དཀར་བརྒྱགས་
དཀར་བརྒྱགས/ཀར་རྒྱག/ཀར་གྱག
[རྩོམ་སྒྲིག]དཀར་བརྒྱགས་ (ཡང་ན་ཨིན་ཡིག་ཏུ་Kargiakh/Kurgiakh ཅེས་ཀྱང་འབྲི།) ནི། རྒྱ་གར་གྱི་ལ་དྭགས་དབུས་གཞུང་མངའ་སྡེའི་ཀར་གྱིལ་རྫོང་ནང་གི་ཟངས་དཀར་ལུང་ནག་གམ་ལུང་སྣའི་ནང་དུ་ཆགས་པའི་གྲོང་གསེབ་ཆུང་ཆུང་ཞིག་ཡིན། གྲོང་གསེབ་འདི་ནི་དཔལ་(Padum)གདུམ་ནས་ལྷོ་ཕྱོགས་སུ་ཀི་ལོ་མི་ཊར་ ༧༧/77 (མེལ་ ༤༨/48) ཙམ་གྱི་སར་དཀར་བརྒྱགས་ཆུ་བོའི་གཡས་ཕྱོགས་སུ་ཆགས་ཡོད་པ་དང་། འདི་ཉིད་དཔལ་གདུམ་ནས་དྷར་ཅ(Darcha)བར་གྱི་གཞུང་ལམ་ (NPD road) ཐོག་ཏུ་གནས་ཡོད། ཡུལ་མིའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ནི་ཞིང་ལས་དང་འབྲོག་ལས་ལ་བརྟེན་ནས་ཡོད་པ་དང་། ཆོས་ལུགས་ནི་ནང་པ་སངས་རྒྱས་པ་ཡིན།
མི་འབོར་གནས་སྟངས།(Demographic)
[རྩོམ་སྒྲིག]༢༠༡༡/2011ལོའི་མི་རྩིས་ལྟར་ན། དཀར་བརྒྱགས་གྲོང་ཚོར་དུད་ཚང་ ༧༤ /74དང་མི་འབོར་ ༤༢༩/429 ཡོད་པ་རེད། དེའི་ནང་ནས་བརྒྱ་ཆ་ ༤༩.༤/49.4 བུད་མེད་ཡིན་པ་དང་། ཡིག་རྨོངས་སེལ་བའི་ཚད་གཞི་ནི་བརྒྱ་ཆ་ ༤༠.༦/40.6 ཡིན། མི་འབོར་གྱི་བརྒྱ་ཆ་ ༩༨.༨/98.8 ནི་གཏན་འབེབས་རིགས་རུས་ (Scheduled Tribes) ཁོངས་གཏོགས་ཡིན་པ་དང་། དད་མོས་བྱེད་པའི་ཆོས་ལུགས་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་རེད།
འཛིན་སྐྱོང་། (Governance)
[རྩོམ་སྒྲིག]དཀར་བརྒྱགས་གྲོང་ཚོའི་འཛིན་སྐྱོང་བྱེད་སྟངས་ནི་གཤམ་གསལ་ལྟར་ཡིན།
[རྩོམ་སྒྲིག]- དཀར་བརྒྱགས་གྲོང་ཚོ་ནི་ཏེ་སྟ་གྲོང་གསེབ་འཐུས་མི་ཚོགས་པའི་ (Testa Gram Panchayat) ས་གནས་རང་སྐྱོང་འཛིན་སྐྱོང་གི་ཁྱབ་ཁོངས་སུ་གཏོགས་པ་ཡིན།
- དཀར་བརྒྱགས་ནི་ལུང་ནག་མཉམ་འབྲེལ་ཡར་རྒྱས་ས་ཁུལ་ (Lungnak Community Development Block) གྱི་ཁོངས་སུ་ཡོད།
- རྫོང་ཁག་དང་ས་ཁུལ་རིམ་པའི་འཛིན་སྐྱོང་ནི། ལ་དྭགས་དབུས་གཞུང་མངའ་སྡེའི་ཀར་གྱིལ་རྫོང་གི་ཟངས་དཀར་ས་ཁུལ་ལས་ཁུངས་ (Tehsil) ཀྱི་ཁོངས་སུ་ཡོད་པ་དང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀར་གྱིལ (LAHDC-Kargil) གྱི་ཁྱབ་ཁོངས་སུ་ཡོད།
