ཐེག་ཆེན་བཀའ་སྒྲུབ་

ཡོང་ཁུངས་Wikipedia

ཐེག་ཆེན་བཀའ་སྒྲུབ་ངོ་མཚར་བརྒྱ་ལྡན། རོམ་པ་པོ། ངག་གི་དབང་ཕྱུག ། འཁོར་ལོ་དང་པོའི་སྐབས་སུ་མཐའ་བྲལ་བསྟན་པའི་ཐེག་ ཆེན་བཀའ་སྒྲུབ་ལུང་རིགས་ཕ་ལམ་ནོར་བུ། རོམ་པ་པོ། ངག་ གི་དབང་ཕྱུག །དེ་ཡང་འཁོར་ལོ་དང་པོའི་མཇུག་དེ་མ་ཐག་ཏུ་ ལྔ་སེ་གཞན་ལ་མཐོང་ལམ་སྐེ་བའི་ཆེད་དུ་བདེན་བཞིའི་ཁྱད་ ཆོས་ཉེར་དྲུག་སྐབས་ཀི་འགོག་བདེན་ལ་ཟད་པ་དང་ནུབ་པ་ ཞེས་གསུངས་སོ། །འདིའི་ཐད་ཀི་འདུལ་བ་ལུང་གཞི་ལས་ ཀང་། མ་ལུས་པ་སྤངས་པ། བོར་བ། བསལ་བ། ཟད་པ། བྲལ་ བ། འགོག་པ། ཉེ་བར་ཞི་བ་དང་། ནུབ་པ་སྟེ། ཞེས་གསུངས་ ལ། འདི་ཡི་ཟད་པ་དང་ཐེག་ཆེན་པའི་སྐེ་མེད་གནད་གཅིག་ པའོ། །དེ་ལྟར་ཡང་མགོན་པོ་ཀླུ་སྒྲུབ་ཀི་དབུ་མའི་གཞུང་ལུགས་ རིན་ཆེན་ཕེང་བ་ལས། ཐེག་པ་ཆེ་ལས་སྐེ་མེད་བསྟན། །གཞན་ 1

ཐེག་ཆེན་བཀའ་སྒྲུབ། ངག་གི་དབང་ཕྱུག ། གིས་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐེའི་དོན་དུ་ནི། །གཅིག་ པ་དེ་ཕིར་བཟོད་པ་གིས། །ཞེས་ཉན་ཐོས་ཀི་སེ་སོད་ལས་སྤོས་ བྲལ་ཉེར་ཞི་བསྟན་པ་ཐེག་ཆེན་པས་བཞེད་པ་ལ་མི་བཟོད་པ་ མ་བེད་ཅེས་གསུངས་ལ། གཞན་ཡང་དུས་འཁོར་འགེལ་ཆེན་ དི་མེད་འོད་ལས་མཐའ་ཇི་ཙམ་མང་ཡང་རང་བཞིན་གིས་གྲུབ་ པའི་མཐའ་གཅིག་པོ་ལ་འདུས་པ་གསུངས་ཏེ། རང་བཞིན་མེད་ པ་ནི་ཕོགས་སམ་མཐའ་མ་ཡིན་པ་གསུངས་པའི་ཕིར་རོ། །དེ་ སྐད་དུ་ཡང་འགེལ་ཆེན་ལས། རང་བཞིན་མེད་པའི་ཕོགས་ནི་ བཅོམ་ལྡན་འདས་ཀིས་ཕོགས་མེད་པར་གསུངས་སོ། །ཕོགས་ ཞེས་བ་བ་ནི་དངོས་པོ་དང་། དངོས་པོ་མེད་པ་དང་། ཡོད་པ་ དང་མེད་པ་དང་། ཡིན་པ་དང་མ་ཡིན་པ་དང་། གཅིག་དང་ གཅིག་མ་ཡིན་པ་དང་། རྟག་པ་དང་ཆད་པ་དང་། སིད་པ་དང་ མྱ་ངན་ལས་འདས་པ་དང་། གཟུགས་དང་གཟུགས་མ་ཡིན་པ་ དང་། སྒྲ་དང་སྒྲ་མ་ཡིན་པ་དང་། སྐད་ཅིག་དང་སྐད་ཅིག་མ་ ཡིན་པ་དང་། ཆགས་པ་དང་ཆགས་པ་མ་ཡིན་པ་དང་། ཞེ་སང་ 2

