད་སྐབས་་ཕ་བོང་ཁའི་བླ་མ་རིན་པོ་ཆེ་དང་། སེར་བྱེས་མཁན་པོ་ཐུབ་བསྟན་སྙིང་པོ་རྣམ་གཉིས་ནས་བཀའ་བློན་ཁྲི་སྨོན་ལ་ཞུ་སྐུལ་རོགས་རམ་ཤུགས་ཆེན་གནང་སྟབས་བཀའ་བློན་ཁྲི་སྨོན་ནས་ལག་པ་གཅོད་མ་དགོས་པ་བྱས་ཆོག་ཅེས་ཁས་ལེན་ཞུས་འདུག་པ་ལྟར་ང་གཉིས་ལས་ཞབས་ཆབས་གཅིག་གནས་དབྱུང་ཐོག་སླད་ལུང་ཤར་མི་རྒྱུད་ནས་ས་གནས་སྲིད་གཞུང་གི་དཔོན་རིགས་བྱས་མི་ཆོག་པའི་ཉེས་ཆད་བཏང་བྱུང་། ལུང་ཤར་ཁོང་བཙོན་ཁང་ནང་བཞུགས་དུས་གསོལ་ཆས་སོགས་ཁྱིམ་ནས་ཉིན་ལྟར་འབུལ་སྐབས་གསོལ་སྨན་དང་ཐུགས་མཁོ་ཙག་རྩིག་ དགོས་རིགས་སྤྱན་ཤོར་རུང་ཚོད་བྲིས་གནང་བའི་ཕྱག་བྲིས་ཐུང་ཐུང་རེ་བསྐུར་གནང་གི་འདུག ཐེངས་གཅིག་ཕྱག་བྲིས་ནང་ཞོལ་ལས་ཁུངས་ཀྱི་བཙོན་ཁང་ཤོད་དེ་ས་ཕུག་ཡིན་སྟབས་འབུ་སྡིག་པ་མང་པོ་ཡོད་གཤིས། དེ་སྲུང་བྱེད་ཉལ་གུར་ཞིག་བསྐུར་དགོས་གསུངས་པ་ལྟར་ཕུལ་བས་གནོད་འབུ་འགོག་ཐུབ་པ་བྱུང་འདུག རྫ་རོང་ཕུའི་བླ་མ་སྐུ་གོང་མ་དེ་ཁོང་གི་ཆོས་ཞུ་སའི་བླ་མ་ཡིན་གཤིས་ཁོང་ལ་འབུལ་རྒྱུའི་ཞུ་ཡིག་ཞིག་ཨེམ་རྗེ་ཐུབ་བསྟན་ལགས་ཟེར་བར་འབྲི་རོགས་གསུངས་ཏེ། སྤོས་བྲིས་གནང་བ་དེའི་ནང་ཐོག་མཐའ་ བར་གསུམ་གྱི་གནས་ཚུལ་རྩོམ་ཡིག་ཚིགས་བཅད་མ་ཞིག་འདུག་པ་ དེར། སྐྱིད་ཕྱོགས་ཀུན་དགེའི་བྱ་བ་འགའ་རྩོམ་ཚེ།། བར་ཆད་སྤྲིན་ནག་དྲག་པོའི་ཀློང་དུ་ཚུད།། དེ་དུས་གཤེད་མ་བརྒྱ་ཕྲག་མཐའ་ནས་བསྐོར།། རྩུབ་མོའི་ཚིག་བཅས་མིག་གཉིས་ས་ལ་དབྱུངས།། ཆུ་བུར་མིག་གཉིས་ས་ལ་དབྱུངས་ན་ཡང་།། ཡེ་ཤེས་སྤྱན་རས་འདི་ལ་དབྱུངས་ཐབས་ཅི།། མིག་ལོང་རྟག་ཏུ་མུན་པའི་རང་བཞིན་ལ།། བཙོན་ཁང་མུན་ནང་འཇུག་པ་ཨེ་མ་མཚར།། བསགས་པའི་རྒྱུ་ནོར་གཞན་གྱིས་འཕྲོག་ན་ཡང་།། འཕགས་པའི་ནོར་བདུན་འདི་ལ་འཕྲོག་ཐབས་ཅི།། གཞན་གྱིས་བཙོན་ཁང་མུན་པ་གཏིང་རིང་ཟེར།། རང་སྣང་འོད་གསལ་ཀློངས་ཡངས་ཕུག་པ་ནས།།

སྙོམས་ལས་འདུ་གསུམ་བཀའ་འབངས་ལུང་ཤར་བ།།

རྡོ་རྗེ་ཚེ་རྒྱལ་ཞེས་པའི་ཕྱག་བཅས་ཕུལ།། ཞེས་སོགས་འཁོད། རྗེས་སུ་གློད་གྲོལ་བཏང་རྗེས་ཁྱིམ་མིས་འཚམ་འདྲི་ཞུས་ཏེ་སྤྱན་འབྲས་གཉིས་འདོན་སྐབས་སྐུ་ངལ་ཆེན་པོ་བྱུང་མེད་དམ་ཞུས་པར། མིག་ འབྲས་གཉིས་འདོན་སྐབས་ཐོག་མར་གླང་ཆེན་སྨྱོན་པ་ཟེར་བའི་སྨན་ཞིག་སྟེར་བྱུང་བ་དང་། དེ་ནས་ཡ་ཁུང་གཡས་གཡོན་དུ་གཡག་གི་ཨ་ཆུག་རེ་རེ་བཞག་སྟེ་མགོ་བོ་ཐག་པས་དམ་པོ་བསྡམས་ནས་བཙིར་ཐོག