མཐུན་རྐྱེན་འཛུགས་སྐྲུན། (Amenities)
[རྩོམ་སྒྲིག]དཀར་བརྒྱགས་སུ་སྔོན་འགྲོ་ནས་དམའ་རིམ་བར་གྱི་སློབ་གྲྭ་ཞིག་ཀྱང་ཡོད། དེ་བཞིན་ལག་ཐོགས་ཁ་པར་གྱི་བརྡ་རྟགས་དང་གློག་གི་མཐུན་རྐྱེན་ཡང་ཡོད།
རྩི་ཤིང་དང་སེམས་ཅན། (Fauna and Flora)
[རྩོམ་སྒྲིག]༡། རྩི་ཤིང་གི་རིགས། (Flora)
[རྩོམ་སྒྲིག]༡། དཀར་བརྒྱགས་ཉེ་འཁོར་གྱི་རང་བྱུང་རྩི་ཤིང་།
[རྩོམ་སྒྲིག]དཀར་བརྒྱགས་ནི་མཐོ་སྒང་གི་བྱེ་ཐང་གྲང་མོའི་གནམ་གཤིས་ཁུལ་དུ་ཆགས་ཡོད་པས། རང་བྱུང་གི་རྩི་ཤིང་དཀོན་པོ་ཡིན། རྩི་ཤིང་རྣམས་གཙོ་བོ་ཆུ་ཕྲན་དང་ཞིང་ཆུ་འདྲེན་སའི་ཉེ་འཁོར་དུ་སྐྱེ་འཕེལ་བྱེད། ས་གནས་འདིར་མཐོང་རྒྱུ་ཡོད་པའི་རི་སྐྱེས་མེ་ཏོག་ཁག་ནི།
- ལྕམ་པ། (Geranium)
- ཀོ་ལུམ་བྷ་ཡིན། (Columbine)
- གསེར་གྱི་མེ་ཏོག (Buttercup)
- ལུག་རུའི་རིགས། (Pedicularis)
༢། རྩི་ཤིང་གི་ཁྱད་ཆོས།
[རྩོམ་སྒྲིག]རྩི་ཤིང་མང་ཆེ་བ་ནི་ཞིང་ཆུ་འདྲེན་སའི་ལུང་པ་དང་། ཆུ་འགྲམ། རླན་གཤེར་ཡོད་པའི་རི་ལྡེབས་སུ་སྐྱེ་གི་ཡོད། གྲང་ངར་དང་སྐམ་ཤས་ཆེ་བའི་གནམ་གཤིས་ཀྱི་རྐྱེན་གྱིས་ཤིང་ནགས་ཆེན་པོ་མེད་པར། གཙོ་བོ་ཤིང་ཕྲན་དང་བཟོད་བསྲན་ཆེ་བའི་མཐོ་སྒང་གི་རྩི་ཤིང་གིས་ཁྱབ་ཡོད།
༢། སེམས་ཅན་གྱི་རིགས། (Fauna)
[རྩོམ་སྒྲིག]༡། དཀར་བརྒྱགས་ཀྱི་སྒོ་ཕྱུགས་གཙོ་བོ་ནི།
[རྩོམ་སྒྲིག]- གཡག
- རྟ།
- ར་ལུག
- བོང་བུ
- ཛོ་སོགས་དུ་མ་ཡོད།
༢། ཉེ་འཁོར་གྱི་བྱ་རིགས།
[རྩོམ་སྒྲིག]༣། སྔོན་གྱི་ལོ་རྒྱུས་སྙན་ཐོ་ལྟར་ན། འདི་གར་བྱ་རིགས་གཤམ་གསལ་རྣམས་མཐོང་རྒྱུ་ཡོད།
[རྩོམ་སྒྲིག]- འབྲོང་བྱ། (Horned larks)
- བོད་ཕུག (Tibetan pigeons)
- གངས་ཕུག (Snow pigeons)
- གླག་གམ་གྱོལ་པོ། (Lammergeiers)
- མཆུ་དམར་ཅན་གྱི་བྱིའུ་ལིང་ནེཊ། (Linnets)
- བྱིའུ་ཕིན་ཅི་དཀར་ནག་ (Finches) བཅས་ཡིན།
༤། ཟངས་དཀར་ཁུལ་གྱི་རི་སྐྱེས་སེམས་ཅན།
[རྩོམ་སྒྲིག]- ཕྱི་བ། (Marmots)
- དོམ། (Bears)
- སྤྱང་ཀི། (Wolves)
- གངས་གཟིག (Snow leopards)