ཐེག་ཆེན་བཀའ་སྒྲུབ། ངག་གི་དབང་ཕྱུག ། དང་ཞེ་སང་མ་ཡིན་པ་དང་། གཏི་མུག་དང་གཏི་མུག་མ་ཡིན་ པ། ཞེས་པ་ལྟ་བུ་ལ་སོགས་པ་རྣམས་ནི་རྣམས་ནི་ཕོགས་ཏེ། ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་ཀི་ཕིར་རོ། །ཕོགས་འདི་ དང་བྲལ་བ་ནི་སངས་རྒྱས་རྣམས་མི་གནས་པའི་མྱ་ངན་ལས་ འདས་པ་རང་བཞིན་མེད་པ་སྟེ། སྐད་ཅིག་གཅིག་དང་དུ་མ་ དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀིས་དེ་ཁོ་ན་ཉིད་ཅེས་ གསུངས་སོ། །ཞེས་མཐའ་ཉེར་བཞི་ཙམ་དངོས་སུ་གསུངས་ ནས། དེ་ལྟ་བུ་ཞེས་ད་དུང་མཐའ་ཇི་ཙམ་བགང་ཡང་རང་བཞིན་ གིས་ཡོད་པ་ལ་གཞིར་བཅས་པ་ཤ་སྟག་ཡིན་ནོ། །རྒྱུ་མཚན་ དེ་བས་ན་རང་བཞིན་མེད་པའི་ལྟ་བ་འདི་ནི་མཐའ་བྲལ་གི་ལྟ་བ་ ཡིན་པར་རིགས་ལྡན་པདྨ་དཀར་པོས་ནན་ཏན་མཛད་པ་ཡིན་ ནོ། །འདི་ལ་ཁ་ཅིག་ན་རེ། ཕན་ཚུན་ལྟོས་པ་གསུངས་པ་ལ་གོ་ རྒྱུ་འདུག་ཟེར་སྙམ་པ་ཡོད་ཀང་། སྐབས་བབ་ཕོགས་སྔ་མས་ རང་བཞིན་གིས་ལྟོས་ཟེར་བ་ལ་གོ་དགོས་ཏེ། གཞན་དུ་ན་གོང་ དུ་བགངས་པ་དེར་མྱང་འདས་ཀང་ཡོད་པས། མྱ་ངན་འདས་ 3

ཐེག་ཆེན་བཀའ་སྒྲུབ། ངག་གི་དབང་ཕྱུག ། པ་བདེན་གཅིག་པུ། །ཞེས་གསུངས་པ་དང་འགལ་འདུ་ཅན་དུ་ འགྱུར་རོ། །གཞན་ཡང་འགའ་ཤས་ཀིས་རང་བཞིན་མེད་པ་ དེས་ཡོད་མཐའ་ཁེགས་ཀང་། དེ་ཉིད་མེད་མཐའ་ཡིན་ཟེར་བ་ ནི་མེད་པའི་ཕོགས་འཛིན་ལ་སོང་བ་ཡིན་པས། གཞུང་ལུགས་ ཆེན་པོ་རྣམས་ཀི་དམིགས་འབེམ་གང་ཡིན་ལ་རིགས་ལམ་ཕ་ ཞིབ་ཀིས་མནོ་བསམ་མཛད་དགོས་པ་གནད་ཀི་དོན་པོ་ཡིན་ ནོ། །གནད་འདི་ཤེས་ན་མཐའ་ཇི་ཙམ་མང་ཡང་རང་བཞིན་ གིས་གྲུབ་པའི་སྦྲུལ་གི་ཚང་ལ་གནས་འཆའ་བ་ཤ་སྟག་ཡིན་ པས་ན། ཟླ་བ་གགས་པས་རིགས་པ་དྲུག་ཅུ་པའི་འགེལ་པར་ ཀླུ་སྒྲུབ་ཀི་དགོངས་པ་ལེན་པ་ན། མཐའ་ཐམས་ཅད་མཐའ་འདི་ ལས་ལྷག་པ་མེད་གསུངས་པ་དང་། རང་བཞིན་མེད་པ་རྟོགས་ ན་སེམས་སྦོང་བེད་མཆོག་ལ་འདི་ལས་ལྷག་པ་མེད་ཅེས་ཀླུ་ སྒྲུབ་ཀི་ཆོས་དབིངས་བསྟོད་པ་ཡང་ལེགས་པར་དངས་པར་ འགྱུར་ཏེ། ཟླ་གགས་ཀི་རིགས་པ་དྲུག་ཅུ་པའི་འགེལ་པ་ལས། ཐར་པ་མཆོག་དེ་སྨྲ་བའི་ཁྱུ་མཆོག་དེ་ཡིས་རང་གིས་མཁྱེན་དེ་ 4

ཐེག་ཆེན་བཀའ་སྒྲུབ། ངག་གི་དབང་ཕྱུག ། གསུངས། །ཚིགས་སུ་བཅད་པ་དེ་འཕགས་པ་ཤཱ་རིའི་བུས་ཐོས་ པ་ཙམ་གིས་དེ་ཁོ་ན་རྟོགས་ཤིང་འབྱུང་སྟེ། དེ་བས་ན་དེ་ལྟར་ སྔོན་གོམས་པའི་མཐུ་ཉིད་ཀིས་དེ་དག་གི་བོ་ཡོད་པ་དང་མེད་ པར་མཐོང་བ་ལས་འདས་སོ། །མཐའ་གཉིས་དེ་ལས་ལྷག་པའི་ དབུས་མེད་པའི་ཕིར་དེ་ལ་ཡང་གནས་པ་མེད་པས་མི་གནས་ སོ། །སྐེ་བོ་བིས་པ་རྣམས་ལ་འཇིགས་པར་བེད་པ་དང་། དེ་ དག་འཇུག་མི་ནུས་པའི་ཕིར་ཟབ་པའོ། །རང་བཞིན་གིས་མི་སྐེ་ བས་ཡོད་པ་དང་མེད་པའི་མཐའ་དང་དབུས་ཡོངས་སུ་བརྟག་ པའི་ཡུལ་དུ་དམིགས་པར་མི་ནུས་པའི་ཕིར་དམིགས་སུ་མེད་ དོ། །ཞེས་དབུས་ལའང་བརྟགས་ན་མི་གནས་གསུངས་པ་དང་ དབུས་ལ་མི་གནས་གསུངས་པ་གཉིས་ཀི་ཁྱད་པར་ནམ་མཁའ་ ལྟར་ཡོད་ཀང་། ཚིག་གི་ངོ་གདོང་ཙམ་ལ་འཁྲུལ་ནས་འདི་ གཉིས་མ་འདེས་པར་སྤུ་རིས་ཕ་མོ་འབེད་ཤེས་པ་ནི་ཉིན་མོའི་ སྐར་མ་ལྟར་རོ། །དེས་ན་སྐབས་འདིར་རང་བཞིན་མེད་པ་ཙམ་ གི་རྒྱུ་མཚན་བཀོད་ནས་མཐའ་ཐམས་ཅད་དང་བྲལ་བ་གསུངས་ 5

