དཀར་རོང་ཁྲ་ཁུ་ལྷས་སུ་ཡོད་པ། སྒར་སྡེའི་རྟ་ཡི་རྟོད་ཕུར་
རུ་ཆེན་ལྔ།
༡ དབུ་རུ། ཤར་འོལ་ཁའི་ཤུག་པ་སྤུན་བདུན། ལྷོ་རྨ་ལ་ལ་བརྒྱུད། ནུབ་གཞུ་སྙེ་མོ། བྱང་པྲགས་ཀྱི་གླང་མ་གུར་ཕུབ། དབུས་ཚད་ལྷ་ས་ར་མོ་ཆེ་ལ་བྱས་པའོ། །
༢ གཡོ་རུ། ཤར་ཀོང་ཡུལ་བྲེས་སྣ། ལྷོ་ཤ་འུག་སྟག་སྒོ། ནུབ་ཁ་རག་གངས་རྩེ། བྱང་རྨ་ལ་ལ་བརྒྱུད། དབུས་ཚད་ཡར་ལུངས་ཁྲ་འབྲུག་ལ་བྱས་པའོ། །
༤ གཡས་རུ། ཤར་པྲགས་ཀྱི་གླང་མ་གུར་ཕུབ། ལྷོ་གཉའ་ནམ་གཡག་པོའི་སྣ། ནུབ་བྱེ་མ་ལ་དགུ །བྱང་སྨྲི་ཏི་ཆུ་ནག །དབུས་ཚད་ཤངས་ཀྱི་ཞོང་པ་ཚལ་ལ་བྱས་པའོ། །
༤ རུ་ལག ། ཤར་འཇམ་ནེ་བཀྲ། ལྷོ་བལ་པོ་གླང་སྣ། ནུབ་ལ་ཀེམ་གཡག་མིག །བྱང་བྱེ་མ་ལ་སྔོན། དབུས་ཚད་བྲད་ཀྱི་དུར་པ་སྣ་ལ་བྱས་པའོ། །
༥ སུམ་པའི་རུའམ་ཡན་ལག་གསུམ་པའི་རུ། ཤར་གཉེ་ཡུལ་བུམ་ནག །ལྷོ་སྨྲི་ཏི་ཆུ་ནག །ནུབ་ཡེལ་ཞབས་སྡིངས་པོ་ཆེ། བྱང་ནགས་ཤོད་གཟི་འཕྲང་། དབུས་ཚད་རྒྱ་ཤོད་སྟག་པ་ཚལ་ལ་བྱས་པའོ། །
ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད།
༡ དབུ་རུ་ཤོད་ཆེན། ༢ ཕོ་བྲང་སྣེ་ཆེན། ༣ ཡར་ཀླུངས། ༤ ཡར་འབྲོག ། ༥ འཆིང་ང་། ༦ བྱ་འུག ། ༧ བྲད་དང་ཞོང་པ། ༨ བྲག་རུམ་སྟོད་སྨད། ༩ གཙང་སྟོད་སྨད། ༡༠ ཀླུང་ཤོད་ནམ་པོ། ༡༡ འཕན་ཡུལ། ༡༢ ཉང་རོ་གྲམ་པ། ༡༣ ཤངས་དང་གླེ་ཕྱི། ༡༤ ཡུང་བ་ཆེ་ཆུང་། ༡༥ ཞ་གད་སྡེ་གསུམ། ༡༦ ནམ་ར་ཆག་གོང་། ༡༧ འདམ་ཤོད་དཀར་མོ། ༡༨ མདོ་ཁམས་བཅས་སོ། །
ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་དུ་བཅད་ནས་སྩལ་བའི་སྐུ་དྲག་ཆེན་པོ་ཉེར་ལྔ།
༡ བཙན་པོ། ༢ འབྲོ། ༣སྦས། ༤ སྣ་ནམ། ༥ ཚེ་སྤོང་། ༦ རྭ། ༧ ཁུ། ༨ གཉགས། ༩ འགོས། ༡༠ གནུབས། ༡༡ ཁྱུང་པོ། ༡༢ བྲན་ཀ ། ༡༣ འདྲུ། ༡༤ ཕྱུགས་མཚམས། ༡༥ སྒྲོ། ༡༦ རྨ། ༡༧ འབྲིང། ༡༨ ཀུ་རིངས་སྡེ་ལྔ། ༡༩ དྲང་རྗེ་ཕ་ལྔ། ༢༠ འབྲེ། ༢༡ ལྕེ། ༢༢ རི། ༢༣ གླེ། ༢༤ ཕྱ། ༢༥ ཆག་བཅས་སོ། །
རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ནི། སྟོང་སྡེ་དང་། སྟོང་བུ་ཆུང་གི་སྡེ། སྐུ་སྲུང་གི་སྟོང་སྡེ་སྟེ། དབུ་རུ་དང་། གཡོ་རུ། གཡས་རུ། རུ་ལག །ཞང་ཞུང་གི་རུ་ལྔ་ལ་སྟོང་སྡེ་བཅུ་རེ། སུམ་པའི་རུ་ལ་སྟོང་སྡེ་བཅུ་གཅིག་ཡོད།
དབུ་རུའི་སྟོང་སྡེ་བཅུ། དོར་སྡེ་སྡེ་མཚམས་གཉིས། ཕྱུགས་མཚམས་འབྲང་མཚམས་གཉིས། ཅོམ་པ་འབྲི་མཚམས་གཉིས། སྐྱིད་སྟོད་སྐྱིད་སྨད་གཉིས། ཡེལ་རབ་སྟོང་བུ་ཆུང་། སྐུ་སྲུང་ཤར་ཕྱོགས་པ་བཅུའོ། །
གཡོ་རུའི་སྟོང་སྡེ་བཅུ། ཡར་ལུང་འཕྱིང་ལུང་གཉིས། ཡར་མཚམས་གཡུ་འབངས་གཉིས། དྭགས་པོ་ཉག་ཉི་གཉིས། དམྱལ་དང་ལྷོ་བྲག་གཉིས། ལོ་རོ་སྟོང་བུ་ཆུང༌། སྐུ་སྲུང་བྱང་ཕྱོགས་པ་བཅུའོ། །
གཡས་རུའི་སྟོང་སྡེ་བཅུ། སྟོང་ཆེན་ཤངས་ཆེན་གཉིས། ལང་མི་ཕོད་དཀར་གཉིས། ཉེན་གར་འབྲང་མཚམས་གཉིས། སྤོ་རབ་གཟོང་སྡེ་གཉིས། ཤངས་ཀྱི་སྟོང་བུ་ཆུང༌། སྐུ་སྲུང་ནུབ་ཕྱོགས་པ་བཅུའོ། །
རུ་ལག་གི་སྟོང་སྡེ་བཅུ། མང་ཀར་ཁྲི་སྤོམ་གཉིས། གྲོམ་པ་ལྷ་རྩེ་གཉིས། མྱང་རོ་ཁྲི་འཐང་གཉིས། ཁང་སར་གད་ཕྲམ་གཉིས། མཚོ་ངོས་སྟོང་བུ་ཆུང༌། སྐུ་སྲུང་ལྷོ་ཕྱོགས་པ་བཅུའོ། །
ཞང་ཞུང་གི་སྟོང་སྡེ་བཅུ། བོད་དང་གྲུ་གུའི་མཚམས་ན་འོ་ཅོ་མང་མ་གཉིས། གཉེ་མ་ཙ་མོ་གཉིས། བ་ག་སྟོང་བུ་ཆུང་བཅས་ཞང་ཞུང་སྟོད་ཀྱི་སྟོང་སྡེ་ལྔ། བོད་དང་སུམ་པའི་མཚམས་ན་གུག་གེ་ཅོག་ལ་གཉིས། སྤྱི་གཙང་ཡར་གཙང་གཉིས། ཅི་དི་སྟོང་བུ་ཆུང་བཅས་ཞང་ཞུང་སྨད་ཀྱི་སྟོང་སྡེ་ལྔ།(མཆན། འདི་ནི་ལྷོ་བྲག་ཆོས་འབྱུང་ལྟར་དུ་བཀོད་པ་ཡིན། དུང་དཀར་གྱིས་ཞང་ཞུང་སྟོད་སྨད་ནོར་ཡོད་པའི་རྒྱུ་མཚན་སོགས་གསུངས།)
སུམ་པའི་རུ་སྟོང་ཁྱབ་རྒྱ་ལྡན་གྱི་སྟོང་སྡེ་བཅུ་གཅིག ། རྩེ་མཐོན་པོ་མཐོན་གཉིས། རྒོད་ཚང་སྟོད་སྨད་གཉིས། འཇོང་སྟོད་འཇོང་སྨད་གཉིས། དྲེ་སྟོད་དྲེ་སྨད་གཉིས། ཁ་རོ་ཁ་ཟངས་གཉིས། ནགས་ཤོད་སྟོང་བུ་ཆུང་བཅས་སྟོང་སྡེ་བཅུ་གཅིག་གོ །