དམྱལ་ཁམས་བཅོ་བརྒྱད།
མཐོང་རིས་
དམྱལ་ཁམས་བཅོ་བརྒྱད།
[རྩོམ་སྒྲིག]དམྱལ་བ་ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད། ཉི་ཚེ་བ་དང་ཉེ་འཁོར་བ་བསྡོམས་པས་བཅོ་བརྒྱད་དོ། ཚ་དམྱལ་བརྒྱད་ནི། ༡ ཡང་སོས། ༢ ཐིག་ནག ༣ བསྡུས་འཇོམས། ༤ ངུ་འབོད། ༥ ངུ་འབོད་ཆེན་པོ། ༦ཚ་བ། ༧ རབ་ཚ། ༨ མནར་མེད་བཅས་བརྒྱད་དང་། གྲང་དམྱལ་བརྒྱད་ནི། ༩ ཆུ་བུར་ཅན། ༡༠ ཆུ་བུར་རྡོལ་བ། ༡༡ སོ་ཐམ་ཐམ་པ། ༡༢ ཀྱེ་ཧུད་ཟེར་བ། ༡༣ ཨ་ཆུ་ཟེར་བ། ༡༤ ཨུཏྤལ་ལྟར་གས་པ། ༡༥ པད་མ་ལྟར་གས་པ། ༡༦ པད་མ་ཆེན་པོ་ལྟར་གས་པ་བཅས་བརྒྱད་ཡོད། ༡༧ ཉི་ཚེ་བ་ནི། མི་ཡུལ་གྱི་ས་མཐའ་དང་མི་མེད་ལུང་སྟོང་ན་ཡོད་ཟེར། ༡༨ ཉེ་འཁོར་བ་ནི། དམྱལ་བ་ཚ་དམྱལ་བརྒྱད་ཀྱི་ཕྱོགས་བཞིར་བསྐོར་ནས་ཡོད་པའི་དམྱལ་བ་བཞི་སྟེ་མེ་མ་མུར་གྱིས་འོབས། རོ་མྱགས་ཀྱི་འདམ། སྤུ་གྲི་ཅན་གྱི་ཚལ། འགྱུར་བྱེད་ཀྱི་ཆུ་བོ་རབ་མེད་དང་བཅས་ཡོད་ཟེར། །