ཐེག་ཆེན་བཀའ་སྒྲུབ། ངག་གི་དབང་ཕྱུག ། པ་སྒྲ་ཇི་བཞིན་པར་འགེལ་ནུས་པས་ན། གངས་ཅན་གི་ཞིང་ན་ འདི་ལྟ་བུའི་གཏམ་ཡོངས་སུ་མ་གགས་པས་རེ་ཙོང་ཁ་པ་ལ་ གངས་ཅན་ཤིང་རྟའི་སོལ་འབེད་ཅེས་པ་ནི་དོན་དང་མཐུན་པ་ ཡིན་ནོ། །གནད་འདི་ལ་དགོངས་ནས་མགོན་པོ་ཀླུ་སྒྲུབ་ཀིས། མཆོག་ཏུ་སེམས་ནི་སྦོང་བེད་པའི། །ཆོས་ནི་རང་བཞིན་མེད་ པ་ཡིན། །ཞེས་རང་བཞིན་མེད་པའི་ལྟ་བ་འདི་དི་མ་སྦོང་བེད་ མཆོག་གམ་རེ་མོ་ཡིན་པར་གསུངས་ལ། གཞན་ཡང་འདུལ་བ་ཐ་པ་ལུང་ཕན་ཚེགས་ཀཱ་ཏྱའི་བུ་ལ་ གདམས་པ་ལས་ཀང་། ཀཱཏྱའི་བུ་འཇིག་རྟེན་འདི་ནི་ཕལ་ཆེར་ ཡོད་པ་དང་མེད་པ་གཉིས་ལ་བརྟེན་ཏོ། །ཞེས་པ་ནས། ཀཏྱའི་ བུ་དེ་བཞིན་གཤེགས་པ་ནི་མཐའ་གཉིས་པོ་དེ་དག་ལ་མི་བརྟེན་ པར་འཇིག་རྟེན་ལ་དབུ་མའི་ལམ་གིས་ཆོས་སྟོན་ཅིང་། འདི་ ལྟར་འདི་ཡོད་པས་འདི་འབྱུང་། ཞེས་སོགས་ཐེག་ཆེན་པས་ རྟེན་ཅིང་འབྲེལ་བ་འབྱུང་བ་སྤོས་པ་དང་བྲལ་བ་ཇི་བཞིན་དུ་ ཉན་ཐོས་ཀི་སེ་སོད་ལས་གསུངས་ཤིང་ཉན་ཐོས་པས་ཀང་ 6

ཐེག་ཆེན་བཀའ་སྒྲུབ། ངག་གི་དབང་ཕྱུག ། མཐའ་བྲལ་དེ་རྟོགས་པ་ཡོད་དོ། །གནད་འདི་དག་ལ་དགོངས་ ནས་ཀླུ་སྒྲུབ་ཀིས། བཅོམ་ལྡན་དངོས་དང་དངོས་དངོས་མེད་ པ། །མཁྱེན་པས་ཀཏྱ་ན་ཡི། །གདམས་ངག་ལས་ནི་ཡོད་པ་ དང་། །མེད་པ་གཉིས་ཀའང་དགག་པར་མཛད། །ཅེས་གསུངས་ སོ། །ཐེག་པ་གསུམ་ཀས་ཆོས་དབིངས་རྟོགས་དགོས་པ་འདི་ ཡང་། ཕལ་མོ་ཆེའི་ལེའུ་སོ་གཅིག་པ་ས་བརྒྱད་པའི་ཐད་ལས། འདི་ལྟར་ཡང་རིགས་ཀི་བུ། འདི་ནི་ཆོས་རྣམས་ཀི་ཆོས་ཉིད་ དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་ རུང་། ཆོས་ཀི་དབིངས་དང་ཆོས་ཀི་གནས་ཉིད་འདི་ནི་དེ་ བཞིན་དུ་འདུག་པ་སྟེ། འདི་ནི་དེ་བཞིན་གཤེགས་པ་རྣམས་ ཉི་ཙེ་བརོད་པར་བ་བ་མ་ཡིན་ཏེ། ཉན་ཐོས་དང་རང་སངས་ རྒྱས་ཐམས་ཅད་ཀང་རྣམ་པར་མི་རྟོག་པའི་ཆོས་ཉིད་འདི་ཐོབ་ བོ། །ཞེས་གསུངས་པ་འདིས་ནི་ཆོས་ཉིད་དམ་ཆོས་དབིངས་ རྟོགས་པའི་ཡེ་ཤེས་སངས་རྒྱས་འབའ་ཞིག་དབང་དུ་བས་པ་ མིན་པར། ཉན་རང་དང་ཐུན་མོང་བ་གསལ་བར་བསྟན་འདུག་ 7

