ཐོག་གི་གནོད་པ་འགོག་ཐབས་

ཡོང་ཁུངས་Wikipedia

ཐོག་ནི་གནའ་ནས་ད་བར་དུ་འབྱུང་ཉེན་ཆེ་བའི་རང་བྱུང་གི་འཇིགས་པ་ཞིག་ཡིན་པ་རེད།ཚན་རིག་དང་མཐུན་པའི་བོད་ཀྱི་གཙུག་ལག་ནང་དུ་གློག་གི་འཇིགས་པ་ཞེས་གློག་ལ་ངོས་བཟུང་ཡོད།འབྲོག་ཁུལ་དུ་ཐོག་འབྲུག་གློག་གསུམ་བྱུང་བའི་སྐབས་གྲི་དང་མདུང་ཐུང་སོགས་ལྕགས་ཀྱི་རིགས་སྦྲའི་ཡ་ལོག་གི་ས་ལ་རྡེབ་སྲོལ་ཡོད་པ་ནི་ཐོག་བབས་ནས་ས་ཡི་ནང་དུ་གློག་མྱུར་བར་འགྲོ་སླ་བ་དང་མི་ལ་གནོད་སྐྱོན་མི་ཕོག་ཆེད་དུ་ཡིན་པ་རེད།ཡང་ན་མདུང་རིང་དང་མཉམ་དུ་མདུང་རྩེ་སྦྲའི་ཀླད་ལ་བུད་ཡོད་པ་དང་སྒོ་ཕུག་གི་ས་ལ་རྡེབ་པར་བྱ།འདིའི་རྒྱུ་མཚན་ནི་ལྕགས་ཀྱི་རིགས་རྩེ་རྣོ་བས་ཐོག་མི་འབབ་པར་ཕན་པས་ཡིན་པ་རེད། ད་དུང་རོང་པའི་སྒོ་འགྲམ་གྱི་དར་ཆེན་དང་གཙུག་ལག་ཁང་གི་གན་ཛི་ར།ཐུགས་ནག རྒྱལ་མཚན་སོགས་ཀྱི་རྩེར་ལྕགས་སྐུད་ཕྲ་མོ་རྣོ་བ་གསུམ་མམ་རེ་རེ་འཛེར་ཡོད་པའང་ཚན་རིག་དང་མཐུན་པའི་རྒྱུ་མཚན་ཡོད་པ་རེད།