དཔལ་ལྡན་ལྷ་མོའི་རྟེན་
མཐོང་རིས་
དཔལ་ལྡན་ལྷ་མོ་ལ་ཕྱི་རྟེན་དང། ནང་རྟེན། གསང་རྟེན་གསུམ་འཛུགས་རྒྱུ་ཡོད་པའི་ནང་གསེས་ཕྱི་རྟེན་ནི་རས་བྲིས་དང་འབུར་སྐུ་ལ་ཟེར་བས་《ཆོས་འབྱུང་མཁས་པའི་དགའ་སྟོན་》ནང་གསལ་བའི་དཔལ་ལྡན་ལྷ་མོའི་རྟེན་ནི་ཐོག་མར་རས་བྲིས་ཐང་ཀ་ཡིན་ཅིང་། རྫེས་སུ་ཚལ་པ་ཁྲི་དཔོན་དྲུང་ཆེན་སྨོན་ལམ་རྡོ་རྫེས་ལྷ་ས་གཙུག་ལག་ཁང་ལ་ཉམས་གསོའི་སྐབས་རས་བྲིས་ཀྱི་ཐང་ཀ་དེ་སྲུང་སྐྱོབ་ཡོང་ཆེད་དཔལ་ལྷ་མོའི་འཇིམ་སྐུ་ཞིག་བཞེངས་ཏེ་དེའི་གཟུང་བཞུགས་སུ་ཕུལ་བ་ཡིན་པར་ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཛད་པའི་《ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་གི་དཀར་ཆག་》ནང་གསུངས་ཡོད་ཅིང་། ནང་རྟེན་དང་གསང་རྟེན་སྐོར་ཡིག་ཆ་ཟུར་དུ་ཡོད་པ་ལས་ཁྲོམ་བསྒྲགས་མི་རུང་བའི་བཀའ་རྒྱ་དམ་པོ་ཡོད་། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།