དམུས་ལོང་།
དམུས་ལོང་ཞེས་པ་ནི་དམུས་ལོང་ཞེས་པ་ནི་མིག་ལོང་བའམ་མིག་མེད་པ་ལ་འབོད་པའི་ཚིག་སྟེ། ལམ་ལ་འཁྲིད་མཁན་མེད་པ་འམ་ལམ་མི་ཤེས་པའི་ལུང་པར་གནས་པའི་མིར་དཔེ་བཏགས་པ་ཡིན། སྤྱིར་སྐྱེ་བོ་ཇི་ལྟར་མིག་མེད་ན་ལམ་ལ་འགྲོ་རྒྱུ་དཀའ་བ་བཞིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ཙམ་གྱིས་བྱང་ཆུབ་ཏུ་ཕྱིན་མི་ཐུབ་པའི་དོན་བསྟན་པ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ནང་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ནོར་བུ་བསྟན་པའི་ཆེད་དུ་བཀོད་པའི་དཔེ་ཞིག་ཡིན།
ངེས་ཚིག
[རྩོམ་སྒྲིག]དམུས་ལོང་གི་དཔེ་འདི་ཤེར་ཕྱིན་གྱི་གཞུང་ནང་དུ་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གལ་ཆེ་བ་གསལ་བར་བསྟན་པའི་ཆེད་དུ་བཀོད་པ་ཡིན། དཔེར་ན། "ཇི་ལྟར་མིག་མེད་པའི་དམུས་ལོང་གང་ཞིག་ལམ་དུ་འཁྲིད་མཁན་གྱི་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས་ལྷན་ཅིག་ཚོགས་པར་གྱུར་ཀྱང་། རང་གི་མདུན་ན་གནས་པའི་ལམ་ཡང་མི་མཐོང་ཞིང་མི་ཤེས་ན། ལམ་དེར་ཞུགས་ནས་གྲོང་ཁྱེར་གཞན་དུ་འཇུག་པར་ག་ལ་འགྱུར་ཏེ་དེ་ནི་གནས་མེད་དོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མིག་ལྟ་བུ་འདི་མེད་ན་རང་ངོས་ནས་མིག་མེད་པ་ལྟ་བུའི་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་ཕྱོགས་སུ་འཁྲིད་པའི་དམིགས་བུ་ལྟ་བུ་ཤེས་རབ་ཀྱིས་མ་བཟུང་བར་གྲོགས་དེ་མེད་པས་ནི་འཕགས་ལམ་མི་ཤེས་པའི་ཕྱིར་རྫོགས་པའི་བྱང་ཆུབ་ཀྱི་གྲོང་ཁྱེར་ལ་རེག་པར་ནུས་པ་མ་ཡིན་ནོ། །"[༡]
དབྱེ་བ།
[རྩོམ་སྒྲིག]གསལ་བྱེད་དཔེའི་སྒོ་ནས་འགྲེལ་པ། "དཔེར་ན་དམུས་ལོང་བྱེ་བ་ཁྲག་ཁྲིག་རྣམས་ལོང་ཁྲིད་དང་བྲལ་བའི་ཕྱིར་ཁྲིད་པ་མེད་པ་རྣམས་ཀྱིས་ཡང་ལམ་གྱི་རང་བཞིན་ཡོངས་སུ་མི་ཤེས་ན་མི་མཁས་པས་གྲོང་ཁྱེར་དུ་འཇུག་པ་ལ་མཁས་པར་ག་ལ་འགྱུར་ཏེ་སྨོས་ཀྱང་ཅི་དགོས་སོ། །"[༢]ཞེས་པས་དམུས་ལོང་ཁོ་ན་གིས་ལམ་ཤེས་མི་ཐུབ་པའི་ཚུལ་གསལ་བཤད་མཛད་འདུག
ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་འགྲེལ་པ། "ཤེར་ཕྱིན་འདིས་ཟིན་པ་མེད་ན་མིག་ཤེར་ཕྱིན་མེད་པའི་སྦྱིན་སོགས་དང་པོ་ལྔ་པོ་འདི། སངས་རྒྱས་ཀྱི་བྱང་ཆུབ་ཏུ་འཁྲིད་མཁན་གྱི་དམིགས་བུ་མེད་པས་བྱང་ཆུབ་དེ་ལ་རེག་པ་སྟེ་ཐོབ་ནུས་པ་མ་ཡིན་ནོ། །"[༣]ཞེས་གསུངས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན་གཞན་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བྱང་ཆུབ་ཐོབ་མི་ཐུབ་པའི་དོན་སེལ་མཛད།