མིག་འབྲས་གཉིས་ཕྱིར་ཐོན་གྲབས་བྱེད་དུས་གྲི་བརྒྱབ་སྟེ་བཀོག་སོང་། ད་དུང་ཁྱོད་ཀྱི་བུ་གཉིས་ཀྱང་དེ་བཞིན་བཟོ་གི་ཡིན་ཟེར། རྗེས་སུ་བུ་གཉིས་ལ་སྐྱོན་ཆག་མེད་པ་གོ་ཐོས་བྱུང་བ་མ་ཟད། དེ་རིང་དངོས་སུ་ཐུག་པ་ནི་ཧ་ཅང་དགའ་པོ་བྱུང་། རང་རེར་གནས་ཚུལ་དེ་ལྟ་བུ་ བྱུང་བ་ནི་ང་རང་ནས་ལས་འགུལ་དེར་ཐབས་ཤེས་ཟབ་ནན་ཞིག་མ་བྱུང་བའི་སྐྱོན་ཆ་ཡིན་པ་ལས་གཞན་ལ་འཁང་ར་བྱེད་རྒྱུ་མེད། དགྲ་ བོར་སྡང་སེམས་འཁོན་འཛིན་ནི་དེ་བས་ཀྱང་བྱེད་རྒྱུ་ཡོད་པ་མ་རེད།དེ་ནི་ཕན་ཐོགས་མེད་པ་ཞིག་ཡིན། ང་རང་བཙོན་ལ་ལོ་བཞི་ཙམ་སྡོད་རིང་ཉིན་མཚན་མེད་པར་མ་ཎི་བསྒྲངས་ཏེ་མ་ཎི་དུང་ཕྱུར་གཅིག་ལོངས་སོང་། དེ་ཡང་རྐྱེན་ངན་གྲོགས་ཤར་ཞིག་རེད་གསུང་གི་འདུག སྐབས་དེར་སྤྱི་ཚོགས་ཀྱི་གླེང་ཕྱོགས་ནང་མཐོ་རིམ་མི་སྣ་ཁག་གཅིག་ནས་དེ་སྔོན་ཞིབ་འཕར་འབྲུ་རིགས་བཀལ་བར་འཁོན་འཛིན་གྱི་སྙིང་ཚིམ་པའི་རྣམ་འགྱུར་སྟོན་མཁན་ཡང་འདུག དཔོན་རིགས་མང་ཆེ་བ་ནི་བློ་ཕམ་པའི་རྣམ་པ་བྱེད། སྤྱིར་བཏང་མང་ ཚོགས་ནི་བསམ་པ་བཟང་བས་མིག་འབྲས་བཀོག་པར་ཧ་ལས་པའི་ཅ་ཅོ་ལྡིར་བ་དང་། སྙིང་རྗེ་ལྟ་བུས་གསོལ་ཆས་སོགས་འབུལ་མཁན་ཡང་ ཁ་ཤས་བྱུང་འདུག རྗེས་ནས་ནང་ལ་ཕེབས་དུས་སྐུ་གཟུགས་བདེ་པོ་རང་མེད་སྟབས་ལོ་་་གཅིག་ཙམ་བཞུགས་རྗེས་བསྙུན་མནར་གྱིས་སྤྱི་ལོ༡༩༤༠སྟེ་ལྕགས་འབྲུག་་ལོར་གྲོངས་སོ།།

༣ དགེ་འདུན་ཆོས་འཕེལ།

དགེ་འདུན་ཆོས་འཕེལ་ནི་མདོ་སྨད་རེབ་གོང་ཞོ་འཕང་ཞེས་བྱ་བར་་ཡབ་སྔགས་འཆང་རྡོ་རྗེའི་མཚན་ཅན་ནམ་ཨ་ལགས་རྒྱལ་པོ་ཞེས་བྱ་་བ་དང་ཡུམ་པད་མ་སྐྱིད་ཀྱི་སྲས་སུ། ཙོང་ཁ་སྐྱེས་རིར་རབ་བྱུང་བཅོ་ ལྔ་ཆུ་མོ་ཡོས་སྤྱི་ལོ་༡༩༠༣ལོའི་ཧོར་ཟླ་བརྒྱད་པའི་ནང་སྐུ་བལྟམས། དགུང་ལོ༥༡ལས་མ་བཞུགས། དགུང་ལོ་བདུན་ཕེབས་སྐབས་ཡབ་ གཤེགས་རྗེས་ཡ་མ་བཀྲ་ཤིས་འཁྱིལ་དུ་ཁོང་ཡུམ་སྲས་གསུམ་བཞུགས། དགུང་ལོ་བརྒྱད་ཕེབས་པར་ཡི་གེ་བསླབས་ནས་ལོ་བཅུའི་ཐོག་གྲྭ་གྲས་སུ་ཞུགས། དགེ་བཤེས་ཨ་ཁུ་ཚུལ་ཁྲིམས་ཀྱི་དྲུང་ནས་སུམ་རྟགས་དང་སྙན་ངག་་སོགས་གསན། དགུང་ལོ་བཅོ་ལྔ་སྟེང་རྡི་ཚ་དགོན་དུ་རིག་ལམ་གྱི་སྐོར་ སོགས་སློབ་གཉེར་མཛད། དགུང་གྲངས་བཅུ་བདུན་ལ་ཕེབས་སྐབས་ བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་ཏེ་བསྡུས་གྲྭ་ནས་བརྩམས་ཏེ་མཚན་ཉིད་རིག་པ་སྦྱངས། དགུང་གྲངས་ཉེར་ལྔའི་སྟེང་ལྷ་སར་ཕེབས། དེ་ ནས་འབྲས་སྤུངས་སུ་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་མཁས་པ་ དུ་མ་བསྟེན་ནས་ལོ་བདུན་ཙམ་བཞུགས། དགུང་ལོ་སུམ་ཅུ་སོ་གཉིས་ཕེབས་པ་ཤིང་ཁྱི་སྤྱི་ལོ་༡༩༣༤ལོར་འཕན་ཡུལ་དང་། རྭ་སྒྲེང་། གཙང་ཁུལ་སོགས་ལ་གནས་གཟིགས་དང་སྦྲག་ བལ་ཡུལ་བརྒྱུད་རྒྱ་གར་དུ་ཕེབས། སཾསྐྲྀ་ཏའི་སྐད་ལ་སྦྱངས་མཐར་ གནས་བརྟན་སྡེ་བའི་མདོ《ཆོས་ཀྱི་ཚིགས་སུ་བཅད་པ》ལ་སོགས་ པ་ཐོགས་མེད་དུ་བསྒྱུར་བར་མཛད། དེ་ནས་རབ་བྱུང་བཅུ་དྲུག་པའི་ས་སྟག་སྤྱི་ལོ་༡༩༣༨ལོར་ཧུ་ལ་དང་་རྒྱ་གར་རི་མོ་བ་གཅིག དཔར་འདེབས་མཁན་གཅིག་བཅས་ལྷན་དུ་ བོད་དུ་ཕེབས་ནས་དཔལ་ལྡན་ས་སྐྱའི་དགོན་པ་སོགས་དབུས་གཙང་གི་གནས་དགོན་རྙིང་པ་ཁག་ལ་རྒྱ་དཔེ་ཇི་ཙམ་བཞུགས་པ་གཟིགས་ཞིབ་ཐོག་དཔེ་ཐོ་དཀར་ཆག་ཞིབ་ཚགས་བཀོད་པར་མཛད་དེ་སླར་་རྒྱ་གར་དུ་ཕྱིར་ཕེབས་གནང་། སྐབས་དེར་དབྱིན་ཡིག་སློབ་སྦྱོང་རྒྱུན་དུ་མཛད་མུས་ནས་ཨུ་རུ་སུ་་ རོག་རིས་ཞེས་པ་དེའི་སར་བཞུགས་ཏེ་དེབ་ཐེར་སྔོན་པོ་དབྱིན་ཡིག་ཏུ་་་བསྒྱུར་བའི་རོགས་མཛད་དེ་ཀུ་ལུར་ལོ་གསུམ་ཙམ་བཞུགས། བོད་ཤིང་བྱ་ཁོང་གི་རྩོམ་པར་མཛད་པའི་བསྟན་བཅོས་ལ། 《རྒྱལ་ ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》《བོད་ ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ》《སིང་ག་ལའི་ལམ་ཡིག》《རྒྱལ་པོ་ར་མ་ཎའི་ རྟོགས་བརྗོད》《བྱ་ ལེན་མའི་རྟོགས་བརྗོད》ནག་མོ་ཁོལ་གྱིས་མཛད་པ་རྒྱ་གར་སྐད་ནས་ བོད་སྐད་དུ་བསྒྱུར་བ《སྒྲའི་ཟིན་བྲིས》《གངས་རིའི་སྐོར》《ཞང་ དགའ་བའི་བློ་གྲོས་ལ་བྲིས་ལན》《རྟུལ་ཆུང་དཔྱད་པའི་སྐོར》《དབུ་ ཚད་དཀའ་བའི་གནད》《ལུ་བྱེད་མཐའ་དཔྱད》《འདོད་པའི་ བསྟན་བཅོས》《རྡི་ཚ་སྐམ་པོས་ཕུལ་བའི་ཞུ་ཡིག》《རྒྱ་གར་གྱི་ གནས་ཆེན་བརྒྱད་ཀྱི་ལམ་ཡིག་སྔ་རྗེས་གཉིས》《ཀེ་ཏ་ཀ་སོགས་ཀྱི་ བཤད་པ》《ལེགས་ལྡན་ནག་པོའི་གླུ》《རང་བཞིན་གསུམ་ངེས་པ》《གཏམ་གྱི་ཚོགས་ཉིན་མཚན་བདུན་པ》《སིང་ག་ལའི་གནས་བརྟན་ སྡེ་བའི་མདོ་དྷརྨ་པ་དཱ་ཞེས་བྱ་བ》ཆོས་ཀྱི་ཚིགས་སུ་བཅད་པ་རྒྱ་གར་ སྐད་ནས་བོད་སྐད་དུ་བསྒྱུར་བ། 《ལེགས་སྦྱར་བང་མཛོད》སུམ་རྟགས་ ཀྱི་སྐོར་ཕྲན་བུ། སྙན་ངག་གི་དཀའ་གནད་ཕྲན་བུ་རྣམས་སོ།། དགུང་གྲངས་ཞེ་དགུར་ཕེབས་པ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་སྤྱི་ལོ་༡༩༥༡ལོའི་ཧོར་ཟླ་༨་པའི་ཚེས༡༤དགོང་དྲོའི་ཆུ་ཚོད་བཞི་་པ་ཙམ་ལ་ལྷ་ས་དགའ་རུ་ཤར་དུ་སྐུ་གཤེགས་སོ།། ༤ དཔལ་དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་མཆོག་ནི་༡༩༥༣ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དགུ་རོང་སྡེ་བར་སྐྱེས། ༡༩༦༡ལོར་དཔལ་དོན་གྲུབ་རྒྱལ་ལོ་བརྒྱད་ལ་སླེབས་ཤིང་། ཕ་ཡུལ་གྱི་སློབ་ ཆུང་དུ་ཞུགས་ནས་སློབ་སྦྱོང་བྱེད་པའི་མགོ་བརྩམས། ༡༩༦༤ལོར་རྨ་ ལྷོ་ཁུལ་དགེ་འོས་སློབ་གྲྭར་ཞུགས་ཤིང་སློབ་མཐར་ཕྱིན་ཏེ། མཚོ་སྔོན་ མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་ལས་ཀར་ཞུགས། ༡༩༧༡ལོར་ཀྲུང་དབྱངས་མི་རིགས་སློབ་གླིང་སྐད་ཡིག་རྩོམ་རིག་ཚན་ ཁག་གི་བོད་རྒྱའི་ཡིག་བསྒྱུར་ཆེད་ལས་སུ་ཞུགས་ཏེ་སློབ་སྦྱོང་བྱས་ཤིང་། ༡༩༧༥ལོར་མཐར་ཕྱིན་ནས་ཕྱིར་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་ལོག་སྟེ་ཕྱག་ལས་གནང་། ༡༩༧༨ལོར་ཀྲུང་དབྱངས་མི་རིགས་སློབ་གླིང་བོད་ཀྱི་རྩོམ་རིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མར་རྒྱུགས་སྤྲད་ནས་འཕྲོད་ཅིང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ ལས་མཆོག་དགེ་རྒན་དུ་བསྟེན་ནས་བོད་ཀྱི་རིག་གཞུང་སྤྱི་དང་ཁྱད་པར་དུ་གནའ་རབས་བོད་ཀྱི་རྩོམ་རིག་ལ་སྦྱངས་བརྩོན་མཛད། ཁོང་གི་སྦྱངས་འབྲས་ལེགས་ཤིང་རྣམ་དཔྱོད་ཕུལ་དུ་བྱུང་བར་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་ཀྱང་བསྟོད་བསྔགས་དང་གཙིགས་ཆེན་མཛད་ལ། ༡༩༨༡ལོར་《བོད་ཀྱི་མགུར་གླུའི་བྱུང་འཕེལ་ གྱི་ལོ་རྒྱུས་དང་ཁྱད་ཆོས་རིག་པའི་ཁྱེའུ་རྣམ་པར་རྩེན་པའི་སྐྱེད་ཚལ་》ཞེས་པའི་དཔྱད་རྩོམ་བྲིས་ནས་ཧྲོ་ཧྲིའི་མིང་བཏགས་བླངས་ཤིང་སློབ་ གྲྭ་དེར་དགེ་རྒན་གྱི་ཕྱག་ལས་གནང་། ༡༩༨༣ལོར་མཚོ་སྔོན་ཞིང་ཆེན་ཆབ་ཆ་གྲོང་རྡལ་དུ་ཡོད་པའི་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭར་ཕེབས་ནས་དགེ་རྒན་གྱི་ལས་ཀ་མཛད། སྐབས་དེར་ཁྱིམ་དུ་བདེ་སྐྱིད་ཀྱི་དྲོད་ཁོལ་ཞན་པ་དང་ཕ་མའི་བྱམས་སྐྱོང་གི་ནུ་ཞོ་རེག་མ་ཐུབ་པའི་ཁར་《སྤྲུལ་སྐུ》སོགས་གསར་རྩོམ་་་་ བྱས་ཏེ་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་དོན་དངོས་ལ་ཟུར་ཟ་བྱས་སྟབས།སྲོལ་རྒྱུན་གྱི་སྡང་མིག་དང་སྤྱི་ཚོགས་ཀྱི་གླེང་ཕྱོགས་བཅས་ནི་ཤིན་ཏུ་་ཐེག་དཀའ་བའི་ཁུར་བོ་ཞིག་ཏུ་གྱུར་ཀྱང་། དཀའ་སྡུག་དང་འགལ་ ཟླ་ལ་མགོ་མི་སྒུར་བ་ནི་ཁོའི་ཞུམ་པ་མེད་པའི་སྙིང་སྟོབས་དང་སྤོབས་་པ་རེད། ༡༩༨༥ལོའི་ཟླ་༡༡པའི་ཚེས་༢༩ཉིན་རྩོམ་རིག་གསར་རྩོམ་དང་རིག་གཞུང་་ཞིབ་འཇུག་ལ་གསེར་ལྟར་དཀོན་པའི་མཁས་དབང་འདི་ཉིད་མཚོ་སྔོན་་ཞིང་ཆེན་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་རྡལ་དུ་དགུང་ལོ་སོ་གཉིས་སྟེང་སྐུ་གཤེགས་པས་འདི་ནི་བོད་ཀྱི་རྩོམ་རིག་གསར་བའི་གར་སྟེགས་སྟེང་གི་གོད་ཆག་ཅིག་ཏུ་གྱུར། ཉིན་དེར་ཁོང་གིས་ཡུན་རིང་རེ་སྒུག་བྱས་པའི་ཞན་ཡང་བོད་ལྗོངས་སློབ་གླིང་གི་ལས་གནས་སྤོར་བའི་གྲོས་ཡིག་འབྱོར་མོད་ཧ་ཅང་ཕངས་བའི་གནས་སུ་གྱུར། དཔལ་དོན་གྲུབ་རྒྱལ་མཆོག་ནི་དེང་རབས་བོད་ཀྱི་རྩོམ་རིག་གི་མཁའ་་དབྱིངས་སུ་རྟག་ཏུ་འཚེར་བའི་སྐར་མ་འོད་ཆེན་ཞིག་ཡིན་ཞིང་། ཁོང་ གི་མི་ཚེའི་བརྒྱུད་རིམ་དང་བློ་གྲོས་ཀྱི་རྩལ་ནི་ཧ་ཅང་ཐུན་མོང་མ་ཡིན་་པ་ཞིག་ཡིན་ལ། དེ་བཞིན་དུ་ཁོང་གི་རྩོམ་རིག་བརྩམས་ཆོས་ལའང་ གསར་གཏོད་ཀྱི་རང་བཞིན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་་ པས། རིག་གཞུང་ཞིབ་འཇུག་ཐད་གྲུབ་འབྲས་མངོན་གསལ་བླངས་ཤིང་། བོད་ཀྱི་དེང་རབས་རྩོམ་རིག་གི་གར་སྟེགས་སྟེང་གསར་རྩོམ་གྱི་གར་སྟབས་ཐུན་མོང་མ་ཡིན་པ་ཞིག་བསྒྱུར་བ་དང་། ཁོའི་ཤིན་ཏུ་ཐུང་བའི་མི་ཚེའི་ཤོག་བྱང་ངོས་སུ་ཕུལ་དུ་བྱུང་བའི་རྩོམ་རིག་གི་གྲུབ་འབྲས་བླ་མེད་བསྐྲུན་པ་རེད། ཁོང་གིས་བོད་ཡིག་གི་ལམ་ནས་བྲིས་པའི་རང་མོས་སྙན་ངག་དང་སྒྲུང་གཏམ། ལྷུག་རྩོམ་བཅས་ནི་ལོ་རབས་བརྒྱད་ཅུ་པའི་བོད་ཀྱི་དེང་རབས་རྩོམ་རིག་གི་སྒོ་འཕར་ཡངས་པོ་ཕྱེས་ལ། བོད་རིགས་ཀྱི་མཁས་པ་དང་་རྩོམ་པ་པོ་ཀུན་གྱིས་གདེང་འཇོག་ཆེན་པོ་བྱས་ཡོད་པ་དང་། ཁོང་གིས་དེང་རབས་བོད་ཀྱི་རྩོམ་རིག་དང་རིག་གཞུང་གི་འཕེལ་རྒྱས་ལ་་བྱས་རྗེས་ཆེན་པོ་བཞག་ཡོད་པས།བོད་ཀྱི་དེང་རབས་རྩོམ་རིག་གི་རྨང་གཞི་འདིང་མཁན་ཡིན་ཞེས་བརྗོད་ཆོག་ཆོག་ཡིན། དེང་རབས་བོད་ཀྱི་རྩོམ་པ་པོ་དང་མཁས་པའི་ཁྲོད་ན་དཔལ་དོན་གྲུབ་རྒྱལ་ལྟ་བུའི་ལྷན་སྐྱེས་ཀྱི་ཤེས་རབ་ཅན་ཤིན་ཏུ་དཀོན་ཞིང་། བོད་ཡིག་གིས་རྩོམ་འབྲི་བྱེད་པའི་བོད་ཀྱི་རིག་གནས་པའི་ཁྲོད་ན་ད་ལྟའི་བར་ཁོང་ལས་ལྷག་པ་ཕལ་ཆེར་མེད་ཅེས། བོད་ཀྱི་མཁས་པ་ཀུན་གྱིས་མགྲིན་གཅིག་ཏུ་ཁས་ལེན་བྱེད་བཞིན་ཡོད། ཁོང་ལ་མྱུར་ཞིང་རྣོ་བའི་བློ་གྲོས་ལྡན་ལ་སྤོབས་པ་རབ་ཏུ་རྒྱས་པར་མ་ཟད་རྩོམ་པའི་བློ་ཁ་ཡངས་ཤིང་སྐྱེན་པས། ཁ་འགུལ་བ་ཙམ་གྱིས་ རྩོམ་རྒྱག་ལ། ལག་འགུལ་བ་ཙམ་གྱིས་སྙན་ངག་འབྲི། སྤུས་ཚད་ཀྱང་ཧ་ཅང་མཐོ་སྟེ། བོད་ཡུལ་ཡོངས་ལ་དར་ཁྱབ་ཆེ་བའི་《མཚོ་སྔོན་པོ》ཞེས་པའི་གླུ་ཚིག་ནི་ཁོང་གིས་ཐོལ་བྱུང་དུ་བརྩམས་ པ་ཞིག་ཡིན། ལོ་ཉེར་བརྒྱད་སོན་མཚམས་ནས་དཔལ་དོན་གྲུབ་རྒྱལ་ལ་བོད་ཀྱི་དེང་རབས་རྩོམ་རིག་གི་དོ་ར་རུ་གྲགས་པ་རྒྱས་འགོ་ཚུགས། ༡༩༨༡ལོར་ཁོང་གི་སྙན་ངག་དང་སྒྲུང་རྩོམ་ཕྱོགས་བསྡུས་《འབོལ་རྩོམ་ ཞོགས་པའི་སྐྱ་རེངས》ཞེས་པ་དེ་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་ གིས་དཔར་སྐྲུན་བྱས། ༡༩༨༢ལོར་《གངས་དཀར་རི་བོ》ཞེས་པའི་དུས་དེབ་སྟེང་དུ་《སྙན་ ངག་གི་སྲོག་བཅུ་བདུན་གྱི་དཔེར་བརྗོད》ཅེས་པ་འདོན་སྤེལ་བྱས། ༡༩༨༣ལོར་《སྦྲང་ཆར》དེབ་གཉིས་པའི་སྟེང་དུ་སྒྲུང་ཐུང་《རྒྱུ་འབྲས་ མེད་པའི་མནའ་མ་》ཞེས་པ་འདོན་སྤེལ་བྱས། ༡༩༨༤ལོར་《སྦྲང་ཆར》 དེབ་གཉིས་པའི་སྟེང་ལ་《བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་ གྱི་ལྡེ་མིག་བཀླགས་པའི་མྱོང་ཚོར་བློ་མཐུན་སངས་རྒྱས་དང་བསམ་འཆར་བརྗེ་རེས་ཀྱི་ཆེད་དུ་ཕུལ་བ》ཞེས་པ་དོན་སྤེལ་བྱས། ལོ་དེར་ཁོང་ གི་ཧྲོ་ཧྲིའི་དཔྱད་རྩོམ་《བོད་ཀྱི་མགུར་གླུའི་བྱུང་འཕེལ་གྱི་ལོ་རྒྱུས་དང་་ ཁྱད་ཆོས་རིག་པའི་ཁྱེའུ་རྣམ་པར་རྩེན་པའི་སྐྱེད་ཚལ་》ཞེས་པའང་ མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས། ཁོང་གི་སྙན་ངག་གི་ འཐུས་ཚབ་ཏུ་རུང་བའི་བརྩམས་ཆོས་《འཁྲུལ་མིན་རྨི་ལམ་དགའ་་་་ སྐྱེད》ཅེས་པར་སྐབས་དང་པོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་ གསར་རྩོམ་གྱི་བྱ་དགའི་སྙན་ངག་གི་བྱ་དགའ་ཐོབ། ལོ་རབས་དགུ་བཅུ་པའི་དཀྱིལ་ལ་བོད་ཀྱི་ན་གཞོན་མཁས་པ་འགའ་་དང་ལྷོ་ནུབ་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་སྐུ་ཞབས་བན་་ ཁོ་སོགས་ཀྱིས་དཔལ་དོན་གྲུབ་རྒྱལ་གྱི་རིག་གཞུང་གི་ཤུལ་ནོར་ལྷན་་དུ་བསགས་ཏེ་ལེགས་སྒྲིག་བྱས་ཤིང་། ཕུར་ཁོ་དང་། མགོན་པོ་དར་ རྒྱས་སོགས་ཀྱིས་དེབ་དྲུག་ཅན་གྱི་《དཔལ་དོན་གྲུབ་རྒྱལ་གྱི་གསུང་ འབུམ》བསྒྲིགས་ཏེ། ༡༩༩༧ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་ བྱས་པ་དང་། དེ་ལ་༡༩༩༩ལོར་ཀྲུང་གོའི་དཔེ་དེབ་ཀྱི་ཆེས་མཐོ་བའི་ བྱ་དགའ་ཐོབ། དཔལ་དོན་གྲུབ་རྒྱལ་གྱི་རྩོམ་རིག་དང་རིག་གཞུང་གི་གྲུབ་འབྲས་ལ། བོད་ཀྱི་མཁས་པ་རྣམས་ཀྱིས་བསྔགས་བརྗོད་མཐོན་པོ་གནང་མྱོང་སྟེ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་ཁོང་ནི་”རང་ རིགས་གཞོན་ནུའི་ཁྲོད་རྩོམ་རིག་སྒྱུ་རྩལ་མཁས་ཅན་དང་བོད་རིག་་་པའི་ཞིབ་འཇུག་མཁན་”ཡིན་པར་བསྔགས་པ་མ་ཟད། སྒྲུང་རྩོམ་དང་། སྙན་ངག བོད་ཀྱི་རིག་གནས་ཞིབ་འཇུག་གསུམ་ གྱི་ཆ་ནས་ཁོང་གི་གྲུབ་འབྲས་ལ་གདེང་འཇོག་བྱས་ཤིང་། ཁོང་རང་ མི་ཚེ་ཐུང་ཡང་གྲུབ་འབྲས་ཆེ་བར་གསུངས། ནུབ་བྱང་མི་རིགས་སློབ་ གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དོར་ཞི་ལགས་ཀྱིས། རང་ཉིད་དཔལ་དོན་གྲུབ་རྒྱལ་དང་འབྲེལ་འདྲིས་བྱུང་ཚུལ་རྗེས་དྲན་བྱས་ཤིང་། ཁོང་ གི་རིག་གཞུང་ཞིབ་འཇུག་དང་བསམ་བློ་ལ་གདེང་འཇོག་ཆེན་པོ་གནང་། གཉའ་བློ་གྲོས་རྒྱལ་མཚན་ལགས་ཀྱིས་དཔལ་དོན་གྲུབ་རྒྱལ་ནི་”དབྱངས་་ཅན་མའི་ཕོ་ཉ་”དང་། རྩོམ་རིག་པ་དང་། བསམ་བློ་བ། སྙན་ངག་ པ་བཅས་ཡིན་པར་སྨྲས་ལ། སྒྱུ་རྩལ་དང་བསམ་བློ་གཉིས་ཀའི་ཆ་ནས་ ཁོང་གི་སྙན་ངག་གི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་མཛད་པ་་དང་། ཁོང་ནི་སྙན་ངག་པ་ཆེན་པོ་ཡིན་ཞིང་། ཁོང་ལ་མདོ་དབུས་ཁམས་གསུམ་གྱི་གཞོན་ནུ་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱེད་པར་་གསུངས། བོད་རིག་པའི་ཆེད་མཁས་སྐུ་ཞབས་ཀེང་ཡུས་ཧྥང་གིས་དཔལ་དོན་་གྲུབ་རྒྱལ་གྱི་རྩོམ་རིག་བརྩམས་ཆོས་ལ་དཔྱད་འཇོག་བྱེད་སྐབས་ལོ་་མཉམ་རྣམས་ཀྱི་ཁྲོད་ནས་ཁོང་ནི་ལོ་རབས་བརྒྱད་ཅུ་པའི་བོད་ཀྱི་རྩོམ་པ་པོ་ཕུལ་དུ་བྱུང་བ་ཞིག་རེད་ཅེས་བསྔགས་བརྗོད་བྱས་ཡོད། ལས་དབང་གི་མཐུ་བཙན་པས། དཔལ་དོན་གྲུབ་རྒྱལ་ནི་མི་ཡུལ་གྱི་སྐད་ཅིག་གི་མགྲོན་པོར་གྱུར་ཅིང་། མཐོ་སྒང་གི་སྐར་མདའ་བཞིན་དུ་ཁོང་གི་མི་ཚེའི་བཤུལ་ལམ་དང་། གསར་རྩོམ་དང་ཞིབ་འཇུག་གི་ དུས་ཡུན་ཐུང་དྲགས་ན་ཡང་། ཁོང་གིས་ཡབ་མེས་ཀྱི་སྐད་ཡིག་བེད་སྤྱོད་བྱས་ནས་གསར་རྩོམ་དང་ཞིབ་འཇུག་བྱས་པ་ཡིན་པས། ཁོང་གི་ སྐྱེས་ཁུངས་དང་། ལོ་རྒྱུས། བརྩམས་ཆོས། རིག་གཞུང་གི་བྱས་རྗེས་ སོགས་ནི་བོད་མི་སུ་ཞིག་ཡིན་ཡང་བརྗེད་དུ་མེད་པའི་རྡོ་ལ་རི་མོ་རྐོས་་ པ་ལྟ་བུ་ཞིག་ཏུ་གྱུར་ཡོད་དོ།། མཇུག་གཏམ།

