Jump to content

དམངས་གླུ

ཡོང་ཁུངས་Wikipedia
   མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „དམངས་ཁྲོད་རོལ་དབྱངས།“!
ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ།

དམངས་གླུ folk song རོལ་མོའི་ནང་གསེས་ཤིག་སྟེ་མི་དམངས་མང་ཚོགས་ཀྱིས་འཚོ་བའི་ཉམས་ལེན་གྱི་ཁྲོད་དུ་ངག་ཐོག་ནས་བརྒྱུད་དེ་བྱུང་ཞིང་དར་བའི་གླུ་དབྱངས་སྒྱུ་རྩལ་ཡིན། དེ་ལ་ཁྱད་ཆོས་གཙོ་བོར་ཁྱད་ཆོས་གསུམ་ལྡན་པ་རེད།

ངོ་སྤྲོད།

[རྩོམ་སྒྲིག]

རོལ་མོའི་ནང་གསེས་ཤིག་སྟེ་མི་དམངས་མང་ཚོགས་ཀྱིས་འཚོ་བའི་ཉམས་ལེན་གྱི་ཁྲོད་དུ་ངག་ཐོག་ནས་བརྒྱུད་དེ་བྱུང་ཞིང་དར་བའི་གླུ་དབྱངས་སྒྱུ་རྩལ་ཡིན། དེ་ལ་གཞི་རྩའི་ཁྱད་ཆོས་3ལྡན་ཡོད་པ་སྟེ། ①མི་དམངས་ཀྱི་འཚོ་བ་དང་ཉེ་བར་འབྲེལ་བ། དམངས་གླུའི་རྩོལ་མཁན་དང་ལེན་མཁན་ཚང་མ་ངལ་རྩོལ་མི་དམངས་ཡིན་ལ། ཁོང་ཚོས་དམངས་གླུ་ལེན་པའི་ཐོག་ནས་བརྩེ་དུང་མཚོན་པ་དང་འཚོ་བ་སྤྲོ་བོ་བཟོ་ལ་རང་ཉིད་ཀྱི་འཚོ་བ་དང་ལོ་རྒྱུས་ཟིན་ཐོར་འགོད་ཀྱི་ཡོད། ②དམངས་གླུའི་གསར་རྩོམ་ནི་གླུ་ལེན་པ་དང་རྒྱུད་པའི་གོ་རིམ་ནང་དུ་སྤེལ་གྱི་ཡོད། དམངས་གླུ་གཅིག་ལ་མཚོན་ན་ཡུལ་དང་དུས་མི་འདྲ་བར་མི་རབས་དུ་མས་ལེན་པ་དང་སྒྲིག་པ་བརྒྱུད་དེ་སྔར་བས་ཆ་རྫོགས་སུ་དར་བ་རེད། ③དམངས་གླུའི་རྣམ་པ་སླ་བསྡུས་བབ་ཆགས་ཡིན་པ་དང་རྒྱུད་སྤེལ་བྱེད་བདེ་ལ། མི་རིགས་དང་ཡུལ་ཕྱོགས་ཀྱི་ཁྱད་ཆོས་གསལ་པོ་ལྡན་ཡོད་པ་རེད།

ཁྱད་ཆོས།

[རྩོམ་སྒྲིག]

དམངས་གླུ་དང་སྤྱིར་བཏང་གི་གསར་རྩོམ་གླུ་དབྱངས་གཉིས་བར་གྱི་ཁྱད་པར་ནི། ①ཆེད་ལས་ཀྱི་དབྱངས་རྩོམ་ཐབས་གང་ཞིག་གི་དབང་དུ་མི་འགྲོ་བར་ངལ་རྩོལ་མི་དམངས་ཀྱིས་རང་རྟོག་ངང་ངག་ཐོག་ནས་སྒྲིག་པ་དང་། ②གདངས་དབྱངས་དང་གླུ་ཚིག་ངེས་གཏན་མ་ཡིན་པར་དུས་ཡུན་རིང་པོར་བརྒྱུད་པའི་གོ་རིམ་ནང་དུ་འགྱུར་ལྡོག་ཡོང་གི་ཡོད། ③དབྱངས་ཡིག་གིས་འབྲི་བ་དང་ཟིན་བྲིས་གཞན་དག་ལ་མི་རྟེན་པར་གཙོ་བོ་མི་དམངས་ཀྱི་ངག་ཐོག་ནས་རྒྱུད་ཅིང་དར་བ་རེད། ④རྩོམ་མཁན་གྱི་སྒེར་གཤིས་ཀྱི་དབང་དུ་མི་འགྲོ་བར་མི་རིགས་དང་ཡུལ་ཕྱོགས་ཀྱི་ཁྱད་ཆོས་གསལ་པོ་ལྡན་ཡོད་པ་བཅས་ཡིན།