Jump to content

དགེ་རྩ་

ཡོང་ཁུངས་Wikipedia

དགེ་རྩ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་བསགས་པའི་དགེ་བའི་ལས་དང་དེའི་འབྲས་བུའི་བསོད་ནམས་ལ་གོ།

ནང་དོན།

[རྩོམ་སྒྲིག]

དགེ་རྩ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བའི་ཆེད་དུ་བསགས་པའི་དགེ་བའི་ལས་དང་དེའི་འབྲས་བུའི་བསོད་ནམས་ལ་གོ་བར་བཤད། "བདག་གི་དགེ་རྩས་ཀུན་ཏུ་བཟང་པོ་ལ་སོགས་པ་སྟེ་བྱམས་པ་དང་སའི་སྙིང་པོ་དང་ནམ་མཁའི་སྙིང་པོ་སོགས་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཅན་སྒྲིབ་པ་མེད་པའི་སྤྲིན་ལས་བདེ་བ་དང་བསིལ་ཞིང་དྲི་ཞིམ་པ་དང་ལྡན་པའི་ཆར་པ་འབེབས་པ་མཐོང་ནས་སེམས་ཅན་དམྱལ་བ་པ་དེ་དག་མངོན་པར་དགའ་བར་གྱུར་ཅིག"[] ཅེས་གསུངས་པ་ལྟར། དགེ་རྩ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་བྱམས་པ། སའི་སྙིང་པོ། ནམ་མཁའི་སྙིང་པོ་སོགས་བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པ་རྣམས་ཀྱི་སྨོན་ལམ་གྱི་མཐུ་ལས་བྱུང་བའི་རྫུ་འཕྲུལ་གྱི་ཆར་སྣ་ཚོགས་ཀྱིས་དམྱལ་བ་ན་སྡུག་བསྔལ་མྱོང་བཞིན་པའི་སེམས་ཅན་རྣམས་བདེ་བ་དང་དགའ་བར་གྱུར་པའི་རྒྱུར་འགྱུར་བ་ཡིན།

སེམས་ཅན་གྱི་དོན་དུ་ཡོངས་སུ་བསྔོ་བ། "དེ་ལྟར་བདག་གི་དགེ་རྩས་ཀུན་ཏུ་བཟང་པོ་ལ་སོགས་པ་སྟེ་བྱམས་པ་དང་སའི་སྙིང་པོ་དང་ནམ་མཁའི་སྙིང་པོ་དང་བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པ་སྟེ་སྒྲིབ་པ་རྣམ་སེལ་ལ་སོགས་པ་རྣམས་རང་རང་གི་རྫུ་འཕྲུལ་གྱི་མཐུ་ལས་བྱུང་བའི་སྤྲིན་བདེ་བ་སྟེ་ཡིད་དུ་འོང་བ་དང་བསིལ་ཞིང་དྲི་ཞིམ་ངད་ལྡན་ཆར་པ་འབེབས་མཐོང་ནས། སེམས་ཅན་དམྱལ་བ་དེ་དག་མངོན་པར་དགའ་གྱུར་ཅིག"[] ཅེས་གསུངས་པ་ལྟར། དགེ་རྩ་ནི་འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་གི་བསགས་པའི་དགེ་བའི་ལས་དང་བསོད་ནམས་ཏེ། ཀུན་ཏུ་བཟང་པོ་དང་བྱམས་པ། སའི་སྙིང་པོ། ནམ་མཁའི་སྙིང་པོ། སྒྲིབ་པ་རྣམ་སེལ་སོགས་སྒྲིབ་པ་མེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་རང་གི་རྫུ་འཕྲུལ་གྱི་སྟོབས་ལས་བདེ་བ་དང་བསིལ་ཞིང་དྲི་ཞིམ་ངད་ལྡན་གྱི་ཆར་སྣ་ཚོགས་འབེབས་ཏེ། དེའི་རྐྱེན་གྱིས་དམྱལ་བ་ན་སྡུག་བསྔལ་ནུས་པ་བར་མེད་དུ་མྱོང་བཞིན་པའི་སེམས་ཅན་རྣམས་མངོན་པར་དགའ་བ་དང་བདེ་བ་སྐྱེ་བར་འགྱུར་བའི་རྒྱུར་གྱུར་པའི་ཡོན་ཏན་ལ་གོ།

