དགེ་བློ་
དགེ་བློ་ཞེས་པ་ནི་སྤྱོད་འཇུག་དང་དེའི་འགྲེལ་པ་རྣམས་སུ་གསལ་བའི་ཐ་སྙད་ཅིག་སྟེ། བྱང་ཆུབ་ཀྱི་སེམས་དང་དགེ་བའི་བློ་གྲོས། དགེ་བའི་བསམ་པ་སྟེ་ཆོས་ལ་ཞུགས་ཤིང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བློ་གྲོས་ལ་གོ
སྒྲ་བཤད།
[རྩོམ་སྒྲིག]དགེ་བློ་ཞེས་པ་ནི་དགེ་བ་དང་བློ་ཞེས་པའི་ཚིག་གཉིས་སྦྲེལ་བ་སྟེ། དགེ་བའི་བློ་གྲོས་སམ་དགེ་བའི་སེམས་ལ་གོ །འགྲེལ་པ་ཁ་ཅིག་ན་དགེ་བའི་བཤེས་གཉེན་གྱི་དོན་དུའང་བེད་སྤྱོད་གཏོང་འདུག
དགོས་པ།
[རྩོམ་སྒྲིག]དེ་ཡང་དགེ་བློ་འབྱུང་དགོས་པ་ནི་རྩ་བ་ལས།"འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག"[༡] ཞེས་དགེ་བློ་སྐྱེས་པའི་དགོས་པ་ནི་འགྲོ་བའི་སྡུག་བསྔལ་སེལ་བ་དང་བདེ་བ་སྒྲུབ་པར་གསུངས།
ནང་དོན།
[རྩོམ་སྒྲིག]"གང་གི་དྲིན་གྱིས་བདག་ལ་བསྟན་བཅོས་འདི་བྱེད་པའི་དགེ་བློ་འབྱུང་བའི་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །"[༢]ཞེས་གསུངས། འདི་ལ་དགེ་བློ་འབྱུང་བ་ཞེས་པ་ནི་དགེ་བའི་བློ་གྲོས་དམ་པ་སྐྱེ་བ་ལ་ཟེར་ལ། འཇམ་པའི་དབྱངས་ཀྱི་བཀའ་དྲིན་གྱིས་བསྟན་བཅོས་རྩོམ་པའི་དགེ་བའི་བློ་གྲོས་སྐྱེས་པར་བསྟོད་པ་ཡིན།
གཞན་ཡང་རྩ་བ་རང་ལས་"གང་གི་དྲིན་གྱིས་དགེ་བློ་འབྱུང་། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།"[༣] ཞེས་དགེ་བ་སྒྲུབ་པའི་བློ་གྲོས་སྐྱེ་བ་ལ་འཇམ་དབྱངས་ཀྱི་བཀའ་དྲིན་གལ་ཆེན་པོ་ཡིན་པར་གསུངས།
དགེ་བློ་འབྱུང་དཀའ་བ།
[རྩོམ་སྒྲིག]གནས་ལ་དད་པའི་དགེ་བའི་བློ་ཁྱད་པར་ཅན་དེ་ནི་བརྒྱ་ལམ་ན་ལན་རེ་འབྱུང་བར་ ཟད་སྟེ་ཇི་ལྟར་མཚན་མོ་གློག་གི་འོད་ནི་བརྒྱ་ལམ་ན་འབྱུང་ཞིང་ཡུད་ཙམ་སྣང་བར་བྱེད་ཀྱི་རིང་དུ་མ་ཡིན་པ་བཞིན་ཡིན་ལ། དེ་ཡང་"གནས་ལ་དད་པའི་དགེ་བློ་ཁྱད་པར་དུ་རྙེད་དཀའ་བར་བསྟན་པའོ། །"[༤]ཞེས་གསུངས། འདིས་ལུས་རྟེན་དལ་འབྱོར་མ་ཚད། དགེ་བློ་དམ་པ་ཞིག་འབྱུང་བ་ཡང་ཤིན་ཏུ་དཀའ་བར་གསུངས།
དུས་ཚོད་མེད་པ།
[རྩོམ་སྒྲིག]"དེར་ནི་དགེ་བློ་རེ་སྐྱེས་ཀྱང་དགེ་བ་སྒྲུབ་པའི་རྟེན་དལ་འབྱོར་གྱི་མི་ཚེ་ཡང་ཐུང་བ་ཉིད་ཀྱིས་དགེ་བ་བསྒྲུབ་པའི་ཁོམ་ལོང་མེད་པ་དང་།"[༥] ཞེས་གསུངས། འདིས་དགེ་བློ་ཅུང་ཟད་སྐྱེས་ན་ཡང་། ཚེ་ཐུང་བ་་དང་འཇིག་རྟེན་གྱི་བྱ་ལས་དང་བར་ཆད་སོགས་ཀྱིས་དགེ་བ་རྫོགས་པར་དུས་ཚོད་ཉུང་བ་བསྟན།
བསྡུས་དོན།
[རྩོམ་སྒྲིག]དགེ་བློ་ཞེས་པ་ནི་སྤྱིར་དགེ་བའི་བློ་གྲོས་ལ་གོ་ཞིང་། བྱེ་བྲག་ཏུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བློ་དང་ཆོས་ལ་དད་པའི་སེམས། འཇམ་དབྱངས་དང་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་ལས་བྱུང་བའི་དམ་པའི་ཆོས་སྒྲུབ་པའི་བློ་གྲོས་ལ་གོ་བ་ཡིན། ཤིན་ཏུ་རྙེད་པར་དཀའ་བ་ཞིག་ཡིན་པས་དལ་འབྱོར་གྱི་མི་ལུས་ཐོབ་པའི་ཚེ་དགེ་བློ་བསྐྱེད་ནས་འགྲོ་བའི་དོན་ཆེད་དུ་སྤྱད་པ་གལ་ཆེན་པོ་ཡིན།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། 910
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། 237
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། 910
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས། 28
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། 645