Jump to content

དམིགས་རྣམ།

ཡོང་ཁུངས་Wikipedia

དམིགས་རྣམ།

[རྩོམ་སྒྲིག]
བློ་སོ་སོའི་དམིགས་པ་དང་།   རྣམ་པ་ཞེས་པ་ཚིག་བསྡུས་ནས་དམིགས་རྣམ་ཞེས་བརྗོད་པ་ཡིན།   བུམ་པ་མི་རྟག་པ་རྟོགས་པའི་བློ་ལ་མཚོན་ན།   བུམ་པ་ནི་བློ་དེའི་དམིགས་པ།   མི་རྟག་པ་ནི་བློ་དེའི་རྣམ་པ་ཡིན་པས་དེས་གཞན་ལའང་རིགས་འགྲེ་སྦྱར་ཤེས་པ་དགོས།   འདིར་བཤད་པའི་རྣམ་པ་དོན་རྣམ་གྱི་དབང་དུ་བྱས་པ་ལས་ཤེས་རྣམ་ནི་བློ་སོ་སོའི་ངོ་བོ་ཉིད་ལས་མ་འདས་པའི་ཚུལ་ཤེས་དགོས།  །