རྫུ་འཕྲུལ་གྱི་སྟོབས་ལས་བྱུང་བའི་ཕན་ཡོན། "གཞུང་འདི་ཉིད་འཆད་ཉན་ལ་སོགས་པའི་བདག་གི་དགེ་རྩས་ཏེ་དགེ་བའི་རྩ་བ་ལ་བརྟེན་ནས་ཀུན་ཏུ་བཟང་པོ་ལ་སོགས་ཏེ་ནམ་སྙིང་བྱམས་པས་སྙིང་སྒྲིབ་སེལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞལ་མཇལ་ཞིང་གསུང་ཐོས་པ་ལ་སྒྲིབ་པའི་ཉེས་པ་མེད་ཅིང་ཞེས་པའམ་ཡང་ན་བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པ་ཞེས་སྒྲིབ་པ་རྣམ་སེལ་ལ་སོགས་པའི་ཐུགས་བསྐྱེད་སྨོན་ལམ་རྫུ་འཕྲུལ་གྱིས་ནམ་མཁར་སྤྲིན་གྱི་ཚོགས་འཁྲིགས་པ་ལས་ལུས་ལ་བདེ་བ་བསྐྱེད་པ་དང༌། བསིལ་ཞིང་དྲི་ཞིམ་པོའི་ངད་དང་ལྡན་པའི་ཆར་པ་འབེབས་པ་མཐོང་ནས་སེམས་ཅན་ཚ་དམྱལ་བ་དེ་དག་མངོན་མཐོ་དང་ངེས་པར་ལེགས་པའི་དགའ་བདེ་རྒྱ་ཆེན་པོ་མྱུར་དུ་ཐོབ་པར་གྱུར་ཅིག"[] ཅེས་གསུངས་པ་ལྟར། དགེ་རྩ་ནི་གཞུང་འཆད་ཉན་ལ་སོགས་པའི་དགེ་བའི་རྩ་བའི་སྟོབས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། སྙིང་བྱམས་པ། སྒྲིབ་སེལ་སོགས་སྒྲིབ་པ་མེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་རྫུ་འཕྲུལ་གྱི་མཐུ་ལས་ནམ་མཁར་སྤྲིན་གྱི་ཚོགས་འཁྲིགས་ཏེ། དེ་ལས་ལུས་ལ་བདེ་བ་སྐྱེད་པ་དང་བསིལ་ཞིང་དྲི་ཞིམ་ངད་ལྡན་གྱི་ཆར་པ་འབེབས་པ་ལ་བརྟེན་ནས། ཚ་དམྱལ་ན་སྡུག་བསྔལ་མྱོང་བཞིན་པའི་སེམས་ཅན་དེ་རྣམས་མངོན་མཐོ་དང། ངེས་པར་ལེགས་པའི་དགའ་བདེ་རྒྱ་ཆེན་པོ་མྱུར་དུ་ཐོབ་པར་གྱུར་པའི་རྒྱུར་འགྱུར་་བ་ཡིན།

བསྡུས་དོན།

[རྩོམ་སྒྲིག]

དགེ་རྩ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བའི་ཆེད་དུ་བསགས་པའི་དགེ་བའི་ལས་དང་དེའི་འབྲས་བུའི་བསོད་ནམས་ལ་གོ །འདི་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པ་རྣམས་ཀྱིས་རྫུ་འཕྲུལ་གྱི་མཐུ་ལས་སྣ་ཚོགས་ཀྱི་ཆར་འབེབས་ཏེ། དམྱལ་བ་ན་སྡུག་བསྔལ་མྱོང་བཞིན་པའི་སེམས་ཅན་རྣམས་ལ་བདེ་བ་དང་དགའ་བ་སྐྱེད་པའི་རྒྱུར་འགྱུར་བ་ཡིན། དེས་ན་དགེ་རྩ་ནི་སེམས་ཅན་གྱི་དོན་དུ་ཡོངས་སུ་བསྔོ་བའི་དགེ་བའི་ལས་ཀྱི་རྣམ་གྲངས་ཤིག་ཡིན་པར་ཤེས་པར་བྱའོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  2. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།