ཐེག་ཆེན་བཀའ་སྒྲུབ། ངག་གི་དབང་ཕྱུག ། པས། ཉན་རང་གིས་ཆོས་དབིངས་མི་རྟོགས་ཟེར་བའི་ལོག་ རྟོག་ལྡོག་པར་མ་ཟད། ས་བཅུ་པའི་མདོ་འདི་ནི་དཔལ་ལྡན་ཟླ་ བའི་དབུ་མ་ལ་འཇུག་པའི་རང་ལུགས་ཀི་བཤད་བ་ར་བའི་མདོ་ ཡིན་པའང་ཤེས་དགོས་པ་ཡོད་དོ། །ད་དུང་ཤེར་མདོ་ན་ཤིན་ དུ་མང་་ཡང་མཐའ་བྲལ་དབུ་མའི་རྣམ་བཤད་དུ་རྒྱས་པ་བཀོད་ ཟིན་ཏོ། །སེངྒ་ལའི་སོབ་དཔོན་ས་ཡི་ར་ལག་གི་དམ་ཆོས་ པད་དཀར་གི་འགེལ་བ་ལས། ཀཱཏྱཱནས། ཞེས་པ་ནས། བང་ ཆུབ་སེམས་དཔའི་སྤོད་པ་མང་དུ་བས་ཏེ་འདིར་ལུང་བསྟན་ ཏེ། ཞེས་དང་། སོབ་དཔོན་བོ་བརྟན་གི་མདོ་སེ་རྒྱན་གི་འགེལ་ བཤད་ལས། ཉན་ཐོས་ལ་སོགས་པ་འཚང་རྒྱ་བ་མ་ཡིན་ཡང་། འཕགས་པ་ཀཱ་ཏྱཱ་ན་ཐེག་པ་ཆེན་པོ་ལ་འཚང་རྒྱ་བར་འགྱུར་བ་ ལུང་བསྟན་ཏེ། ཞེས་པ་དང་། བང་སེམས་རྟོགས་བརོད་དཔག་ བསམ་འཁི་ཤིང་ན་ཀཱཏྱཱ་ནའི་རྣམ་ཐར་མང་དུ་འཁོད་པའི་རྒྱུ་ མཚན་ཡང་གནད་འདི་དག་ལ་ཐུག་པ་ཡིན་ལ། སངས་རྒྱས་ ཞལ་བཞུགས་སྐབས་སུ་ཀཱཏྱཱ་ན་འཛམ་གིང་ཤར་ལྷོ་ནུབ་བང་ 8

ཐེག་ཆེན་བཀའ་སྒྲུབ། ངག་གི་དབང་ཕྱུག ། གི་རྒྱལ་ཁམས་མང་པོར་བོན་ཏེ་ཐེག་ཆེན་གི་སྤོད་པ་གཞན་ དོན་སྒྲུབ་ལུགས་འདུལ་བ་དང་མདོ་སེ་ན་ཤིན་ཏུ་མང་། དེས་ན་ ཉན་ཐོས་འོད་སྲུང་གིས་ཐེག་དམན་སྤེལ་བ་དང་། ཀཱཏྱཱ་ནས་ཆེན་ པོས་ཐེག་ཆེན་སྤེལ་བས་ན། བསམ་ཏན་དང་ཤེས་རབ་བམ། ཞི་གནས་དང་ལྷག་མཐོང་རལ་འདོན་བེད་ལུགས་མི་འད་བའི་ དབང་གིས་གནས་བརྟན་པ་དང་ཕལ་ཆེན་སེ་པ་བེ་བའི་གནད་ ར་འདི་ལ་ཐུག་ཡོད་ཀང་ཤེས་མཁན་ཉིན་མོའི་སྐར་མ་ལྟར་ཡིན་ པས་རྒྱས་པ་གཞན་དུ་བྲིས་ཟིན་ཏོ།།གཞན་ཡང་ཚིག་གསལ་ རབ་བེད་ཉེར་བཞི་པའི་ཐད་ལས་ཀང་འཁོར་ལོ་དང་པོ་བསྐོར་ རྒྱུའི་ཆོས་ཉིད་དེ་ཟབ་ཞིབ་སྤོས་བྲལ་ཡིན་པར་བཞེད་པ་ནི་དེ་ ཉིད་ལས། ཤེས་རབ་ཞན་པ་དག་གིས་ཀང་ཡང་དག་པར་འཛིན་ པར་མི་ནུས་པ། དེ་ཕིར་ཞན་པས་ཆོས་འདི་ཡི། །གཏིང་རྟོགས་ དཀའ་བར་མཁྱེན་གྱུར་ནས།།ཐུབ་པའི་ཐུགས་ནི་ཆོས་བསྟན་ ལས། །རབ་ཏུ་ལོག་པར་གྱུར་པ་ཡིན། །གང་གི་ཕིར་ཕིན་ཅི་ ལོག་ཏུ་བཟུང་བས། །སྟོང་པ་ཉིད་ཀི་མཚན་ཉིད་ཀི་ཆོས་འདིས་ 9

