Jump to content

དཔལ་ཆེན་འོད་པོ་

ཡོང་ཁུངས་Wikipedia

(དཔལ་ཆེན་འོད་པོ་ཆེ་)རབ་བྱུང་གསུམ་པའི་ལྕགས་རྟ་(༡༡༥༠)ལོ་ནས་རབ་བྱུང་གསུམ་པའི་ཆུ་ཕག་(༡༢༠༣)ལོ་བར། ས་ཆེན་ཀུན་དགའ་སྙིང་པོའི་སྲས་ཆུང་ཤོས་ཡིན། ཡབ་དགུང་ལོ་ང་དགུ་པ་ལ་འཁྲུངས། ས་སྐྱའི་ཆོས་ལུགས་མཁས་ཤིང་ལྷག་པར་དུ་གསོ་བ་རིག་པ་ལ་མཁས་པས་སྐུ་ཚེ་གཅིག་རིང་སྨན་པ་མཛད། (གསོ་བ་རིག་པའི་བསྟན་བཅོས་བརྒྱད་ཆུང་ཉི་མའི་འོད་ཟེར་)ཞེས་བྱ་བ་ཞིག་ཀྱང་བརྩམས་པ་གནང། དགུང་ལོ་ང་བཞི་པར་སྐུ་གཤེགས། །
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།