Jump to content

དགའ་དང་གུས་དང་དད་པ་

ཡོང་ཁུངས་Wikipedia

དགའ་དང་གུས་དང་དད་པ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉན་པའི་སྐབས་སུ་དགོས་པའི་བློའི་སྦྱོར་བ་གསུམ་ཡིན་ཏེ། དེ་གསུམ་ཀ་དད་པའི་ཁྱད་པར་ཡིན་ནོ། །

འགྲེལ་བཤད།

[རྩོམ་སྒྲིག]

"དོན་ཉན་པར་འདོད་པས་དགའ་བ་དང་། དེ་ལ་ཡིད་ཆེས་ཀྱིས་གུས་པ་དང་། དོན་དུ་གཉེར་བའི་དད་པའི་མཆོག་རྣམས་ནི་བློ་ལ་ཉེ་བར་བཞག་པའོ། །"[]ཞེས་གསུངས་པ་ལྟར། དགའ་བ་ནི་དོན་ཉན་པར་འདོད་པའི་བློ། གུས་པ་ནི་དེ་ལ་ཡིད་ཆེས་པའི་བློ། དད་པའི་མཆོག་ནི་དོན་དུ་གཉེར་བའི་བློ་ཡིན་ནོ། །དགོས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉན་པ་ལ་དགའ་གུས་དད་པ་གསུམ་པོ་འདི་དག་གལ་ཆེ་སྟེ། "བཅོམ་ལྡན་འདས་ཉིད་ཀྱིས་འཁོར་བཞི་པོ་དག་ལ་འདི་ལྟ་བུར་ཆོས་ལ་ཉན་པའི་སེམས་ཀྱིས་ཆོས་དང་སྟོན་པ་ལ་དགའ་བ་དང་གུས་པ་ཆེན་པོ་དང་། ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་དད་པའི་མཆོག་ཉེ་བར་བཞག་སྟེ།"[] ཞེས་གསུངས་སོ། །

སྒྲ་བཤད།

[རྩོམ་སྒྲིག]

"དགའ་བ་ནི་མངོན་པར་འདོད་པའོ། །གུས་པ་ནི་མངོན་པར་ཡིད་ཆེས་པའོ། །དད་པ་ནི་གུས་པའི་བྱེ་བྲག་གོ །མཆོག་ནི་ཐམས་ཅད་ཀྱི་མཆོག་གོ །ཉེ་བར་གཞག་སྟེ་ནི་ཉེ་བར་བློ་ལ་གཞག་པའོ། །"[]ཞེས་གསུངས།

ངེས་ཚིག

[རྩོམ་སྒྲིག]

དགའ་བའི་ངེས་ཚིག དམ་པའི་ཆོས་ལ་ཡིད་དྭངས་ཤིང་མངོན་པར་འདོད་པའི་དགའ་བ་སྟེ། "འདི་སྐད་དུ་ནུས་པ་ཉིད་དང་། ཡོད་པ་ཉིད་དང་། ཡོན་ཏན་དང་ལྡན་པའི་ཆོས་ཡུམ་གྱི་བྱེ་བྲག་ཐམས་ཅད་བཤད་དེ། རིམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་འདོད་པ་དང་། མངོན་པར་ཡིད་ཆེས་པ་དང་རབ་ཏུ་དང་བ་སྟེ། དད་པའི་བྱེ་བྲག་རྣམ་པ་གསུམ་མོ། །"[]ཞེས་གསུངས། གུས་པའི་ངེས་ཚིག ཆོས་སྨྲ་བ་ལ་ཞེ་ས་དང་བཅས་པའི་གུས་པ་སྟེ། "ཆོས་སྨྲ་བ་ལ་ཞེ་ས་དང་བཅས་པའི་གུས་པ་དང་།"[] ཞེས་གསུངས། དད་པའི་ངེས་ཚིག ཐེག་པ་ཆེན་པོ་ཐོས་པའི་ཕན་ཡོན་སོགས་ལ་ཡིད་ཆེས་པའི་དད་པའི་མཆོག་སྟེ། "དད་པ་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །"[]ཞེས་གསུངས།

དབྱེ་བ།

[རྩོམ་སྒྲིག]

དགའ་བ་དང་གུས་པ་དང་དད་པའི་མཆོག་གསུམ་པོ་འདི་ཐམས་ཅད་དད་པའི་ཁྱད་པར་ཡིན་ནོ། །"རིམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་འདོད་པ་དང་། མངོན་པར་ཡིད་ཆེས་པ་དང་རབ་ཏུ་དང་བ་སྟེ། དད་པའི་བྱེ་བྲག་རྣམ་པ་གསུམ་མོ། །"[]ཞེས་གསུངས།

རྩོད་སྤོང་།

[རྩོམ་སྒྲིག]

"ཐམས་ཅད་མཆོག་ཏུ་བསྐྱེད་པས་མཉན་པར་བྱ་སྟེ། གཞན་དུ་ན་དོན་མེད་པར་འགྱུར་ཏེ། དད་པ་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །"[]ཞེས་གསུངས་པས། དགའ་གུས་དད་གསུམ་མཆོག་ཏུ་བསྐྱེད་དགོས་པའི་རྒྱུ་མཚན་བསྟན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤོག་ངོས། 3a
  2. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ཤོག་ངོས། 12
  3. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 8
  4. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 8
  5. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན། ལག་བྲིས། ཤོག་ངོས། 3b
  6. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 8
  7. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 8
  8. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས།8