དུས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས། འཛམ་གླིང་གཅིག་གྱུར། ཆབ་ སྲིད་དམངས་གཙོ། སྤྱི་ཚོགས་ཞི་བདེ་ཡི་ལམ་དུ་འགྲོ་བཞིན་པའི་དུས་ སྐབས་བཟང་པོ་འདིར། ང་ཚོའི་འཚོ་སྡོད་ཁོར་ཡུག་ལ་འཕོ་འགྱུར་ རང་བཞིན་དང་། འཕེལ་རྒྱས་ཀྱི་གོམ་ཁ་མི་ལྷོད་པར། དངོས་ཡོད་ ཀྱི་སྤྱི་ཚོགས་ལ་གདོང་གཏོད་ཅིང་། འཕེལ་རྒྱས་ཀྱི་གོམ་སྟབས་མདུན་ ནས་མདུན་དུ་སྤོ་བའི་ཕྱིར་དུ་མི་བུ་བྱེ་བྲག་རེ་རེ་ནས་ཡར་སློང་ཞིང་། མི་བུ་བྱེ་བྲག་རེ་རེ་ནས་འགོ་རྩམ་ཏེ་ལེགས་བཅོས་བྱེད་པའི་ཐབས་ཚུལ་གྱིས། གདོལ་སྤྱོད་དང་། མུན་ནག་གི་དུས་རབས་ལ་རྫོགས་ཚིག་འབྲི་ བ་དང། རང་དབང་དང་། དམངས་གཙོའི་ལམ་བཟང་ལ་དབུ་ཁྱུད་ འབྲི་བའི་ཕྱིར། གཡོལ་དུ་མེད་པའི་འགན་འཁྲི་ཕྲག་ཏུ་བླང་ཏེ་ང་ཚོ་ མི་བུ་རེ་རེ་ནས་བདེན་པ་འཚོལ་བའི་ཕྱིར་དུ་བསམ་བློ་རེ་མི་གཏོང་ དཀའ་མེད་རེད་དོ།། 《དྲང་བདེན་སྙིང་སྟོབས་》ཞེས་པའི་དེབ་ཆུང་འདི་ནི་གནས་བབས་ དེ་དག་གི་འོག་ནས། ལྷག་བསམ་དང་ཕུགས་འདུན་ཞིག་གིས་འགོ་ བརྗོད་བརྩམས་ཤིང་། དགའ་སྐྱོ་དང་རེ་དོགས་ཞིག་གིས་མཇུག་བྱང་ བྲིས་ཏེ་ཀློག་མཁན་སྤུན་ཟླ་གང་མང་ཞིག་གི་སྤྱན་ལམ་དུ་འབུལ་ཐུབ་སོང་བ་འདི་ནི། མང་མང་ཞིག་གི་བྱེད་ཕྱོགས་ལྟར་ལད་མོ་ཙམ་མ་ཡིན་ པར། རང་ལ་མཚོན་ན་བསམ་པའི་རང་སྐྱོང་དང་། སྨྲ་བརྗོད་རང་ དབང་གི་ཐོབ་ཐང་ལོངས་སུ་སྤྱོད་ནས། འགན་འཁྲིའི་འདུ་ཤེས་ཆུང་ ཆུང་ཞིག་གིས་དཀའ་སྡུག་དང་། འབད་འབུང་སྣ་ཚོགས་བརྒྱུད་ནས་ བསྐྲུན་པ་ཞིག་ཡིན་ཞིང་། མིའི་རིགས་སྤྱི་དང་། ལྷག་པར་དུ་ཉམས་ ང་བའི་རང་རིགས་ཀྱི་ལས་དབང་ལ་བསམ་ནས་མ་འོངས་བར་ང་ཚོས་་ཅིས་ཀྱང་། ཟ་ཉལ་ཤེས་པ་ཙམ་གྱིས་ཆོག་ཤེས་མི་བྱེད་པར། འགྲོ་བ་ མིའི་རིགས་སྤྱིའི་གྲལ་དུ་ཚུད་པ་ཞིག་དང་། མི་ཡི་སྤྱོད་པ་སྐྱོང་ཞིང་། མི་སྐད་སྨྲ་བཞིན། ང་ཚོའི་འཚོ་གནས་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་ པའི་ཕྱིར་དུ་འཇིག་རྟེན་གྱི་བདེན་ལུགས་མཐའ་དག་ཚུར་ལེན་བྱེད་པར་སྐུལ་མ་གཏོང་བ་དང་། ང་ཚོ་མི་རིགས་ཚང་མ་དཀའ་སྡུག་གི་ གདུང་སེམས་མཉམ་སྐྱེ་མཚོན་པའི་ཕྱིར་དུ་བྲིས་པ་ཡིན་ཞིང་། དེབ་ ཆུང་འདི་ཀློག་པ་པོའི་སྤྱན་ལམ་དུ་འབྱོར་ཚེ། ཁྱེད་ཀྱི་ལྟ་ཚུལ་དང་ མི་མཐུན་ན་སྨོད་ཚིག་གི་མཆིལ་ཞག་མི་འཕེན་པར། དཀྱེལ་ཡང་གི་ བསམ་བློས་བདེན་དོན་དང་། གནས་ལུགས་ཀྱི་དགོངས་འཆར་གནང་ བའི་རེ་བ་ཞུའོ། ། ་ ཞེས་སྤྱི་ལོ་༢༠༡༡ལོའི་ཟླ་༩པའི་ཚེས་༡༠ཉིན་ཟླ་བ་བཟང་པོས་བྲིས་སོ།།