དཔལ་ལྷ་མོ་
མཐོང་རིས་
འདི་ནི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་རིས་མེད་ཀུན་གྱིས་ཁས་ལེན་པའི་སྲུང་མ་ཞིག་སྟེ། འདིའི་ལོ་རྒྱུས་སུ་ལྷ་མོ་སྤུན་མཆེད་གཉིས་ཀྱི་ནང་ནས་ཆེ་བ་ནི་དཔལ་ལྡན་ལྷ་མོ་དང་ཆུང་བ་ནི་རེ་མ་ཏི་ཡིན་པ་བསྐལ་པ་མང་པོའི་གོང་དུ་བྱུང་ཞིང། རྫེས་སུ་བསྐལ་པ་འདི་ལ་སངས་རྒྱས་འོད་སྲུང་བྱོན་པའི་དུས་ན། སངས་རྒྱས་ཤྰཀྱ་མུ་ནེ་དགེ་སློང་ཞིག་ཏུ་སྐྱེ་བ་བཞེས་པ་དང་ལྷན་དུ་སངས་རྒྱས་འོད་སྲུང་ལ་ཆོས་ཞུས་ཏེ་མ་འོངས་པ་ན་སངས་རྒྱས་ཤྭཀྱ་ཐུབ་པའི་བསྟན་པ་སྲུང་བར་ཞལ་གྱིས་བཞེས་པ་སོགས་ལོག་རྒྱུས་མང་པོ་ཞིག་བཀའ་འགྱུར་ནང་གི་《ལྷ་མོ་མེ་ལྕེ་འབར་བའི་རྒྱུད་》ལས་གསུངས་སོ། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།