དུང་དཀར་བུ་ཁྲིད་

ཡོང་ཁུངས་Wikipedia

དུང་དཀར་བུ་ཁྲིད་ནི་ལུས་མཉེན་སྲོག་ཆགས་ཁོངས་ཀྱི་གསུས་སུག་ཡོད་པའི་སྐོར་ཡིན། བཟའ་བཅའ་ནི་རྩི་ཤིང་ཡིན། སྒོ་ང་སྡོང་པོའི་སྟེང་དང་ས་ནང་དུ་གཏོང་བ་ཡིན། ཚ་ཁུལ་གླིང་ཕྲན་ནས་རྒྱུན་ཏུ་མཐོང་ཐུབ། འོན་ཀྱང་གྲང་ངེར་ཆེ་བའི་ས་ཁུལ་ནས་འཚོ་སྡོད་བྱས་ཡོད་པའང་ཡོད། སྡོང་མགོར་ཡོད་པའི་དུང་དཀར་བུ་ཁྲིད་ཀྱི་ཁ་དོག་ཅུང་བཀྲག་མདངས་ལྡན་ལ་ས་སྟེང་ནས་འཚོ་སྡོད་བྱས་ཡོད་པའི་དུང་དཀར་བུ་ཁྲིད་ཀྱི་ལུས་སྟེང་དུ་ཁྲ་ཐིག་ཡོད།

གཟུགས་གཞིའི་ཁྱད་ཆོས།[རྩོམ་སྒྲིག]

དུང་དཀར་བུ་ཁྲིད་ཅེས་པ་ནི་དབྱར་ཁ་ཆར་བ་ཆེན་པོ་བབས་རྗེས་ན་བུན་འཐིབ་པའི་ནང་ནས་སྤང་སྟེང་དུ་དུང་འཁྱིལ་འདྲ་བ་ཟགས་པའི་ནང་ནས་འབུ་རྭ་ཡོད་པའི་དབྱིབས་པད་མེ་འདྲ་ས་སྤྱིན་ལྟ་བུ་ཚི་ཡོད། དུང་དཀར་བུ་ཁྲིད་ཀྱི་སྒལ་བའི་ཐོག་ཏུ་དུང་དཀར་འདྲ་བའི་ཕྱི་སྐོགས་མཁྲེགས་པོ་ཞིག་ཁུར་ནས་འགྲོ་བ་དེ་ནི་དུང་དཀར་བུ་ཁྲིད་གྱི་ཁྱིམ་གཞིས་ཡིན། ངལ་གསོ་རྒྱག་དུས་སྐོགས་ནང་དུ་འཛུལ་ནས་ངལ་གསོ་བ་ཡིན།

ཁྱབ་ཡུལ།[རྩོམ་སྒྲིག]

འཛམ་གླིང་གི་ཚ་ཁུལ་དང་ཚ་ཁུལ་བར་མའི་ས་ཆར་གནས་ཡོད། གཙོ་བོ་བཞའ་ཚན་ཆེ་བའི་སྤང་ཐང་དང་། སྔོ་ལྗང་ཁུལ། རི་འདབས་བཅས་སུ་ཡོད།

འཚོ་བའི་གོམས་གཤིས།[རྩོམ་སྒྲིག]

སྲིན་འབུ་འདིར་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་གོག་འགྲོ་བྱས་པའི་ཤུལ་དུ་ཤུལ་རྗེས་གསལ་བོ་ཞིག་བཞག་ཡོད། དེ་ནི་དུང་དཀར་བུ་ཁྲིད་ཀྱི་ལུས་སྟེང་དུ་རྨེན་གཟུགས་མང་པོ་ཡོད་པས་གོག་འགྲོ་བྱེད་སྐབས་རྨེན་གཟུགས་ལས་འབྱར་ཁུ་ཟགས་ཐོན་བྱས་པ་ཡིན། འབྱར་ཁུ་དེ་ནི་ཤོག་སྤྱིན་དང་འདྲ་བས་མཁའ་དབུགས་དང་འཕྲད་མ་ཐག་ལམ་སེང་སྐམ་པ་རེད། འབྱར་ཁུ་དེའི་ནུས་པ་ནི་དུང་དཀར་བུ་ཁྲིད་ཉིད་གོག་འགྲོ་བྱེད་སྐབས་རྡར་ཤུགས་ཇེ་ཆུང་དུ་འགྲོ་བའི་ཆེད་ཡིན་ལ་དེ་མིན་གྲོག་མ་སོགས་ཀྱི་གནོད་འཚེ་མི་བྱེད་པར་ཕན་པ་ཆེར་ལྡན། བྱང་ཕྱོགས་ཀྱི་དུང་དཀར་བུ་ཁྲིད་ཉིད་དགུན་དུས་དགུན་ཉལ་བྱེད་ལ་ཚ་ཁུལ་ས་ཆའི་དུང་དཀར་བུ་ཁྲིད་ཉིད་ཚ་བ་ཧ་ཅང་ཆེ་དུས་སྐོགས་ནང་དུ་བསྡད་དེ་སྐོགས་ཀྱི་ཁ་འབྱར་ཁུས་སྦྱར་ནས་ཉལ་བ་ཡིན།

སྨན་རྒྱུ་ལས་སྣོན།[རྩོམ་སྒྲིག]

སྨན་ལ་འབུ་ཆ་ཚང་དགོས་ཤིང་དབྱར་ཁ་གྲུབ་སྟེང་མ་རུལ་བར་བསིལ་སྐམ་བྱས་ནས་སྤྱོད་རྒྱུ།

རོ་ནུས།[རྩོམ་སྒྲིག]

རོ་ཅུང་ཟད་མངར་ལ་ཚ་བ་དང་། ཞུ་རྗེས་མངར་བ་ནུས་པ་བསིལ་བའོ།།

རྐྱང་པའི་ཕན་ཡོན།[རྩོམ་སྒྲིག]

མགོ་ལ་རྨས་སྐྱོན་སོགས་བྱུང་སྟེ་ཀླད་པ་འཛག་པ་གཅོད་པར་བྱེད།