- རི་དྭགས་ཨིའེ་བེཀ་སི། (Alpine ibex)
- གནའ། (Bharal/Blue sheep)
- གོ་རལ། (Gray goral)
- གླག་དང་ཁྲ་ཡི་རིགས། (Raptors)སོགས་ཀྱང་དཀར་བརྒྱགས་སུ་མཐོང་ཐུབ།
དཔལ་འབྱོར། (Economy)
[རྩོམ་སྒྲིག]༡། ཞིང་ལས་ནི་གཞི་རྟེན་ཡིན། (Agriculture is the Foundation)
[རྩོམ་སྒྲིག]དཀར་བརྒྱགས་པའི་དཔལ་འབྱོར་ནི་གཙོ་བོ་སོ་ནམ་ཞིང་ལས་དང་དེ་འབྲེལ་གྱི་ལས་ཀར་བརྟེན་ནས་བསྡད་ཡོད། ལོ་ཏོག་གཙོ་བོ་ནི་ནས་ཡིན་པ་དང་། འདེབས་ལས་བྱེད་སྟངས་ནི་སྲོལ་རྒྱུན་གྱི་ལམ་ཁ་ཁོ་ན་ལས་བྱེད་ཀྱི་ཡོད། མི་རྩིས་ཀྱི་གནས་ཚུལ་ལྟར་ན། ས་གནས་འདིའི་ལས་ཀ་བྱེད་མཁན་ཀུན་ནི་རང་ཉིད་ཀྱི་ས་ཞིང་ཡོད་པའི་ཞིང་པ་ཡིན།
༢། འཚོ་ཐབས་ཀྱི་ཁྱད་ཆོས། (Livelihood Characteristics)
[རྩོམ་སྒྲིག]འདི་གའི་ཞིང་ལས་ནི་ཚོང་འབྲེལ་ལས་ཀ་ལས་ལྷག་པར་དུ་རང་ཉིད་ཀྱི་འཚོ་བ་སྐྱེལ་ཐབས་ཤིག་ཡིན། དེའི་དོན་ནི་ལོ་ཏོག་རྣམས་གཙོ་བོ་རང་ཉིད་ཀྱི་བཟའ་བཏུང་ལ་མཁོ་བ་ལས་ཁྱབ་རྒྱ་ཆེ་བའི་ཚོང་འབྲེལ་ལ་དམིགས་པ་ཞིག་མིན། སྲོལ་རྒྱུན་གྱི་སོ་ནམ་ལག་ཆ་དང་ཐབས་ལམ་རྣམས་གཙོ་བོ་ཡིན་ནའང་། ཉེ་བའི་ཆར་ལྕགས་རྟ་འཁོར་ལོ་ (Tractors) དང་ཆུ་ལ་སྟབས་བདེ་བཟོས་པ་སོགས་ཀྱིས་ལས་ཀ་བྱེད་སྟངས་ལ་འགྱུར་བ་ཅུང་ཟད་འགྲོ་བཞིན་ཡོད། གྲོང་ཚོ་འདིར་བཟོ་གྲྭ་དང་ཚོང་ལས་ཆེ་གྲས་གང་ཡང་མེད།
༣། དཔལ་འབྱོར་ལ་འཕྲད་པའི་དཀའ་ངལ། (Challenges Affecting the economy)
[རྩོམ་སྒྲིག]གནམ་གཤིས་གྲང་ངར་དང་ས་བབ་ཁ་ཐོར་དུ་ཡོད་པའི་རྐྱེན་གྱིས་ཞིང་ལས་ལ་དཀའ་ངལ་ཆེན་པོ་ཡོད། ལོ་ཏོག་སྐྱེ་བའི་དུས་ཡུན་ཐུང་བ་དང་། ཞིང་ཆུ་འདྲེན་པར་གངས་ཆུ་ཁོ་ནར་བརྟེན་དགོས་པས་ཐོན་སྐྱེད་ལ་ཚོད་འཛིན་ཕོག་གི་ཡོད། གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་ཆུ་ཉུང་དུ་འགྲོ་བཞིན་པ་དེས་ཟངས་དཀར་ཁུལ་གྱི་ཞིང་ལས་ལ་ཉེན་ཁ་བཟོ་བཞིན་ཡོད་ལ། འདིས་དཀར་བརྒྱགས་ལའང་ཤུགས་རྐྱེན་ཐེབས་སྲིད། དེ་བཞིན་ཡིག་རྨོངས་སེལ་ཚད་དམའ་བ་དང་ཁྲོམ་རར་འབྲེལ་ལམ་དཀོན་པས་ཞིང་ལས་མིན་པའི་ལས་ཀ་གཞན་བྱེད་པར་དཀའ་ངལ་ཡོད།
