ད་

ཡོང་ཁུངས་Wikipedia
Jump to navigation Jump to search

ད 1.བོད་ཡིག་གསལ་བྱེད་བཅུ་གཅིག་པ་འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་སོ་དང༌། བྱེད་པ་ལྕེ་རྩེ། ནང་གི་རྩོལ་བ་སོ་ལྕེ་ཕྲད་པ་དང༌། ཕྱིའི་རྩོལ་བ་སྲོག་ཆུང་སྒྲ་ལྡན། 2.མིང་གཞིའི་མོ་ཡིག་ཅིག 3.སྔོན་འཇུག་མ་ནིང་གི་ཡི་གེ་ཞིག 4.རྗེས་འཇུག་ཕོ་ཡིག་གི་སྐྱེས་བུ་ཐ་མ་ཞིག 5.ད་དྲག་གམ་སྔ་དུས་རྗེས་འཇུག་མ་ནིང་གི་རྗེས་སུ་འཇུག་པའི་ཡང་འཇུག་ཅིག 6.དུས་འདི་ཉིད་ཀྱི་དོན་ཏེ།

           (དཔེར་ན།) ད་སྐབས། ད་དུས། ད་ལོ། ད་འགྲོ་དགོས། ད་འགྲིགས་སོང༌། ད་ཧ་གོ་སོང༌། ད་ཞོག་ཅིག ད་དཀའ་ལས་མི་འདུག་ཅེས་པ་ལྟ་བུ།
"https://bo.wikipedia.org/w/index.php?title=ད་&oldid=122786"ལས་སླར་རྙེད་སོང།