Jump to content

དེ་དེ་བཞིན་ནོ་

ཡོང་ཁུངས་Wikipedia

དེ་དེ་བཞིན་ནོ་ཞེས་པ་ནི་ཤེས་རབ་སྙིང་པོའི་མདོ་ལས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་པ་ལ་གནང་བའི་མཆོད་བརྗོད་ཀྱི་ཚིག་ཅིག་ཡིན་ནོ། །

སྒྲ་བཤད།

[རྩོམ་སྒྲིག]

དེ་དེ་བཞིན་ནོ། །ཞེས་པའི་སྒྲ་འདི་ནི་ངེས་གཟུང་གི་ཚིག་སྟེ། དེ་ཞེས་པ་སྔ་མས་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་པའི་ཤེར་ཕྱིན་གྱི་བསླབ་ཚུལ་ལ་མཚོན་ཞིང་། དེ་ཞེས་པ་ཕྱི་མས་ཆོས་ཉིད་ཀྱི་གནས་ལུགས་ལ་བསྟན་པ་ཡིན་ནོ། །བཞིན་ཞེས་པ་མཚུངས་པའི་དོན་ཏེ། གསུངས་པ་དང་གནས་ལུགས་གཉིས་མཐུན་པར་སྟོན་པའོ། །

འགྲེལ་བཤད།

[རྩོམ་སྒྲིག]

སྤྱིར་བཏང་གི་དོན། []དེ་དེ་བཞིན་ཡིན་གྱི་གཞན་དུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཅི་འདྲ་བ་ཞིག་ཅེ་ན། ཁྱོད་ཀྱིས་ཇི་སྐད་བསྟན་པ་དེ་བཞིན་ཞེས་བྱ་བ་གསུངས་ཏེ། ཁྱོད་ཀྱིས་བསྟན་པ་ལས་མི་འགལ་བར་བསླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ། ཞིབ་ཕྲའི་དོན། []ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ་ཞེས་པའོ། ། []དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ཞེས་པ། སྤྱན་རས་གཟིགས་ཁྱོད་ཀྱིས་བཤད་པ་དེ་ཆོས་ཀུན་གྱི་གནས་ལུགས་དེ་བཞིན་ནོ་ངེད་ཀྱིས་ཁོང་དུ་ཆུད་པའང་དེ་བཞིན་ཏེ་ཞེས་པའོ། ། གསང་སྔགས་ཀྱི་སྒོ་ནས་འགྲེལ་པ། []དེ་ལྟར་ཞེས་འབྱུང་བ་ནི་གསུངས་པའི་རྣམ་པའི་ཚུལ་གྱིས་བསླབ་པར་བྱ་བ་ཡིན་ནོ། །

ལན་གཉིས་བཟླས་པའི་དགོས་པ།

[རྩོམ་སྒྲིག]

[]དེ་ལ་ལན་གཉིས་སུ་བཟླས་པ་ནི་དགའ་བའི་དོན་ནམ་དགའ་ཆེས་པའི་ཕྱིར་རོ། ། []ལེགས་སོ་ཞེས་ལན་གཉིས་སྨོས་པ་ནན་ཏན་གྱི་ཚིག་ཡིན་གྱི་རྣམ་གྲངས་པའི་ཚིག་མ་ཡིན་ནོ། །

གླེང་གཞིའི་སྐབས་དོན།

[རྩོམ་སྒྲིག]

[]དེ་ལྟར་བཅོམ་ལྡན་འདས་ཀྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་པ་དང་བཤད་པ་ལ་ཡང་རྗེས་སུ་མཐུན་པར་བྱེད་དེ། ལེགས་སོ་ཞེས་བྱ་བ་བྱིན་པའི་རང་གི་ངོ་བོ་ནི་རིགས་ཀྱི་བུ་ལེགས་སོ་ལེགས་སོ་ཞེས་འབྱུང་བ་ཡིན་ཏེ། ། []འདི་ནི་སྤྱན་རས་གཟིགས་དབང་ཕྱུག་གིས་ཤེར་ཕྱིན་ལ་བསླབ་ཚུལ་གསུངས་པ་ལ་འཁོར་རྣམས་ཡིད་འབྱུང་ཞིང་། །

ལུང་ཁུངས།

[རྩོམ་སྒྲིག]
  1. དྲི་མེད་བཤེས་གཉེན་གྱི་ཤེས་རབ་སྙིང་པོའི་འགྲེལ་པ།
  2. རོང་སྟོན་ཤེས་བྱ་ཀུན་རིག་གི་ཤེས་རབ་སྙིང་པོའི་འགྲེལ་པ།
  3. ཨ་ལག་ཤ་ངག་དབང་བསྟན་དར་གྱི་ཤེས་རབ་སྙིང་པོའི་འགྲེལ་པ།
  4. དྲི་མེད་བཤེས་གཉེན་གྱི་ཤེས་རབ་སྙིང་པོའི་འགྲེལ་པ།
  5. དྲི་མེད་བཤེས་གཉེན་གྱི་ཤེས་རབ་སྙིང་པོའི་འགྲེལ་པ།
  6. ཨ་ལག་ཤ་ངག་དབང་བསྟན་དར་གྱི་ཤེས་རབ་སྙིང་པོའི་འགྲེལ་པ།
  7. དྲི་མེད་བཤེས་གཉེན་གྱི་ཤེས་རབ་སྙིང་པོའི་འགྲེལ་པ།
  8. རོང་སྟོན་ཤེས་བྱ་ཀུན་རིག་གི་ཤེས་རབ་སྙིང་པོའི་འགྲེལ་པ།