Jump to content

དམག་དཔོན།

ཡོང་ཁུངས་Wikipedia

དམག་དཔོན།

[རྩོམ་སྒྲིག]

དེ་སྔ་བཙན་པོའི་དུས་སྐབས་སུ་སྤྱི་ཁྱབ་བློན་ཆེན་གྱི་བཀོད་འདོམས་འོག་རུ་ཆེན་ལྔའི་དམག་དཔུང་ཁག་སོ་སོར་འགོ་བྱེད་མཁན་ཞིག་སྟེ། དེའི་ལས་འགན་ནི་རང་ཉིད་ཀྱི་ས་ཁོངས་དེའི་བདེ་འཇགས་སྲུང་སྐྱོབ་དང་། ཚུར་རྒོལ་བྱེད་མཁན་གྱི་དགྲ་བོ་འགོག་པ། རྒྱུན་དུ་ཞིང་འབྲོག་ཐོན་སྐྱེད་ལ་བཀོད་འདོམས་བྱེད་པ། དམག་མི་བསྡུ་ལེན་བྱེད་རྒྱུ་བཅས་ཡིན། དེའི་གོ་གནས་ཀྱི་རིམ་པའི་དབང་དུ་བྱས་ན་རིམ་པ་ལྔ་ཡོད། ༡ རུ་དཔོན། ༢ སྡེ་དཔོན། ༣ སྟོང་དཔོན། ༤ སྟོང་བུ་ཆུང་རྗེ། ༥ ལྔ་བརྒྱ་ཆེན་པོ་བཅས་ཡོད་པ་སོ་སོའི་ངོས་འཛིན་ཀ་མད་ལོ་རིམ་ལྟར་ཁག་སོ་སོའི་ནང་གསལ། །