Jump to content

ཐུགས་བསྐྱེད་

ཡོང་ཁུངས་Wikipedia

ཐུགས་བསྐྱེད་ཅེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ཐོབ་པར་དམ་བཅའ་བའི་ལྷག་བསམ་མཆོག་གི་སེམས་བསྐྱེད་པ་ལ་ཟེར།

དམིགས་པ།

[རྩོམ་སྒྲིག]

"ནམ་མཁའ་དང་མཉམ་པའི་སེམ༷ས་ཅ༷ན་ཐ༷མས་ཅ༷ད་བདེ༷་བ་མཆོག་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་མཛ༷ད་པའི༷་བྱང་ཆུབ་མཆོག་ཏུ་ཐུག༷ས་བསྐྱེད༷་པ་"[]ཞེས་གསལ་བ་ལྟར། ཐུགས་བསྐྱེད་ནི་གཞན་དོན་ཇི་ལྟར་སྒྲུབ་ཐབས་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྦྱོར་བས་སེམས་ཅན་ལ་ཕན་པ་དཔག་ཏུ་མེད་པར་མཛད་པའི་དགེ་བའི་རྩ་བ་རྒྱ་མཚོ་ལྟ་བུ་འཐོབ་པར་མཛད་དོ། །

"བསམ་པ་སེམས་ཅན་ཐམས་ཅད་བདེ་མཛད་པའི་ཐུགས་བསྐྱེད་པའི་དགེ་བ་རྒྱ་མཚོ་"[]ཞེས་འབྱུང་བ་ལྟར། ཐུགས་བསྐྱེད་པའི་བསམ་པ་ནི་སེམས་ཅན་ཐམས་ཅད་ལ་བདེ་བ་སྒྲུབ་པའི་འདུན་པ་དང་ལྡན་པ་ཞིག་ཡིན། འདི་ནི་ང་རྒྱལ་དང་ངོམས་ཆོས་སུ་མི་འགྲོ་ཞིང་ཚེགས་ཆུང་ལ་བསོད་ནམས་རྒྱ་ཆེན་པོ་མྱུར་དུ་འགྲུབ་པའི་མན་ངག་ཡིན་པས་གཞན་གྱི་དགེ་རྩ་མཐོང་ཐོས་གང་ཡོད་ལ་བསྒོམ་པར་བྱ་དགོས་གསུངས་སོ། །

དབྱེ་བ།

[རྩོམ་སྒྲིག]

སྨོན་སེམས། "བྱང་ཆུབ་ཏུ་སྨོན་པའི་སྒོ་ནས་སེམས་བསྐྱེད་པའི་སྨོན་སེམས་དེ་སྤྱོད་པ་ཉམས་ལེན་ལ་ནན་ཏན་དང་བྲལ་ཡང་སངས་རྒྱས་ཉིད་ཀྱི་རྒྱུ་ཡིན་པས་སེམས་བསྐྱེད་དེ་ལས་ནི་མཐར་ཐུག་བྱང་ཆུབ་ཆེན་པོ་འབྱུང་"[]ཞེས་གསུངས།

འཇུག་སེམས། "ཇི་ལྟར་སྦྱིན་སོགས་ཉམས་སུ་ལེན་པའི་ནན་ཏན་དང་བཅས་པའི་འཇུག་པའི་སེམས་བསྐྱེད་ལས་རྒྱུ་བསོད་ནམས་དགེ་བའི་ཚོགས་བར་མ་ཆད་པ་རྒྱུན་ཆགས་སུ་འབྱུང་"[]ལ་ཟེར།

ཐུགས་བསྐྱེད་བླང་ཚུལ།

[རྩོམ་སྒྲིག]

ཤེས་བྱ་བསྡུར་ཁུངས་ཀྱི་སྒོ་ནས། "བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་སློབ་དཔོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་སྐྱེད་པར་མཛད་དུ་གསོལ་ཞེས་ལན་གསུམ་གྱིས་གསོལ་བ་གདབ་བོ། །"[]ཞེས་འབྱུང་བ་ལྟར་ཐུགས་བསྐྱེད་སྐབས་སློབ་དཔོན་གྱི་དྲུང་དུ་གསོལ་བ་ལན་གསུམ་གདབ་དགོས།

