དམེ་གྱ་རུ་སྡེ་

ཡོང་ཁུངས་Wikipedia

དམེ་གྱ་ནི་སྒྱིས་ཚང་དང་དམེ་ཤུལ་ས་གཉིས་ཀྱི་བར་མཚམས་སུ་གནས་ཤིང་དེང་སང་སྒྱིས་ཚང་ཞང་གི་ཁོངས་སུ་གཏོགས། ཚོ་བ་འདི་ས་ཕྱོགས་གཞན་ནས་འོངས་པའི་མི་ཁྱིམ་ཁ་ཤས་ལས་གྲུབ་པའི་རོང་སྡེ་ཞིག་ཡིན།

དམེ་གྱ་ནི་སྒྱིས་ཚང་དང་དམེ་ཤུལ་ས་གཉིས་ཀྱི་བར་མཚམས་སུ་གནས་ཤིང་དེང་སང་སྒྱིས་ཚང་ཞང་གི་ཁོངས་སུ་གཏོགས། ཚོ་བ་འདི་ས་ཕྱོགས་གཞན་ནས་འོངས་པའི་མི་ཁྱིམ་ཁ་ཤས་ལས་གྲུབ་པའི་རོང་སྡེ་ཞིག་ཡིན། དམེ་གྱ་རུ་སྡེའི་མི་རྒྱུད་ཀྱི་ཐོག་མའམ་ས་འཛིན་གྱི་དང་པོ་ཡིན་པའི་ཁྱིམ་རྒྱུད་ནི་ལུ་གུའི་མཚེར་ཡིན། དེ་ཐོག་མར་ཨ་མཆོག་གི་ལི(ཚོ)པ་བརྒྱ་ཞེས་པའི་ཚོ་བ་ནས་མཆེད་ཅིང་ཡུལ་འདིར་གཞི་བཅའ་སྔ་ཤོས་ཀྱི་ཁྱིམ་ཚང་ཞིག་ཡིན། ཨ་ནེ་ཚང་། ངག་རྒྱུན་དུ་ཐེ་བོ་རྒ་ཅ་ཞེས་པའི་ཡུལ་ནས་སྤོས་ཏེ་འོངས་པ་དང་། ཨ་ནེ་ཞེས་པ་མི་རྒྱུད་གོང་མ་དེའི་མིང་ཡིན་ཟེར། རྒྱ་དེ་ཚང་། ཁྱིམ་རྒྱུད་དེ་ཙ་ཡུས་ནས་འདིར་འོངས་པ་དང་། གྱ་དེ་ནི་མི་རྒྱུད་གོང་མ་དེའི་མིང་ཡིན་ཟེར། གཞན་ཡང་མི་ཁྱིམ་འགའ་ཞིག་ནི་ཀླུ་ཤོད་ཧོར་ནང་ནས་འོངས་པ་ཡིན། དམེ་གྱ་ཚོ་བའི་ཡུལ་ཁོངས་སུ་དམེ་གྱའི་ཐོས་བསམ་ནོར་བུ་གླིང་མཆིས་ཤིང་། རྗེས་སུ་ཚོ་བའི་ཡུལ་སྡེ་དང་དགོན་པ་བཅས་རྣམས་ལྷ་མོའི་གསེར་ཁྲི་རྒྱལ་མཚན་སེང་གེ་ཚང་ལ་ཕུལ་པས་ལྷ་མོ་དགོན་གྱི་དགོན་ལག་ཏུ་གྱུར། ཚོ་བའི་མི་ཀུན་ཀྱང་ལྷ་མོ་དགོན་གྱི་ལྷ་སྡེར་གྱུར་ཏོ། །