དངོས་རྒྱུ་
མཐོང་རིས་
དངོས་རྒྱུ།
[རྩོམ་སྒྲིག]ཆོས་དེའི་རྒྱུ་གང་ཞིག ཆོས་དེའི་རྒྱུ་དང་ཁྱོད་ཀྱི་འབྲས་བུ་གཉིས་ཀྱི་བར་དུ་ཆོས་གཞན་གྱིས་ བར་མ་ཆོད་པར་སྐྱེད་ནུས་པའི་རྒྱུ། རྒྱུ་དེ་ཡོད་ན་འབྲས་བུ་དེ་ངེས་པར་དུ་ཡོང་རྒྱུ་གཏན་ འཁེལ་བ་ཞིག་ལ་དངོས་རྒྱུ་ཟེར་ཞིང་། རྒྱུ་དེས་འབྲས་བུ་དེ་ལ་ཐད་ཀར་ནུས་པ་ཐོན་མི་ཐུབ་ པར། འབྲས་བུ་དེ་ཡོང་མིན་ངེས་པ་མེད་པ་ཞིག་ལ་བརྒྱུད་རྒྱུ་ཟེར། དཔེར་ན།འབྲས་ཀྱི་ ས་བོན་ནི། འབྲས་ཀྱི་ལོ་ཏོག་ཡོང་བར་མེད་ན་མི་འགྲིགས་པ་ཞིག་ཡིན་པས་དངོས་རྒྱུ་ ཡིན་ལ། ས་ཞིང་དང་ལུད། ཆུ། དྲོད་བཅས་ནི་རྒྱུ་དེ་ལ་འབྲས་བུ་དེ་ཡོང་ཐུབ་པར་ རོགས་རམ་བྱེད་མཁན་ཡིན་པས་བརྒྱུད་རྒྱུ་ཡིན།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།