རིམ་གྱི་སྒོ་ནས། "སེམས་ཅན་ཐམས་ཅད་ལ་བྱམས་པ་སྒོམ། དེའི་སྡུག་བསྔལ་ལ་སྙིང་རྗེ་སྐྱེད། དེ་ལས་སྐྱོབ་ནུས་པ་སངས་རྒྱས་ལས་མེད་པས་བདག་གིས་དེ་ཐོབ་པར་བྱས་ཏེ་སྡུག་བསྔལ་ལས་བསྐྱབ་བོ་"[]ཞེས་གསལ་བ་ལྟར་སྔོན་དུ་བྱམས་པ་དང་སྙིང་རྗེ་སྒོམ་ཞིང་། དེ་ནས་སངས་རྒྱས་ཀྱི་ས་ཐོབ་པར་དམ་བཅའ་བའི་སེམས་བསྐྱེད་དགོས།

ཕན་ཡོན།

[རྩོམ་སྒྲིག]

ཐུགས་བསྐྱེད་རང་ཉིད་ཀྱི་ཕན་ཡོན། "ཐུགས་བསྐྱེད་པའི་ཚེ་སྐད་ཅིག་རེ་རེར་འབྱུང་བའི་དགེ་བའི་རྩ་བ་ཡང་མཐའ་དང་གཏིང་མི་དཔོག་པ་རྒྱ་མཚོ་ལྟ་བུ་འབྱུང་བ་དེ་དང༌། སྦྱོར་བ་ཁྱད་པར་ཅན་ཕར་ཕྱིན་དྲུག་དང་བསྡུ་བཞི་སོགས་ཀྱི་སྤྱོད་པ་ཉམས་སུ་ལེན་པའི་བྱ་བ་ཁྱད་པར་ཅན་གྱིས་དངོས་སུ་ཟིན་པའི་འཇུག་པ་སེམས་བསྐྱེད་ཀྱི་སྒོ་ནས་སེམས་ཅན་ཐམས་ཅད་ལ་དངོས་སུ་ཕན་པ་དང་བདེ་བ་སྐྱེད་པར་མཛད་"[]ཞེས་གསལ་བ་ལྟར་ཐུགས་བསྐྱེད་ཀྱི་སྐད་ཅིག་རེ་རེ་ལ་ཡང་རྒྱ་མཚོ་ལྟ་བུའི་དགེ་བའི་རྩ་བ་འབྱུང་ངོ་། །

བསྡུས་དོན།

[རྩོམ་སྒྲིག]

ཐུགས་བསྐྱེད་ཞེས་པ་ནི་ཆོས་ཕྱོགས་ཀྱི་ལས་རྩ་གལ་ཆེ་ཤོས་ཀྱི་གཅིག་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་དམ་བཅའ་བའི་ལྷག་བསམ་དམ་པའི་སེམས་བསྐྱེད་པ་ཞིག་ཡིན། འདི་ལ་སྨོན་པའི་སེམས་དང་འཇུག་པའི་སེམས་གཉིས་སུ་དབྱེ་ཞིང་། སྔོན་དུ་བྱམས་སྙིང་རྗེ་སྒོམ་ཞིང་སློབ་དཔོན་གྱི་སྨད་དུ་བླང་དགོས། ཐུགས་བསྐྱེད་ཀྱི་ཕན་ཡོན་ནི་རྒྱ་མཚོ་ལྟ་བུ་ཡིན་པས་ཐེག་པ་ཆེན་པོའི་གཙོ་བོར་གྱུར་པ་ཞིག་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༡༦༨
  2. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༤༤
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། ༦༦
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། ༦༦
  5. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༦༡
  6. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༦༡-༦༢
  7. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། ༡༥༢