དཔེ་བྱད་བཟང་པོ་བརྒྱད་ཅུ་
མཚན་བཟང་པོ་གཉིས་པོ་དེ་རྟགས་མཚན་གཙོ་བོ་དང། དེའི་ཡན་ལག་གི་ཚུལ་དུ་སྐུའི་ཀུན་སྤྱོད། སྤྱན་གྱི་གཟིགས་སྟངས་སོགས་ལས་བྱུང་བའི་དཔེ་བཟང་པོ་བརྒྱད་ཅུ་ཐམ་པ་ཡོད་པ་སྟེ། ༡ སེན་མོ་ཟངས་ཀྱིས་མདོག་ལྟ་བུ། ༢ སེན་མོའི་མདོག་སྣུམ་པ། ༣ སེན་པོ་མཐོ་བ། ༤ སོར་མོ་མས་ཟླུམ་པ། ༥ སོར་མོ་བྱིན་གྱིས་ཕྲ་བ། ༦ སོར་མོ་རྣམས་རྒྱས་པ། ༧ རྩ་མི་མངོན་པ། ༨ རྩ་མཐུད་མེད་པ། ༩ ལོང་བུ་མི་མངོན་པ། ༡༠ ཞབས་མི་མཉམ་པ་མེད་པ། ༡༡ སེང་གེའི་སྟབས་སུ་གཤེགས་པ། ༡༢ གླང་པོའི་སྟབས་སུ་བཤེགས་པ། ༡༣ངང་པོའི་སྟབས་སུ་གཤེགས་པ། ༡༤ ཁྱུ་མཆོག་གི་སྟོབས་སུ་གཤེགས་པ། ༡༥ གཡས་ཕྱོགས་སུ་ལྡོག་ཅིང་གཟིགས་པ། ༡༦མཛེས་པར་གཤེགས་པ། ༡༧ མི་གཡོ་བར་གཤེགས་པ། ༡༨སྐུ་འཁྲིལ་བག་ཆགས་པ། ༡༩ སྐུ་བྱི་དོར་བྱས་པ་ལྟ་བུ། ༢༠ སྐུ་རིམ་པར་འཚམ་པ། ༢༡སྐུ་གཙང་བ། ༢༢ སྐུ་འཇམ་པ། ༢༣སྐུ་རྣམ་པར་དག་པ། ༢༤མཚན་ཡོངས་སུ་རྫོགས་པ། ༢༥ སྐུ་ཁོ་ལག་ཡངས་ཤིང་བཟང་བ། ༢༦ གོམ་པ་སྙོམས་པ། ༢༧ སྐུ་ཤིན་ཏུ་གཞོན་མདོག་ཅན། ༢༨ སྐུ་ཞུམ་པ་མེད་པ། ༢༩ སྐུ་རྒྱས་པ། ༣༠ སྐུ་ཤིན་ཏུ་གྲིམས་པ། ༣༡ སྐུ་ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ། ༣༢ གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ། ༣༣ དཀུ་ཟླུམ་པ། ༣༤ དཀུ་སྐབས་ཕྱིན་པ། ༣༥ སྐུ་མ་སྙེངས་པ། ༣༦ ཕྱལ་ཕྱང་ངེ་བ། ༣༧ ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ། ༣༨ ལྟེ་བ་ཟབ་པ། ༣༩ ཀུན་ནས་མཛེས་པ། ༤༠ ཀུན་སྤྱོད་གཙང་བ། ༤༡ སྐུ་ལ་སྨེ་བ་དང་གནག་བག་མེད་པ། ༤༢ ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ། ༤༣ ཕྱག་གི་རི་མོ་མདངས་ཡོད་པ། ༤༤ ཕྱག་གི་རི་མོ་ཟབ་པ། ༤༥ཕྱག་གི་རི་མོ་རིང་བ། ༤༦ ཞལ་ཧ་ཅང་ཡང་མི་རིང་བ། ༤༧ ཞལ་གཟིགས་ཀྱི་གཟུགས་བརྙན་སྣང་བ། ༤༨ ལྗགས་མཇམ་པ། ༤༩ ལྗགས་སྲབ་པ། ༥༠ ལྗགས་དམར་བ། ༥༡ གླང་པོ་ཆེའི་ང་རོ་དང་འབྲུག་གི་སྒྲ་དང་ལྡན་པ། ༥༢ གསུང་སྙན་ཅིང་མཉེན་ལ་འཇམ་པ། ༥༣ མཆེ་བ་ཟླུམ་པ། ༥༤མཆེ་བ་རྣོ་བ། ༥༥ མཆེ་བ་དཀར་བ། ༥༦ མཆེ་བ་མཉམ་པ། ༥༧ མཆེ་བ་བྱིན་གྱིས་ཕྲ་བ། ༥༨ ཤངས་མཐོ་བ། ༥༩ ཤངས་གཙང་བ། ༦༠ སྤྱན་རྣམ་པར་དག་པ། ༦༡ སྤྱན་ཡངས་པ། ༦༢ རྫི་མ་སྟུག་པ། ༦༣ སྤྱན་དཀར་ནག་འབྲེས་ཅིང་པདྨའི་འདབ་པའི་མདངས་ལྟ་བུ། ༧༠ སྙན་གི་དབང་པོ་ཉམས་པ། ༧༡ དཔྲལ་བ་ལེགས་པར་འབྱེས་པ། ༧༢ དཔྲལ་བ་དབྱེས་ཆེ་བ། ༧༣དབུ་ཤིན་ཏུ་རྒྱས་པ། ༧༤ དབུ་སྐྲ་བུང་བ་ལྟར་གནག་པ། ༧༥ དབུ་སྐྲ་སྟུག་པ། ༧༦ དབུ་སྐྲ་འཉམ་པ། ༧༧ དབུ་སྐྲ་འཛིངས་པ། ༧༨ དབུ་སྐྲ་མི་གཤོར་བ། ༧༩ དབུ་སྐྲ་དྲི་ཞིམ་པ། ༨༠ ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་བས་བརྒྱན་པ། །(སྡོང་རིས་འཁྱིལ་བ)
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།