དཔེ་ཆའི་དགེ་རྒན་
མཐོང་རིས་
དེ་སྔོན་གདན་ས་ཆེན་པོ་ཁག་ཏུ་སློབ་ཁྲིད་གནང་མཁན་གྱི་ཞིག་སྟེ། གཞུང་ཆེན་པོར་སློབ་སྦྱོང་བྱེད་འདོད་ཡོད་པའི་སློབ་གཉེར་བ་དེར་འོས་ཤིང་འཚམས་པའི་དགེ་རྒན་ཞིག་ཁག་ཐེག་དགེ་རྒན་གྱིས་འཚལ་ཏེ་དེའི་དྲུང་དུ་སློབ་གཉེར་མངགས་བཅོལ་ཞུས་པ་དང། འཛིན་གྲྭ་གཅིག་གི་སློབ་མ་ཚང་མས་མོས་མཐུན་བྱས་ཏེ་དཔེ་ཆའི་དགེ་རྒན་གཅིག་འཚོལ་བ་ཡང་ཡོད། དཔེ་ཆའི་དགེ་རྒན་གཅིག་གིས་ཉིན་རེས་མོས་ཀྱི་ཐོག་ནས་འཛིན་གྲྭ་མང་པོར་དུས་དང་ཁག་བགོས་ཏེ་སློབ་ཁྲིད་གནང་མཁན་ཡང་ཡོད། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།