དགེ་འདུན་ཉི་ཤུ་ནི།

ཡོང་ཁུངས་Wikipedia

དགེ་འདུན་ཉི་ཤུ་ནི།

1-5 རྒྱུན་ཞུགས་ལྔ་དང༌། 6-8 ཕྱིར་འོང་གསུམ། 9-18 ཕྱིར་མི་འོང་བཅུ། 19 དགྲ་བཅོམ་ཞུགས་པ། 20 དགྲ་བཅོམ་འབྲས་གནས་བཅས་ཉི་ཤུའོ།།

དགེ་འདུན་ཉི་ཤུ་ཤེར་ཕྱིན་མངོན་རྟོགས་རྒྱན་རྩ་བར།

༡དབང་བོ་རྟུལ་དང་༢རྣོན་པོ་དག །༣།༤དད་དང་མཐོང་ཐོབ་༥།༦རིགས་ནས་རིགས། །༧བར་ཆད་གཅིག་༨བར་༩སྐྱེས་ནས་དང༌། །༡༠བྱེད་དང་༡༡བྱེད་མིན་༡༢འོག་མིན་འགྲོ། །༡༣༡༤༡༥འཕར་གསུམ་༡༦སྲིད་རྩེ་མཐར་ཐུག་འགྲོ། །༡༧གཟུགས་ཀྱི་ཆགས་བཅོམ་༡༨མཐོང་བ་ཡི། །ཆོས་ལ་ཞི་ལུས་༡༩མངོན་སུམ་བྱེད། །༢༠བསེ་རུ་དང་ནི་ཉི་ཤུའོ།

དགེ་འདུན་ཉི་ཤུ་གྲངས་ཚུལ་ནི།

རྒྱུན་ཞུགས་ཞུགས་པ་ལྔ་ནི།

རྒྱུན་ཞུགས་ཞུགས་པ་ལ་གཉིས་ཏེ། ༡༽ ཆོས་ཀྱི་རྗེས་འབྲང་དང༌། ༢༽ དད་པའི་རྗེས་འབྲང༌།

རྒྱུན་ཞུགས་འབྲས་གནས་ལ་གསུམ་ཏེ། ༡༽རྒྱུན་ཞུགས་འབྲས་གནས་ཙམ་པོ་བ། རྒྱུན་ཞུགས་འབྲས་གནས་ཁྱད་པར་ལ་གཉིས་ཏེ། ༢༽ ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང༌། ༣༽ མིའི་རིགས་ནས་རིགས་སུ་སྐྱེ་བ།

ཕྱིར་འོང་གསུམ་ནི། ༡༽ ཕྱིར་འོང་ཞུགས་པ་དང༌། ༢༽ ཕྱིར་འོང་འབྲས་གནས་ཙམ་པོ་བ། ༣༽ ཕྱིར་འོང་འབྲས་གནས་ཁྱད་པར་ཅན་ཚེ་གཅིག་བར་ཆད་གཅིག་པ་བཅས་གསུམ་མོ།།

ཕྱིར་མི་འོང་བཅུ་ནི། ༡༽ ཕྱིར་མི་འོང་ཞུགས་པ་དང༌། ༢༽ བར་དོར་འདའ་བ་དང༌། ༣༽ སྐྱེས་ནས་འདའ་བ་གསུམ། འཕར་བ་གསུམ་དང༌། ༩༽ མཐོང་ཆོས་ཞི་བ་དང༌། ༡༠༽ ལུས་མངོན་བྱེད་རྣམས་སོ།

༣༽ སྐྱེས་ནས་འདའ་བ་གསུམ་སྟེ། ༡༽ སྐྱེས་ནས་མྱ་ངན་ལས་འདའ་བ་ལ་སྐྱེས་ཙམ་ནས་འདའ་བ་དང༌། ༢༽ འདུ་བྱེད་དང་བཅས་ཏེ་འདའ་བ་དང༌། ༣༽ འདུ་བྱེད་མེད་པར་འདའ་བ་སྟེ་གསུམ་མོ།།

འཕར་བ་ལ་གསུམ་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་གསུམ་སྟེ། ༡༽ འཕར་བ་དང༌། ༢༽ ཕྱེད་འཕར་བ་དང༌། ༣༽ གནས་ཐམས་ཅད་དུ་འཕར་བ་སྟེ་གསུམ་མོ།