ཐེག་ཆེན་བཀའ་སྒྲུབ། ངག་གི་དབང་ཕྱུག ། ཤེས་རབ་ཆུང་བ་སྟེ། སེམས་ཅན་སྤོབས་པ་ཆུང་བ་ཕུང་བར་ བེད་པ་དེ་ཉིད་ཀི་ཕིར། བ་ན་མེད་པ་ཡང་དག་པར་རོགས་པའི་ བང་ཆུབ་ཏུ་མངོན་པར་རོགས་པར་སངས་རྒྱས་ནས། སེམས་ ཅན་ཐམས་ཅད་ཀི་ཁམས་དང་ཆོས་ཤིན་ཏུ་ཟབ་པ་ལ་གཟིགས་ ཏེ། ཞན་པ་དག་གིས་ཆོས་འདིའི་དོན་རྟོོགས་པར་དཀའ་བར་ མཁྱེན་པར་གྱུར་ནས་ཐུབ་པ་བཅོམ་ལྡན་འདས་ཀི་ཐུགས་ཆོས་ སྟོན་པ་ལས་ལོག་པར་གྱུར་པ་ཡིན་ནོ། །ཇི་སྐད་དུ། མདོ་ལས། དེ་ནས་བཅོམ་ལྡན་འདས་མངོན་པར་རོགས་པར་སངས་རྒྱས་ ནས་རིང་པོར་མ་ལོན་པར་འདི་སྙམ་དུ་དགོངས་ཏེ། ངས་ཆོས་ ཟབ་མོ་ཟབ་པར་སང་བ་བརྟག་པར་བ་བ་མ་ཡིན་ཞིང་། རྟོག་ གེའི་སྤོད་ཡུལ་མ་ཡིན་པ། ཞིབ་མོ་མཁས་ཤིང་མཛངས་པར་ རིག་པར་བ་བ་ཐུགས་ཆུད་དེ། དེ་གལ་ཏེ་ངས་གཞན་དག་ལ་ བསྟན་ན། གཞན་གིས་ངའི་དེ་རྟོགས་པར་མི་འགྱུར། དེས་ང་ ལ་གནོད་པར་འགྱུར་ཞིང་ཞུམ་པར་འགྱུར། ཐུགས་མི་སྤོ་བར་ འགྱུར་བས་གང་བདག་ཉིད་གཅིག་པུ་དགོན་པ་རབ་ཏུ་དབེན་ 10

ཐེག་ཆེན་བཀའ་སྒྲུབ། ངག་གི་དབང་ཕྱུག ། པ་མཐོང་བའི་ཆོས་ལ། བདེ་བ་ལ་རེག་པར་གནས་པར་རབ་ ཏུ་ཐོབ་པས་གནས་པར་བའོ། །ཞེས་བ་བ་རྒྱས་པར་གསུངས་ པ་ལྟ་བུའོ། །ཞེས་ཟླ་བ་གགས་པས་ཆོས་འཁོར་དང་པོ་བསྐོར་ བར་བསྐུལ་རྒྱུའི་ཆོས་ཉིད་ཟབ་མོ་དེ་ཉིད་མགོན་པོ་ཀླུ་སྒྲུབ་ཀི་ དགོངས་པ་དང་སྦར་ནས་འཆད་དོ། །དེ་ལྟར་མ་ཡིན་ན་སུ་ལ་ བསྟན་ཀང་མི་གོ་གསུངས་སྐབས་དེ་གསུངས་རོགས་ཤེས་ ཆོས་འཁོར་བསྐོར་བ་བསྐུལ་བ་དེ་འབྲེལ་མེད་འགྱུར་ཏེ། ཟབ་མོ་ སྤོས་བྲལ་དེ་གསུངས་པར་བསྐུལ་ནས། བསྐོར་རྒྱུ་རགས་པར་ ཐལ་བར་འགྱུར་རོ། །ད་དུང་འདི་ཡི་རྒྱབ་ལོངས་ཚད་ཐུབ་མང་ ཡང་གཞན་དུ་བཤད་ཟིན་པ་དང་འཆད་པར་འགྱུར་བས་འདིར་ དེ་ཙམ་མོ།།ཞེས་པ་འདི་ནི་ཆོས་འཁོར་དང་པོ་ལས་འཕོས་ཏེ་ ཉན་ཐོས་འཕགས་པས་སྤོས་བྲལ་མངོན་སུམ་དུ་རྟོགས་པའི་ རྒྱབ་ལོངས་སུ། སྟོན་པ་མཆོག་དང་ཐུགས་སས་ཀཱ་ཏྱཱ་ན་ཟུང་གི་ དགོངས་པ་ལྟར། ཀླུ་སྒྲུབ་ཟླ་གགས་ཡབ་སས་ཀིས་ཐེག་ཆེན་ བཀའ་སྒྲུབ་དང་སྦར་ཏེ། བོད་རབ་གནས་མེ་སྤེལ་དཔིད་ཟླ་ཐ་ 11