ཡུལ་སྐོར་སྤྲོ་འཆམ་མམ་སྐོར་གཡེང་གི་གོ་སྐབས་གསར་པ།(Emerging Role of Tourism)
[རྩོམ་སྒྲིག]དཀར་བརྒྱགས་ནི་དྷར་ཅ་ནས་དཔའ་གདུམ་བར་གྱི་རྐང་ཐང་འགྲུལ་ལམ་སྟེང་ཆགས་ཡོད་པས། རྐང་ཐང་འགྲུལ་པ་དང་ཡུལ་སྐོར་བ་རྣམས་ངལ་གསོ་ས་ཞིག་ཏུ་གྱུར་ཡོད། ས་གནས་མི་མང་ཁ་ཤས་ཀྱིས་གུར་གྱི་སྡོད་གནས་དང་ཡུལ་སྐོར་བར་ཞབས་ཞུ་བསྒྲུབས་ཏེ་དངུལ་བཟོ་བཞིན་ཡོད། འོན་ཀྱང་ཡུལ་སྐོར་ནི་དུས་ཚིགས་ལ་བརྟེན་པ་དང་མཐུན་རྐྱེན་གྱི་དབེན་པས། ལ་དྭགས་ཁུལ་གྱི་ཡུལ་སྐོར་གྱི་འབབ་ཐོབ་མང་ཆེ་བ་ནི་འགྲོ་ལམ་སྟབས་བདེ་བའི་ས་ཆ་ཁག་ལ་ཐོབ་ཀྱི་ཡོད་པ་ལས་དཀར་བརྒྱགས་ལྟ་བུའི་གྲོང་གསེབ་ཐག་རིང་ལུང་ཁུག་ལ་ཐོབ་ཀྱི་མེད།
འབྲེལ་ལམ་དང་གཞི་རིམ་མཐུན་རྐྱེན། (Connectivity and Infrastructure)
[རྩོམ་སྒྲིག]དཔའ་གདུམ་ནས་དྷར་ཅ་བར་གྱི་གཞུང་ལམ་ (NPD road) བཟོས་པ་དང་བསྟུན་ནས་འགྲོ་ལམ་སྟབས་བདེ་རུ་ཕྱིན་ཡོད་ཀྱང་། དགུན་ཁའི་དུས་སུ་ལམ་ཁ་བཀག་ནས་འབྲེལ་བ་ཆད་འགྲོ་བས། ཚོང་འབྲེལ་དང་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བཞིན་ཡོད། མཐུན་རྐྱེན་ཞན་པའི་རྐྱེན་གྱིས་ས་གནས་ཀྱི་ཁྲོམ་ར་ཆུང་བ་དང་། སྨན་བཅོས་དང་ཉེར་མཁོའི་ཅ་ལག་གི་ཆེད་དུ་གྲོང་ཁྱེར་ཆེ་བ་ཁག་ལ་བརྟེན་དགོས་ཀྱི་ཡོད།
སྐྱེལ་འདྲེན། (Transport)
[རྩོམ་སྒྲིག]གྲོང་ཚོ་འདིར་གཞུང་སྒེར་གཉིས་ཀྱི་སྤྱི་འཁོར་གྱི་ཞབས་ཞུ་ཡོད། དཀར་བརྒྱགས་ནི་དྷར་ཅ་ནས་དཔའ་གདུམ་བར་གྱི་རྐང་ཐང་འགྲུལ་ལམ་སྟེང་གི་ངལ་གསོ་རྒྱག་སའི་ས་ཚིགས་ཡོངས་གྲགས་ཅན་ཞིག་ཡིན། གང་ལགས་ཤེ་ན། འདི་ནི་ཤིང་ཁུར་ལ་ (Shinkhur La) ལ་བརྒལ་རྗེས་ཀྱི་ཟངས་དཀར་ཁུལ་གྱི་གྲོང་ཚོ་དང་པོ་དེ་ཡིན་པས་རེད། གཟི་བརྗིད་ལྡན་པའི་མགོན་པོ་རང་བྱོན་ (Gonbo Rangjon) གྱི་བྲག་རི་ནི་དཀར་བརྒྱགས་ཀྱི་ལྷོ་ཕྱོགས་སུ་སྤྱི་ལེ་ ༡༢ ཙམ་གྱི་སར་ཆགས་ཡོད། དེ་གར་རྐང་ཐང་འགྲུལ་པ་དང་། ལྕགས་རྟ་བཞོན་མཁན། དེ་བཞིན་སྣུམ་འཁོར་བཏང་ནས་ཡོང་མཁན་རྣམས་ལ་ཞབས་ཞུ་བསྒྲུབ་མཁན་གྱི་གུར་གྱི་སྡོད་གནས་མང་པོ་ཡོད་དོ།།