དུས་གསུམ་བྱེ་བྲག་པ

ཡོང་ཁུངས་Wikipedia

དུས་གསུམ་བྱེ་བྲག་པའི་བྱ་ཚིག་སྟེ། མ་འོངས་པ་དང་འདས་ཚིག་གཉིས་སྔོན་འཇུག་བ་ཡིས་འཕུལ་ཅན་དང་། བྱེད་ཚིག་སྟེ་ད་ལྟ་པ་མང་ཆེ་བ་སྔོན་འཇུག་མེད་པ་དང་།(མགོ་ཅན་དང་ལ་བཏགས་ཅན་ལ་ངེས།)བྱ་ཚིག་ཁག་ཅིག རྗེས་འཇུག་ས་ཡིག་ཁོ་ནས་འདས་པ་དང་སྐུལ་ཚིག་ཡིན་པ་སྟོན་པའང་ཡོད་ཅིང་།(བྱས་བྱོས་དང་བྲིས་ཕྲིས་ལྟ་བུ་ཡིན།)སྤྱིར་དུས་གསུམ་བྱེ་བྲག་པའི་བྱ་ཚིག་འདི་ནི་མགོ་ཅན་མང་བའི་རིགས་ཡིན་ནོ།།

རང་སྡེ་ལས་གཞན་བྱ་འདས་གཉིས་བ་སྔོན་འཇུག་ཅན་ཡིན་པ།

མགོ་ཅན་དང་ལ་བཏགས་ཀྱི་བྱེད་ཚིག་འཕུལ་མེད་ཡིན་པ།

མགོ་ཅན་མང་པའི་སྡེ་ཚན་གྱི་རིགས་ཡིན་པ།