ཐེག་ཆེན་བཀའ་སྒྲུབ། ངག་གི་དབང་ཕྱུག ། ཆུང་གི་ཡར་ཚེས་བཅུ་གསུམ་མེ་གཉིས་འཕད་པའི་དགེ་བར་ ངག་གི་དབང་ཕྱུག་པས་ཚོགས་མི་ལྔ་བརྒྱ་ཅན་གི་པོད་ལྔའི་ གེང་སྟེགས་སུ་སྤིངས་སོ། །2016/4/19/18/35/35/ ༄། །ཐེག་པ་ཆེན་ཆུང་གི་སེ་སོད་ལས་ཆོས་ཉིད་ ཟབ་མོ་བསྟན་པའི་ཁུངས་གཞུང་སོ་སོ་ལ་ དངོས་སུ་སྦར་ཏེ་བཀོད་པ་ཀླུ་ ཐོགས་དགེས་པའི་ མཆོད་སྤིན། རོམ་སྒྲིག་པ། ངག་གི་དབང་ཕྱུག ། དེ་ཡང་འདུལ་བ་ཁ་པའི་ཤོག་གངས་༣༧་ལུང་གཞི་སྨན་གི་ གཞི་རྒྱལ་པོའི་ཁབ་ཀི་སེ་ཚན་ལས། དགེ་སོང་དག་ཁྱེད་དུས་ ལས་འདས་ཤིང་ཤི་བར་གྱུར་པ་རྣམས་དེ་བཞིན་གཤེགས་པ་ ལ་ཞུ་བ་ཞུ་བར་བེད་པ་ནི་དེ་བཞིན་གཤེགས་པ་ལ་ཐོ་འཚམ་ 12

ཐེག་ཆེན་བཀའ་སྒྲུབ། ངག་གི་དབང་ཕྱུག ། པ་ཡིན་ཏེ། དེས་ན་དེ་བཞིན་གཤེགས་པ་བདེ་བར་མི་འགྱུར་ རོ། །འོན་ཀང་སྐེ་བ་ཡོད་ན་འཆི་བའི་དུས་བེད་པ་ཡིན་ན་ངོ་ མཚར་ཅི་ཞིག་ཡོད། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་ རུང་མ་བྱུང་ཡང་རུང་ཆོས་རྣམས་ཀི་ཆོས་ཉིད་དང་ཆོས་གནས་ པ་ཉིད་དང་། ཆོས་ཀི་དབིངས་འདི་ནི་གནས་པ་སྟེ། དེ་བཞིན་ གཤེགས་པ་ཉིད་ཀི་མངོན་པར་མཁྱེན་པས་མངོན་པར་བང་ ཆུབ་ནས་གསུངས་ཏེ། འདོམས་པར་མཛད་རབ་ཏུ་འཇོག་པར་ མཛད་རྣམ་པར་འབེད་པར་མཛད། རྣམ་པར་འགེལ་བར་མཛད་ གསལ་བར་མཛད་འཆད་པར་མཛད། ཡང་དག་པར་རབ་ཏུ་ འཆད་པར་མཛད་པ་ཡིན་ཏེ། འདི་ལྟ་སྟེ། འདི་ཡོད་པས་འདི་ འབྱུང་། འདི་སྐེས་པས་འདི་སྐེ་བར་འགྱུར་ཏེ། འདི་ལྟ་སྟེ། མ་ རིག་པའི་རྐེན་གིས་འདུ་བེད་རྣམས། ཞེས་པ་ནས། དེ་ལྟར་ན་ སྡུག་བསྔལ་གི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འགག་པར་ འགྱུར་རོ། །ཞེས་ཉན་ཐོས་ཀི་སེ་སོད་ལས་ཆོས་ཉིད་དང་ཆོས་ དབིངས་ཟབ་མོ་གསལ་བར་གསུངས་ལ། གཞན་ཡང་འདུལ་ 13

ཐེག་ཆེན་བཀའ་སྒྲུབ། ངག་གི་དབང་ཕྱུག ། བ་ད་པའི་ཤོག་གངས་༢༣༩་ལུང་ཕན་ཚེགས་སོ་བརྒྱད་པ་སྟོན་ པ་དང་འདུལ་བ་བཤད་པ་ལས་ཀང་། དེ་བཞིན་གཤེགས་པ་ རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀི་ཆོས་ཀི་ ཚུལ་ནི་གནས་པ། ཆོས་ཀི་དབིངས་འདི་དག་ནི་ཆོས་ཉིད་ཀིས་ གནས་པ་སྟེ། དེ་བཞིན་གཤེགས་པ་ཉིད་ཀིས་མཁྱེན་ཅིང་ཡང་ དག་པར་ཐུགས་སུ་ཆུད་དེ། འཆད་ཅིང་རབ་ཏུ་འདོམས་པར་ མཛད། རབ་ཏུ་འཇོག་པར་མཛད། རྣམ་པར་འབེད་པར་མཛད། རྣམ་པར་གསལ་བར་མཛད། སྟོན་པར་མཛད། རབ་ཏུ་སྟོན་ པར་མཛད་པ་ནི་འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་། འདི་ སྐེས་པས་འདི་སྐེ་སྟེ། འདི་ལྟ་མ་རིག་པའི་རྐེན་གིས་འདུ་བེད་ རྣམས། ཞེས་པ་ནས། སྡུག་བསྔལ་གི་ཕུང་པོ་ཆེན་པོ་འབའ་ ཞིག་པ་འདི་འགག་པར་འགྱུར་རོ། །ཞེས་ལུང་གཞི་དང་མཐུན་ པར་ཉན་ཐོས་ཀི་སེ་སོད་འདི་ལས་ཆོས་ཉིད་དང་ཆོས་དབིངས་ ཟབ་མོ་འདི་གསལ་བར་གསུངས་སོ། །གཞན་ཡང་ཡུམ་འབུམ་ པ་ཀ་པའི་ཤོག་གངས་༡༢༧་ལེའུ་ང་གསུམ་པ་ཐོད་རྒལ་གི་ཐད་ 14

