དུང་དཀར་གྱི་ལམ་བུ།

ཡོང་ཁུངས་Wikipedia
Jump to navigation Jump to search

དུང་དཀར་ཚིག་མཛོད་ཆེན་མོ་ནང་འཇུག་བྱས་ཏེ་གློག་རྡུལ་པར་མ་བཟོ་བ་དང་ཝེ་ཁེ་རིག་མཛོད་ནང་འཇོག་པ། དེ་ནས་གསེར་ལྡན་མིང་མཛོད་ཀྱི་གཞི་གྲངས་དང་མཐུན་པའི་མིང་མཛོད་བཟོས་ནས་དྲ་རྒྱ་དང་ཁ་པར་སོགས་ཀྱི་ཡོ་བྱད་སྟེང་ཤར་མར་སྟོན་ཐུབ་བྱེད་པའི་ལས་གཞི་ཆེན་པོ་ཞིག་རེད།

དུང་དཀར་གྱི་ལམ་བུའི་ངོ་སྤྲོད།[རྩོམ་སྒྲིག]

དུང་དཀར་གྱི་ལམ་བུ་ཞེས་པ་དེ་ནི་རང་ཉིད་ཀྱིས་འགོ་ཁྲིད་ཅིང་སློབ་ཆེན་སློབ་མས་གཙོ་བྱས་པའི་༼དུང་དཀར་ཚིག་མཛོད་ཆེན་མོ་༽འདི་གློག་ཀླད་ནང་བླུགས་པའི་འཆར་གཞི་ཆེན་པོ་ཞིག་གི་མིང་ཡིན།

དེ་ཡང་བོད་ཁ་བའི་ལྗོངས་འདིར་ད་ལྟ་བོད་སྤྱོད་བཞིན་པའི་བོད་ཡིག་དེ་གསར་ཐོན་བྱུང་ནས་མི་ལོ་ཆིག་སྟོང་གསུམ་བརྒྱ་ལྷག་སོང་ཟིན། དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ཐོན་མི་སམ་བྷོ་ཊའི་བཀའ་དྲིན་རེད། ང་ཚོ་རྗེས་རབས་པས་སེམས་གཏིང་ནས་ཁོང་རྣམ་པར་བཀའ་དྲིན་ཆེ་ཞེས་ཞུ་བཞིན་ཡོད། འོན་ཀྱང་ཉེ་བའི་ལོ་མང་རིང་། སྤྱི་ཚོགས་ཁྱོན་ཡོངས་ནས་བོད་ཡིག་དེ་ཡོད་མེད་ལ་སྣང་བ་སྤུ་ཙམ་མིན་འདུག སྣང་བ་གཏོང་མཁན་ཡོད་ན་ཡང་ལེགས་པར་བེད་སྤྱོད་གཏོང་མཁན་ཉུང་རུ་འགྲོ་བ་དང་། སྣང་ཆུང་བྱེད་མཁན་ཚོས་དེ་བས་མི་སྤྱོད་པར། དེ་བས་ལོག་ལྟ་མང་དག་ཅིག་རང་ཉིད་ཀྱི་བུ་ཕྲུག་ཚོར་སློབ་གསོ་བཏང་དང་གཏོང་བཞིན་འདུག ཡིད་སྐྱོ་དགོས་པའི་གནད་གྲངས་ལས་འདས་པ་ང་ཚོས་ཉིན་ལྟར་མཐོང་སྲིད་ལ། མ་མཐོང་ཡང་རྣ་བས་གོ་སྲིད།