ཐེག་ཆེན་བཀའ་སྒྲུབ། ངག་གི་དབང་ཕྱུག ། ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་ རུང་ཆོས་རྣམས་ཀི་ཆོས་ཉིད་དེ་ནི་གནས་པ་སྟེ། ཆོས་ཉིད་དེ་ ནི་གནས་པ་སྟེ། ཆོས་ཀི་དབིངས་དེ་བཞིན་གནས་པའི་ཕིར། དེ་མྱི་སྐེ་མྱི་འགག་པས། ཞེས་པ་ནས། ཤེས་རབ་ཀི་ཕ་རོལ་ ཏུ་ཕིན་པ་ཡོངས་སུ་འཛིན་ཏོ། །ཞེས་ཉན་ཐོས་ཀི་སེ་སོད་ལས་ བྱུང་བའི་ཆོས་ཉིད་དེ་གཞིར་བཞག་ནས་ཤེར་ཕིན་གསུངས་ལ། ཡུམ་འབུལ་པ་པོད་ཐ་མ་སྟེ་ཨ་པའི་ཤོག་གངས་༡༣་པ་མཉམ་ པ་ཉིད་ཀི་ལེའུ་ལས་ཀང་དེ་དང་མཐུན་པར་འབྱུང་ངོ་། །དོན་དེ་ དང་མཐུན་པ་ཉི་ཁི་ག་པའི་ཤོག་གངས་༢༦༦་ལེའུ་ང་གཉིས་པ་ དང་། ཉི་ཁི་ང་པའི་ཤོག་གངས་༡༤༥་ལེའུ་རེ་གསུམ་པ་ལས་ ཀང་དེ་དང་མཚུངས་པ་འབྱུང་ཞིང་། ཁི་བརྒྱད་སྟོང་པ་ཀ་པའི་ ཤོག་གངས་༡༥༡་ཏིང་ངེ་འཛིན་གི་ལེའུ་སྟེ་བཅོ་ལྔ་པ་དང་། ཤེས་རབ་ཁི་པའི་ཀ་པའི་ཤོག་གངས་༣༡༢་ཕར་ཕིན་ཡོངས་སུ་ བསྡུ་བའི་ལེའུ་སྟེ་ཉེར་བདུན་པ་དང་། ཤེས་རབ་ཁི་པའི་ང་བའི་ ཤོག་གངས་༣༤༧་རང་བཞིན་གི་ལེའུ་སྟེ་སུམ་ཅུ་པ་ལས་ཀང་ 15

ཐེག་ཆེན་བཀའ་སྒྲུབ། ངག་གི་དབང་ཕྱུག ། དེ་རྣམས་ཇི་བཞིན་འབྱུང་ངོ་། །གཞན་ཡང་མདོ་སེ་ག་པའི་ཤོག་ གངས་༣༡༦་ཡེ་ཤེས་སང་བའི་རྒྱན་ལས། དེའི་ཕིར་དེ་བཞིན་ གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ ཀི་ཆོས་ཉིད་དང་ཆོས་གནས་པ་ཉིད་དང་ཆོས་ཀི་དབིངས་ འདི་ནི་གནས་པ་ཁོ་ན་ཞེས་བ་སྟེ། ཞེས་པ་ནས། འགག་པར་ མི་བེད་དོ། །ཞེས་འདུལ་བ་དང་ཤེར་མདོ་བཞིན་གསུངས་ལ། མདོ་སེ་ཅ་པའི་ཤོག་གངས་༥༦་དགོངས་འགེལ་འཇམ་དཔལ་ གི་ལེའུ་སྟེ་བཅུ་པ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་གནས་པར་བ་བའི་ཕིར་ ཆོས་ཉིད་དབིངས་གནས་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཉིད་ཀི་ རིགས་པ་ཡིན་ནོ། །ཞེས་གསུངས་ཤིང་། མདོ་སེ་ཅ་པའི་ཤོག་ གངས་༡༢༢་ལང་ཀར་གཤེགས་པའི་མདོ་མི་རྟག་པའི་ལེའུ་སྟེ་ གསུམ་པ་ལས། བོ་གོས་ཆེན་པོ་ཆོས་ཀི་དབིངས་གནས་པ་ནི་ དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། དེའི་ཆོས་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་མི་འགྱུར་བ་ 16

ཐེག་ཆེན་བཀའ་སྒྲུབ། ངག་གི་དབང་ཕྱུག ། ནི་གོང་ཁྱེར་རིང་པའི་ལམ་བཞིན་དུ་འདུག་གོ ། ཞེས་གསུངས་ ལ། མདོ་སེ་ཆ་པའི་ཤོག་གངས་༦་རྒྱན་སྟུག་པོ་བཀོད་པའི་ལེའུ་ ལས། འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་ བྱུང་ཡང་རུང་། ཆོས་རྣམས་ཀི་ཆོས་ཉིད་དང་ཆོས་གནས་ཉིད་ དང་། ཆོས་ཀི་དབིངས་དང་། ཆོས་སྐོན་མེད་པ་གཉིས་པོ་འདི་ ནི་དེ་བཞིན་གནས་པའོ། །ཞེས་གསུངས། མདོ་སེ་ཏ་པའི་ཤོག་ གངས་༡༩༨་མྱ་ངན་ལས་འདས་པའི་མདོ་ཡི་ལེའུ་བཅུ་གཉིས་པ་ འོད་སྲུང་གིས་ཡོངས་སུ་དིས་པ་ལས། སངས་རྒྱས་འཇིག་རྟེན་ དུ་བྱུང་ཡང་རུང་སྟེ། མ་བྱུང་ཡང་རུང་སྟེ། རྟག་ཏུ་གནས་ལ་མི་ འཇིགས་མི་འཕོ་བའོ། །ཞེས་གསུངས་སོ། །ད་དུང་མདོ་སེ་པ་ པའི་སྙིང་རེ་ཆེན་པོ་ངེས་པར་བསྟན་པ་དང་། མདོ་སེ་ཕ་བའི་ མ་དོས་པས་ཞུས་པ་དང་། མདོ་སེ་ཚ་བ་སཱ་ལུའི་ལང་པའི་མདོ་ དང་། མདོ་སེ་ཛ་པའི་སངས་རྒྱས་བགོ་བ་དང་། མདོ་སེ་ཝ་པའི་ དཀོན་མཆོག་སྤིན་དང་། མདོ་སེ་ཟ་བའི་དེ་བཞིན་གཤེགས་པའི་ སྙིང་པོའི་མདོ་དང་། ཕལ་པོ་ཆེའི་ག་བའི་ས་བཅུ་པ་དང་། དཀོན་ 17

ཐེག་ཆེན་བཀའ་སྒྲུབ། ངག་གི་དབང་ཕྱུག ། བརེགས་ཀ་པའི་གསང་བ་བསམ་གིས་མི་ཁྱབ་པའི་མདོ་དང་། དཀོན་བརེགས་ག་པའིབསམ་གིས་མི་ཁྱབ་པའི་ལེའུ་སྟེ་བཞི་པ་ དང་། དཀོན་བརེགས་ག་བ་སངས་རྒྱས་ཀི་ཞིང་གི་ཡོན་ཏན་ བཀོད་པ་ལས་ཀང་འདུལ་མངོན་བཞིན་དུ་འབྱུང་ངོ་། །གཞན་ ཡང་རྒྱུད་འབུམ་ཐ་པའི་ཤོག་གངས་༡༣༨་རྣམ་སང་མངོན་བང་ ལས། འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་ བྱུང་ཡང་རུང་། ཆོས་རྣམས་ཀི་ཆོས་ཉིད་དེ་ནི་ཡེ་ནས་གནས་ པ་སྟེ། དེ་ཡང་འདི་ལྟར་གསང་སྔགས་རྣམས་ཀི་གསང་སྔགས་ ཀི་ཆོས་ཉིད་དོ། །ཞེས་མདོ་སེ་དང་འདུལ་བ་བཞིན་དུ་གསང་ སྔགས་འདི་ལས་ཀང་ཐེག་པ་གསུམ་གས་ཆོས་དབིངས་འདི་ བཤད་པ་ལ་ཁྱད་པར་མེད་པར་གསུངས་སོ། །གཞན་ཡང་ བསྟན་འགྱུར་རྒྱུད་བ་མའི་ཐོགས་འགེལ་དང་སོགས་མདོ་འགེལ་ ཁག་དང་། དི་མེད་འོད་སོགས་རྒྱུད་འགེལ་ཁག་ལས་ལུང་འདི་ འད་བ་སུམ་ཅུ་བརྒལ་བ་ཡོད་པས། འཁོར་ལོ་དང་པོའི་སྐབས་ ཀི་གནས་ལུགས་ཕ་མོ་ལ་ཉན་ཐོས་སེ་པས་འགེལ་མ་ནུས་པའི་ 18

ཐེག་ཆེན་བཀའ་སྒྲུབ། ངག་གི་དབང་ཕྱུག ། གནད་ཀླུ་སྒྲུབ་དང་ཟླ་གགས་དང་བཅས་པའི་ལེགས་བཤད་ཟབ་ མོ་རེ་བ་མས་ཐེག་ཆེན་གི་ལྟ་བ་འགེལ་ཚུལ་འདི་ནི་ངོ་མཚར་ རྨད་དུ་བྱུང་བའོ། །ངག་གི་དབང་ཕྱུག་པས་མགོན་པོ་ཀླུ་སྒྲུབ་ དང་ཟླ་བ་གགས་པ་ནས་ལྟ་བ་འགེལ་ལུགས་རྨད་དུ་བྱུང་བ་དང་ འབྲེལ་ཏེ་ཐེག་ཆེན་བཀའ་སྒྲུབ་འདི་ཟིན་བྲིས་སུ་བཏབ་པའོ། ། ཐེག་ཆེན་བཀའ་སྒྲུབ། ངག་གི་དབང་ཕྱུག །