ད་ཆ་འཛམ་གླིང་ཡོངས་དྲྭ་རྒྱའི་གླིང་ན་རོལ་བཞིན་ཡོད། དྲྭ་རྒྱ་ནི་མེད་དུ་མི་རུང་བའི་འགག་རྩའི་ལག་ཆ་ཞིག་ཏུ་གྱུར་ཟིན། སུས་དྲྭ་རྒྱའི་སྟེང་ནས་མིག་རྒྱང་རིང་པོ་ཞིག་ལྟ་ཐུབ་ན་མ་འོངས་པར་འགྱོད་མི་དགོས་པ་ཞིག་ཡོང་ངེས་རེད། ཡིན་ཡང་། ང་ཚོའི་ཁོར་ཡུག་ནང་མི་གྲངས་ག་ཚོད་ཀྱི་གནད་དོན་འདི་རིགས་ལ་དོ་སྣང་གནང་གི་ཡོད་དམ། ཉུང་ཉུང་རེད་འདུག གལ་ཏེ་བོད་སྐད་ཡིག་ལ་གསོན་ཉམས་གསར་པ་ཞིག་སྦྱིན་དགོས་ན། ངེས་པར་དུ་དྲ་རྒྱའི་སྟེང་ནས་མི་རིགས་གཞན་པའི་སྐད་ཡིག་གི་རྗེས་སུ་ལུད་མི་རུང་། དེ་གནད་འགག་ཧ་ཅང་ཆེན་པོ་རེད།

དེར་བརྟེན། ད་ཐེངས་རང་ཉིད་ཀྱིས་དུས་ཚོད་རིང་པོ་ཞིག་རིང་བསམ་བློ་བཏང་ནས། དུང་དཀར་ཚིག་མཛོད་འདི་གློག་ཀླད་ནང་བླུགས་ནས། དྲྭ་རྒྱའི་སྟེང་འཇོག་ཐུབ་པའི་རེ་བ་རྒྱག་བཞིན་ཡོད་ལ། ལས་འགུལ་ཡང་སྤེལ་བཞིན་ཡོད།

ལས་གཞི་གཙོ་བོ་གཉིས།[རྩོམ་སྒྲིག]

དང་པོ།[རྩོམ་སྒྲིག]

དུང་དཀར་ཚིག་མཛོད་ཆེན་མོ་འདི་ཡིག་འབྲུ་རེ་རེ་བཞིན་གློག་ཀླད་ནང་རྒྱབ་སྟེ་དེབ་དངོས་དང་གཅིག་མཚུངས་ཀྱི་དྲ་དེབ་ཞིག་བཟོ་རྩིས་ཡོད། དེ་ནས་གཞི་གྲངས་དེ་དག་བེད་སྤྱད་དེ་གློག་ཀླད་ནང་སྤྱོད་ཐུབ་པའི་ཚིག་མཛོད་ཞིག་བཟོ་པར་ཤུགས་རྒྱག་བཞིན་ཡོད།

གཉིས་པ།[རྩོམ་སྒྲིག]

དུང་དཀར་ཚིག་མཛོད་ཀྱི་མིང་ཚིག་དང་འགྲེལ་པ་རེ་རེ་བཞིན་wikipedia(རིག་གནས་ཀུན་བཏུས་ཚིག་མཛོད།)ནང་མིང་ཚིག་གསར་བཟོ་བྱེད་རྩིས་ཡོད། ལས་ཀའི་ནང་བཞུགས་ཀྱི་ཚོགས་མི། དང་ཐོག་ང་ཚོར་དགོས་པའི་ཚོགས་མིས་ངེས་པར་དུ་བོད་སྐད་ཡིག་འབྲི་ཀློག་ཤེས་པ་དགོས། དེ་ནས་གློག་ཀླད་ནང་བོད་ཡིག་སྤྱོད་ཤེས་དགོས། དེ་ནི་རྨང་གཞི་རེད། འོན་ཀྱང་དེ་ལས་འགལ་ཆེ་བ་ནི་ལེགས་སྐྱེས་ཀྱི་སེམས་པ་ཞིག་དགོས། དུང་དཀར་གྱི་ལམ་བུ། རྒྱང་ཐག་ག་ཚོད་རིང་ཡང་འགྲོ་དགོས་ངེས་རེད། དཀའ་ལས་ག་ཚོད་འཕྲད་ཀྱང་སེལ་ཐུབ་ངེས་རེད། སེམས་ཤུགས་ནམ་ཡང་མི་གཞོམ་པར་མདུན་བསྐྱོད་དགོས།

མ་དངུལ་ཡོངས་ཁུངས།[རྩོམ་སྒྲིག]

འགྲོ་གྲོན་གསལ་བཤད།[རྩོམ་སྒྲིག]

དུང་དཀར་གྱི་ལམ་བུའི་དྲ་ཚིགས་ཁག[རྩོམ་སྒྲིག]